CLOSE WINDOW

N2546: 'phags pa rdo rje rnam par 'joms pa zhes bya ba'i gzungs kyi gtor ma'i cho ga'i rim pa zhes bya ba
Wyliee-texts based on the ACIP/ALL Input

གཅིག་པ་ཞེས་བྱ་བ་མཁས་པ་ཆེན་པོ་སངས་རྒྱས་གསང་བས་རིགས་ཅན་དུ་མཛད་པ་རྫོགས་སོ།། །།མཁན་པོ་དེ་ཉིད་དང། ལོ་ཙ་བ་དབའ་མཉྫུ་ཤཱི་ཝ་རྨས་བསྒྱུར་བའོ། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པི་དཱ་ར་ཎ་ནཱ་མ་དྷ་ར་ཎི་བ་ལི་བི? ་དྷི་ཀྲ་མ་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་གཏོར་མའི་ཆོ་གའི་རིམ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དོན་རྣམས་མ་ལུས་རབ་མཛད་པའི། །རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ། །རྣལ་འབྱོར ་ཀུན་ལ་ཕན་བསྐྱེད་པའི། །གཏོར་མའི་ཆོ་ག་མདོར་བསྡུས་བཤད། །བད?་གཅང་ཞི་དང་ཚོགས་བསག་དང། །འདོད་པ་ཐམས་ཅད་རབ་སྒྲུབ་ཕྱིར། །ཟླ་བ་ཞག་དང་ཐུན་མཚམས་ལ། །ཡོ་བྱད་ཅི་འབྱོར་གཏོར་མ་གཏད། །གཏོར་མའི་ཆོ་ག་རྒྱས་པ་ནི། །བླ་མས་གཡོས་ཡིག ་གསུམ་ལྟར་བྱས། །རྣལ་འབྱོར་དོན་ཕྱིར་བསྡུས་པ་འདི། །བདག་བྱས་ཆོ་གས་ཀུན་ལ་འགྲོ། །དེ་བས་སོ་སོའི་ལྷ་ཚོགས་དང། །ཞི་སོགས་གང་འདོད་ལྷ་ཚོགས་བསྒྱུར། །མདུན་དུ་མཎྜལ་ལེགས་བྱས་ཏེ། །ཕྱོགས་སྐྱོང་བགེགས་ལ་མེ་ཏོག་དབུལ། །རྒྱལ་ལ་སོགས ་པ་དེ་བཞིན་ཏེ། །ཁྲི་སྟེངས་རིན་ཆེན་སྣོད་གཙང་མ། །འབྲས་ཆན་ཁུར་བ་ཤ་སོགས་པའི། །གཏོར་མ་གསུམ་མམ་གཅིག་དག་སྟེ། །མཆོད་ཡོན་མཆོད་པ་ལྔ་བཅས་པའོ། །སྔགས་པ་ཁྲུས་བྱས་གོས་གཙང་ཀྱོན། །ཡི་དམ་ལྷར་གནས་བགེགས་བསལ་ནད ་ཡང་སྙིང་གིས་སམ་ཡིག་གསུམ་གྱིས། །བདུད་རྩིར་བྱིན་བརླབས་ཡིག་གསུམ་གྱིས། །དེ་ཡི་སྔགས་དང་ཕྱག་རྒྱ་སྡེ། །དེ་ནས་དགུག་བྱེད་ཕྱག་རྒྱ་དང། །ཛཊི?་པ་ཡིས་ཕྱོགས་སྐྱོང་བགེགས། །བཀྲ་ཤིས་ལྷ་མོ་བཅས་ཏེ་དགུག་།མེ་ཏོག་བསྟན་ལ་རབ་གཞག་ནས། །ཡུམ་གྱི་རྒྱས་གདབ ་དམ་ཚིག་བསྟན། །བསང་གཏོར་མཆོད་ཡོན་མཆོད་ལྔ་དབུལ། །དེ་ལས་ལག་གཡས་སྙིང་གར་གཏང། །གཡོན་པ་རྩེ་གསུམ་གཏོར་མར་བསྟན། །སེ་གོལ་བརྡབ་ཅིང་དང་སྔགས་དབུལ། །ོཾ་བཛྲ་ཨཱ(རྒྱུད་འགྲེལ་ནུཏཔནྣ་ཏྭ་ཏྲ། ད་ཤ་དི་ཀློ་ཀ་པཱ་དྷྲིག་།སརྦ་བིགྷ་ནཱཾ། མཾ་ག་ལ་དེ་བི་ཨཥྚ། ས་པ་རི་པཱ་རཾ། བ་ལི་པཱུ་ཛ་ཁ་ཧི། མ་མ་སརྦ་ཀརྨམཱ་སཏྱ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ལན་གསུམ་བརྗོད་ལ་གཏོར་མ་དེ། །བདུད་རྩི་འདོད་ཡོན་ལྔ་ལྡན་པར། །རྡོ་རྗེ་ཞལ་?? ་སྔགས་ཀྱིས། །དྲངས?་པས་སྦྱིན་པ་གཉིས་རྫོགས་བསམ། །སྦྱིན་པ་གཉིས་རྫོགས་ཚིག་ཀྱང་བརྗོད། །དབང་པོ་རྡོ་རྗེ་འཆང་སོགས་ཀྱིས། །ཕྱོགས་སྐྱོང་དག་ལ་བསྟོད་པ་བྱ། །བགེགས་ལ་བཀའ་སྒོ་ལྷ་མོ་ལ། །བཀྲ་ཤིས་གསོལ་གདབ་ ་ཀུན་ལ་ཡང། །ཞི་བ་ལ་སོགས་གང་འདོད་ཞུ། །མཆོད་པས་མཆོད་དེ་སེ་གོལ་སྒྲ། །ཡི་གེ་བརྒྱ་པ་མུ(རྒྱུད་འགྲེལ་པོ་མཉེས། །དེ་བས་ཁྱི་བྱ་དག་ལ་མིན། །འདི་ནི་གང་འདོད་ལས་འགྲུབ་སྟེ། །རང་གི་ལས་ཞེས་གསུངས་པ་ན། །འབད་དེ་སྒྲུབ་ཀུན་ཞུགས་པ་ཡི། །རྣལ་འབྱོར་པ་ཡིས་ཀུན་བྱས་ནས། །དངོས་གྲུབ་རྣམ་གཉིས་གྲོགས་སུ་འགྱུར། །སངས་རྒྱས་གསང་བ ་བདག་གིས་ནི། །འཇམ་དཔལ་གོ་ཆས་གསོལ་བཏབ་ནས། །གཏོར་མའི་རིམ་པ་བསྡུས་པ་ཡིས། །དགེ་བ་ཀུན་ཀྱང་བྲོལ་བར་ཤོག། རྡོ་རྗེ་རྣམ་པར་འཇོམས་པའི་གཏོར་མ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།།།། ་རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ལོ་ཙ་བ་དཔའ་མཉྫུ་ཤྲཱི་བ་རྨས་བསྒྱུར་བའོ།། (།རྡོ་རྗེ་རྣམ་པར་འཇོམས་པའི་ལས་ཀྱི་ཐབས་ཞེས་བྱ་བའི་མན་ནག་བཞུགས་སོ།།)་།རྒྱ་གར་སྐད་དུ། ཨུ་པ་ཡ་ཀརྨ་ནཱ་མ། བོད་སྐད་དུ། ལས་ཀྱི་ཐབས ་