CLOSE WINDOW

N2549: khrus kyi cho ga'i rim pa
Wyliee-texts based on the ACIP/ALL Input

ཀྱི་ཆོ་ག། སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།། །།སྔོན་ཚེ་བདེ་གཤེགས་ཕོ་བྲང་སྤྱན་སྔ་རུ། །གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི། །རྗེས་མཐུན་འཕྲིན་ལས་ཁྱད་པར་གང་བསྒོ་བ། །དམ་བཅས་ཕྲིན་ལས་དེ་ནི་རྗེས་དགོངས ་ལ། །དེ་ཕྱིར་བགེགས་དང་ལོག་འདྲེན་ཚར་གཅད་ཅིང། །འགྲོ་བ་འདི་ལ་རྗེས་སུ་གཟུང་བའི་ཕྱིར། །སྡུག་བསྔལ་དེས་བསལ་བདེ་མཆོག་འབྱོར་པ་པོ། །ཁྲོ་རྒྱལ་ཁྱོད་ཀྱིས་དེ་རིང་བྱིན་བརླབས་མཛོད། །ཁྲུས་ཀྱི་སྐྱེས་བུ་ལ་དང་པོར་བདུད་རྩི་ཐབ་སྦྱོར་གྱི ་སྔགས་ལན་གསུམ་བརྗོད་པས་བསྐྲད། །ད་ནས་རྡོ་རྗེ་ཁུ་ཚུར་གྱི་སྔགས་ལན་བདུན་ནམ། གསུམ་བརྗོད་པས་བདུག་།དེ་ནས་ཡུངས་ཀར་ལ་པྲ་ཙ་ཏ་ཞེས་པ་དང། དྷ་ར་དྷ་ར་ཞེས་བྱ་བའི་སྔགས་ལན་གསུམ་བཟླས་ལ་གཏོར་རོ། །དེ་ནས་ཆུའི ་ཁྲུས་དང། བྱ་བ་དང་བསྲུང་བ་རིམ་པ་བཞིན་དུ་བྱའོ། །དེའི་རྗེས་ལ་རྡོ་རྗེ་གོ་ཆ་དང། བསྲུང་བ་ཆེན་མོའི་སྔགས་དང་ཕྱག་རྒྱས་རིམ་བཞིན་དུ་བསྲུང་ངོ། །དེའི་རྗེས་ལ་སྙིང་ག་དང་སྤྱི་བོར་ཕྱག་རྒྱ་བསམས་ལ་རྡོ་རྗེ་གཏུག་གོ། །ོཾ་པྲ་ཙ་ཊ་ཀུ་བི་ཏ ་སངས་ཏི། ཨུཀཤི་པི་བདྷཝ་ན་དྷ་ར་ནི། དྷ་ར་དྷ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ན་མོ་རད་ན་ཏྲ་ཡ་ཡཱ། ན་མཥཙཎྜ་བཛྲ་ཀྲོ་དྷ་ཡ། མཧཱ་བིད་དྷ་སྱ། མཧཱ་བིད་དྷ་ར་ཙཱ་ཡ། ཏདྱ་ཐཱ། དྷ་ར་དྷ་ར་མ་ཧ་ཀྲོ་དྷ། མུ་རུ་མུ་རུ། སརྦ་བིགྷཱ་ནཱཾ་བི་ནཱ་ཡ་ཀ། མ་ཐཱ་མ་ཐཱ། པྲ་ཧ་? ་ར། སརྦ་དུཥྚ?