CLOSE WINDOW

N2547: las kyi thabs zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ལོ་ཙ་བ་དཔའ་མཉྫུ་ཤྲཱི་བ་རྨས་བསྒྱུར་བའོ།། (།རྡོ་རྗེ་རྣམ་པར་འཇོམས་པའི་ལས་ཀྱི་ཐབས་ཞེས་བྱ་བའི་མན་ནག་བཞུགས་སོ།།)་།རྒྱ་གར་སྐད་དུ། ཨུ་པ་ཡ་ཀརྨ་ནཱ་མ། བོད་སྐད་དུ། ལས་ཀྱི་ཐབས ་ཞེས་བྱ་བ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཅན་རྣམས་རྒྱལ་འགྱུར་བའི། །རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ། །རྡོ་རྗེ་རྣམ་པར་འཇོམས་པ་ཡི། །གཟའ་སྐར་བྱད་སྟེམས་ཟློག་པ་བཤད། །བྱང་ནི་མཁའ་འགྲོ་ལ ་སོགས་པའི། །རིག་སྔགས་གང་ཡིན་དེ་ཡི་མཐུས། །རྣལ་འབྱོར་གསོད་པ་སྟེམས་པ་སྟེ། །དེ་བཟློག་རིག་སྔགས་གཅད་ནན་བཞིན། །གང་དག་གཟའ་སྐར་བཙས་པ་འམ། །དེ་ལ་བབ་ནས་ལས་ངན་ལ། །འདི་བྱས་གནོད་པ་མེད་པར ་འགྱུར། །དཀྱིལ་འཁོར་བརྒྱད་དམ་བཞི་པ་ལ། །ཡང་ན་གཅོད་བྱེད་མེད་པ་ལ། །གཟའ་བརྒྱུད་རྒྱུ་སྐར་གཟུགས་རྣམས་ནི། །ལྷ་ཡི་སྣམ་བུར་དགོད་པར་བྱ། །གཏོར་མ་མཆོད་པ་དེ་དག་མཚུངས། །བུམ་པ་ལྔ་འམ་བཅུ ་གསུམ་འམ། །གཅིག་པ་ཐམས་ཅད་བཤམ་སྟེ་གཞག། དེ་ནས་ཁྲུས་བྱས་བསྲུངས་ལྡན་པས། །བཅུ་གསུམ་ལྔ་འམ་དཔའ་བོ་ཅིག། སྐྱེད་རྫོགས་དེ་དག་འདྲ་ཤེས་བྱ། །གཟའ་རྣམས་གྲ་ལས་ནག་པོ་ཆེ། །བུམ་པ་རྩེ་གསུམ་ཐོགས་པའོ། །རྒྱུ་སྐར་འོད ་ཞོན་བུམ་པ་དང། །གློག་ཕྲེང་ཐོགས་སྒྱེད་སྦྱན་དྲངས་ནས། །བསྟིམས་ཏེ་མཆོད་པ་བྱས་ནས་ནི། །རྡོ་རྗེའི་གཟུངས་སྔགས་འདི་དག་ལ་ནི། ཨོཾ་ཨ་སྟ་ན་གྲ་གྲ་ཧ་ཧེ་རྣཾ་ན་གྲ་ཨ་སྟ་དྷ་དྷ་ར་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་དང་ལྡན་པས་བཟླས་པ་ཡིས། །ནུས་པ ་ཀུན་ཏུ་བྱས་བསམས་ཤིང། །བཀའ་ཡི་བདེན་པ་བསྒྲགས་བྱས་ཏེ། །མཆོད་ནས་དེ་དག་མཁའ་ལ་གཤེགས། །བུམ་པས་ཕྱི་བཞིན་ཁྲུས་བྱས་ན། །དེ་དག་ལས་ནི་ཐར་བར་འགྱུར། །དེ་ནས་གཞན་ཡང་ལས་རྣམས་ནི། །རྒྱས་པར་འགྲེལ་དང་སྒྲུབ་ཐབས ་ཏེ། །སོ་སོར་སྦྱར་ན་འདི་དག་ཡིན། །དཀྱིལ་འཁོར་རྫས་དང་ཡོ་བྱད་དང། །ལྷ་དང་སྔགས་ནི་སོ་སོ་ལ། །མཁས་པས་དེ་བཞིན་སྦྱར་བར་བྱ། །ཕྱག་འཚལ་ལ་སོགས་ཀུན་ལ་སྦྱར། །དང་པོར་བདག་དོན་མི་ཆོད་སོགས། །བདུན་གྲུབ་འདོད་ནས་སརྦ་བིད།། ་དེ་ལ་སོགས་པ་བདུན་སྦྱར་རོ། །གཞན་དོན་ལས་བདག་བཤད་པ་ཡིན། །སེམས་ཅན་ཐམས་ཅད་སྐྲག་པ་ལ། །ཏྲ་ཊ་ལ་སོགས་རྣམ་པར་ཤེས། །འཇིལ་ལས་སརྦ་ཏ་ཐཱ་སོགས། །རིག་སྔགས་གཅོད་ལ་ཆིན་ད་སོགས། །གནོན་ལ་བནདྷ་ཡ་སོགས་ཡིན ་ལས་རྣམས་འཇོམས་ལ་ཧེ་སོགས་སྦྱར། །ལས་འཇིག་པ་ལ་ཀྱི་ལི་སོགས། །གདོན་བརླག་པ་ལ་སཱ་ད་ནི། བྷུ་ཏ་ལ་སོགས་དེ་བཞིན་ནོ། །དེ་ལས་ཐར་ལ་ཙ་ར་སོགས། །དགུག་ལ་?