་ན་ཡནྟྲ་ཀ་བ་ཏ་ན། བི་ནཱ་ཤ་ཡ་བྷསྨི་ཀུ་རུ་ད་ཧ་ད་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ། ནིར་མ་ཐ་ནིར་མ་ཐ་མཧཱ་ཀྲོ་དྷ་ཛ་ཡ་ཛ་ཡ། སརྦ་དུཥྚན་པ་རི་ཀ་ཛཝ་ལ་ཛཝ་ལ་སྭཱ་ཧཱ། ཨོཾ་བཛྲ་ཛཝ་ལ་ནཱ་ཡ་སྭཱ་ཧཱ། ཆེ་གེ་མོ་སརྦ་བིགྷཱ་ནེ། ཤཱན་ཏི་བེ?་ཀུ་རུ ་སྭཱ་ཧཱ། སརྦ་བྱི་ཏ་བྷཡ:། སརྦ་ཨུ་པ་ཏྲ་བྷཡ(རྒྱུད་འགྲེལ་བིགྷཱ་ནི་ཨ་པ་ན་ཡེ་སྭཱ་ཧཱ། སརྦ་བྱ་ཏི་བྷཡ:། འདྲེའོ། །ོཾ་བཛྲ་ཛཝ་ལ་ན་ཡེ་སྭཱ་ཧཱ། ཆེ་གེ་མོ་སརྦ་བི་ག་ཧེ་ན་རཀཤ་རཀཤ་སྭཱ་ཧཱ།། །།སརྦ་བྱ་ཏི་བྷཡེ:། ཀུ་ལ་བྷཡ་རི་བར་དུ་འདྲེའོ། ཆུ་ཁྲུས་དང། བྱབ་པ་དང། བསྲུང་བའོ ་བསྲུང་བ་ཆེན་པོ་རྣམས་ནི་མི་འཇིགས་པ་གསེར་གྱི་མདོག་ཅན། གོས་དཀར་མོ་གྱོན་པ་དབྱུག་པ་ཐོགས་པའོ། །འཇིགས་པ་ཐམས་ཅད་མེད་པ་ཁ་དོག་དཀར་མོ་རལ་གྲི་ཐོགས་པའོ། །གདུལ་བཀའ་མ་ནི་གོས་དམར་མོ་གྱོན་པ ་དཀྱིལ་འཁོར་ལ་ལྟ་བའོ། །མ་ཐུལ་མ་ནི་ཁ་དོག་ནག་མོ་ཁྲོ་གཉེར་གཉེར་བ་སྨད་གཡོགས་ནག་པོ་གྱོན་པ་འཇིག་རྟེན་གྱི་ཁམས་རང་གི་འོད་ཀྱི་སྣང་བས་འབར་བར་བྱེད་བ་དབྱུག་ཏོ་ཐོགས་པའོ། །ཙ་པ་སཀཤ། ཕྱག་རྒྱ་ནི་? ་པོ་ཁོང་སྟོང་དུ་སྦྱར་བ་ལས། མཛུབ་མོ་གཉིས་དང་གུང་མོ་གཉིས་ནང་དུ་བཀུག་སྟེ་མཐེ་བོ་གཉིས་དང་སྲིན་ལག་གཉིས་མཐེ་ཆུང་གཉིས་བསྒྲེང་བའོ། །སྔགས་ལ། །ན་མ(རྒྱུད་འགྲེལ་བི་ཤྭ་མུ་ཁེ་བྷཡ། སརྦ་ཐཱ་ཧཾ་ཁཾ་རཀྵ་རཀྵ་མཧཱ་བ་ལེ། སརྦ་ཏ་ཐཱ་ག་ཏེ་སྤུ་ཎ་ནིར་རྫ་སྟེ་ཧཱུཾ་ཧཱུཾ། ཏ་ཊ་ཏྲ་ཊ། ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གྱི་སྔགས་ལ། ཨོཾ་བཛྲ་ད་མ་ད་མ་ཧཱུཾ། སཕོ་ཊ་ཡ་བྷཾ་སྨི་ཀུ་རུ་ཧཱུཾ་ཕཊ་སྭཱ་ཧཱ། བསྐོར ་བ་དང། བདུག་པ་དང། ཆུའི་ཁྲུས་དང། བྱབ་པ་དང། བསྲུང་བ་རིམ་པ་བཞིན་དུ་བྱའོ། །ཁྲུས་ཀྱི་ཆོ་གའི་རིམ་པ་རྫོགས་སོ།། (།།རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མན་ངག་བཞུགས་སོ།།) ་