་ལ་སོགས་པའི། །ལས་བྱེད་པ་ལ་ཙུ་རུ་སོགས། །མ་གྲུབ་གྲུབ ་བྱེད་ཨེ་ཏེ་སོགས། །གྲུབ་པ་བརྟན་ལ་མ་ཏི་སོགས། །དེས་པར་སྦྱར་བས་འགྲུབ་པར་འགྱུར། །གནོད་སྦྱིན་ནམ་པ་ལ་སོགས་ཡིན། །སྲུང་ལ་མ་ན་སོགས་ངེས་པར་བྱ། །ཞི་ལ་ཏི་ཏི་ལ་སོགས་སོ། །རྒྱས་ལ་ཏེ་ཛ་ལ་སོགས་ཏེ། །རེངས་ཤིར་གསོད་ལ ་ཨ་མུ་སོགས། །རྨུགས་ལ་བན?་སོགས་སྦྱར་ཏེ། །ཏིང་འཛིན་ལ་སོགས་པས་བར་སྦྱར། །དེ་དག་འགྲུབ་པ་རྒྱལ་བས་གསུངས། །ཡང་ན་བསྡུས་པ་འདི་ལ་སྟེ། །སེམས་ཅན་སྐྲག་པར་བྱ་བས་ན། །རྨུགས་པའི་བར་དུ་བཅོ་ལྔ་ལ། །ཧ ་གནས་ནི་ཧཱུཾ་ཕཊ་བར། །བཅོ་ལྔ་མཁས་པས་རིམ་བཞིན་སྦྱར། །གཞན་ཡང་ལས་རྣམས་དག་ནི་འདི་ལྟ་སྟེ། །སྡིག་སྦྱར་བ་ལ་སརྦ་པཱ་པའོ། །གཤགས་དང་དག་བསམ་དེ་བཞིན་བྱ། །དུ(རྒྱུད་འགྲེལ་ཤྲི་མ་དེ་བཞིན་?་པར་སྦྱར།། དབང་པོ་ཉམས་ཕྱིར་ཨིན་དྲ་པུ་ཤ་ཡ། །ཚེ་ཆད་སྲིད་བ་ཨཱ་ཡུད་དེ་སྟེ། ཆོ་ཉམས་རྒྱས་ལ་ཨཱ་ཡུ་པུཥྚ་ལའོ། །གྱུར་ལས། མ་བ་ཏི་ཡང་ངེས་བར་བྱ། །ལྷ་རིང་བ་ལ་དེ་བ་ཨུ་ཡོའོ། །མཛའ་ལྡང་བ་ལ་པྲེ་དག་བྲི་ཡང་བྱ། རིགས ་བཞིས་གཙེས་ལ་ཙོ་ཏུར་ཀུ་ལ་དང། །ཤཱན་ཏིང་ཀུ་རུ་བྲི་ཡ་དེས་ཞེས་བྱ། །འཁྲུག་ལ་མན་ཨ་ཤ་ཨ་ཀའི་འོ། །ནོར་ཟད་ཨརྦ་ས་ར་ན་དྷེའོ། །མྱ་ངན་ལས་བྱུང་ཨ་ཤོང་པ་ཡིའོ། །འཇིགས་པ་ཨ་ཤན?་ཡཾ་ཤཱནྟ་ཏ་དེ་སྟེ། །ཕོངས་ལ་ཨ ་ཤར་ཡང་སྦྱར་བར་བྱ། །གཟའ་ལ་སོགས་པ་གོང་བཞིན་འདིར་ཤེས་ཏེ། །གདོན་ལ་དེ་ཤ་ཨ་ཤ་ཨུ་ཙ་ཏ་ཡའོ། །མྱ་ངན་དེ་བཞིན་ཨ་ཤོ་སུ་དྷ་ཡ། །རྨི་ལམ་ངན་དྷ་ར་བནདྷ་ཀ་ར་སྟེ། །མཛེ་ལ་ཀོ་ར་པྲི་མོ་ཀ་ཡེའོ། །བསོད་ནམས་འཕེལ་ཕྱིར ་ཕུ?་ཕྱར་དྷ་ཡ་བཟླས། །འབྱོར་ལ་མཁས་པས་མི་འགྲུབ་གང་ཡང་མེད། །ཀུན་ལ་ཁྲུས་སོགས་རབ་ཏུ་སྔགས་པ་ཡིན། །རྣལ་འབྱོར་གཅེས་སྦྲ་ལྡན་པས་བསྒྲུབས་ན་འགྲུབ། །དེ་མིན་བྱས་ན་ལྷ་ནི་མི་འགྲུབ་པས། །དེ་ཕྱིར་ལུས་?་བྱ་བ་དག ་ལ?་བད་བར་བྱ། །འདི་བྱས་བསོད་ནམས་སེམས་ཅན་ཀུན་ལའོ། །རྡོ་རྗེ་རྣམ་པར་འཛོམས་པའི་མན་ངག། ལས་ཀྱི་ཐབས་ཞེས་བྱ་བ་སློབ་དཔོན་གྲུབ་པ་ཆེན་པོ་བུདྡྷ་གུ་ཧཡ་ས་མཛད་པ་རྫོགས་སོ།། །།འཕགས་པ་རྡོ་རྗེ་རྣམ་པར ་