CLOSE WINDOW

N2545: rdo rje rnam par 'joms pa zhes bya ba'i gzungs kyi sgrub thabs dpa' bo gcig tu sgrub pa zhes bya ba
Wyliee-texts based on the ACIP/ALL Input

བོད་ཀྱི་ལོ་ཙ་བ་དཔའ་མཉྫུ་ཤྲཱི་ཝ་རྨས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཕྱིས་པཎྜི་ཏ་ཛྙོ་ན་ཏེ་ད་ཧ་དུ་དང། ལོ་ཙ་བ་ད་འོག་བསོད་ནམས་མོས་པ་ཤེས་རབ་ཀྱིས་གསན་ནས་ཞུས་པའོ།། (།།རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་གྲུབ? ་ཐབས་དཔའ་པོ་གཅིག་ཏུ་བསྒྲུབ་པའོ།)་། *། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཨེ་ཀ་བཱི་ར་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་དཔའ་བོ་གཅིག་ཏུ་སྒྲུབ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ ་ཕྱག་འཚལ་ལོ། །གང་ཞིག་རྡོ་རྗེ་བདག་གཞན་རྫོགས། །རྫོགས་ན་མཐར་བྱིན་སྐུར་གནས་པ། །རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ། །བྱ་བ་ཉུང་བའི་སྒྲུབ་ཐབས་བྲི། །གང་ཞིག་ཤེས་རབ་ཆུང་གྱུར་ལ། །སྤྲོས་པ་མི་དགའ་ཨི་རྣལ་འབྱོར་པ། །དམ་ཚིག་དབང་ཐོབ་? ་གནང་ཅན། །དེས་ནི་དོན་གཉིས་ཕྱིར་འདི་བསྒྲུབ། །རྒྱས་པར་ཡན་ལག་བྱ་བ་ཀུན། །སྒྲུབ་ཐབས་ཆེ་ལས་འབྱུང་བཞིན་བྱ། །ཁྱད་པར་མན་ངག་འདི་ལྟ་སྟེ། །རབ་ཏུ་དབེན་པའི་གནས་དག་ཏུ། །རྣལ་འབྱོར་འཁོར་དང་བཅས་པ་ཡིས། །དུས་ངན་པར་ཆད་བསལ་བྱས་ཏེ། ། ་མཎྜལ་ལ་བརྟེན་མཆེད་པ་དང། །བུམ་པ་གཉིས་དག་ལེགས་བྱ་སྟེ། །སྔོན་དུ་རྡོ་རྗེ་ནུས་པས་བསྙན། །ཐོ་རངས་དུས་སུ་ཁྲུས་གཉིས་བྱ། །བཤད་སོགས་སྤངས་ཏེ་སྟན་བདེ་ལ། །གནས་པས་ཡང་སྙིང་གིས་བགེགས་བསྐྲད། །ལྷ་གཉིས་བླ་མ་མདུན་བལྟས་ཏེ། །བདུན་པོ ་དང།?་བྱས་སྟོང་པར་བསམ། །དེ་ལས་རྡོ་རྗེའི་ཁང་པ་སྟེ། །གདན་བཅས་སྟེང་དུ་ལྷ་དྲུག་གིས། །བདག་ཉིད་ཕྱག་ན་རྡོ་རྗེར་བསམ། །བུམ་པ་སྟོང་སོགས་གདན་དག་ལ། །ཧཱུཾ་ལས་རྡོ་རྗེ་རྣམ་འཇོམས་ཏེ། །ཡུམ་དང་ཁྲོ་བོ་བཅས་པར་བསམ། །སྤྱན་དྲངས་བགེགས ་བསྐྲད་ཡོན་ཕུལ་ནས། །ཕྱག་རྒྱ་སྔགས་ཀྱིས་བསྟིམ་པར་བྱ། །ཕྲེང་བ་བྱིན་བརླབས་ཐུགས་ཟླ་བ། །རྡོ་རྗེ་ལྟེ་བར་སྔགས་བསམས་ཏེ། །ངག་གསང་གསུམ་བཟླས་དོན་གཉིས་བྱས། །བར་ཆད་བྱུང་ན་བསལ་ལ་བསྐྱར། །སྤྱོད་ལམ་ལེགས་བྱས་འབད་པ་ཡིས། །རྟགས ་བྱུང་ནུས་པ་ཐོབ་པ་ཡི། །དེ་ནས་གཞན་དོན་སྒྲུབ་པ་ནི། །ནད་སོགས་ཞི་བར་བྱ་བའི་ཕྱིར། །སྟ་གོན་གནས་ལས་ཆོ་ག་བྱ། །དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ། །ཐིག་གདབ་ཕོ་བྲང་ཟླུམ་པོ་ལ། །རིན་ཆེན་ཕྲེང་བ་ལྟ་གནས་གཉིས། །སྒོ་ལྡན་བྲིས ་ཏེ་རྒྱན་བཀྲམ་ནས། །བུམ་པ་དབུས་ནས་ནུབ་སྒོར་ཏེ། །ཁྲུས་སོགས་སྔར་བཞིན་ཤེས་པར་བྱ། །སྔགས་གཉིས་གྲངས་ལྡན་གྲག་པའི་སྒྲ། །རྡོ་རྗེ་ནད་སོགས་འཇོམས་པར་བསམ། །དེ་ནས་ཁྲུས་ཀྱི་ལས་ལ་སྦྱར། །མཚན་མ་ཕྱིས་ནས་ནུབ་སྒོ་ནས། །དབུས་སུ་བཞག་ནས ་བགེགས་བསྐྲད་ནས། །བྱ་བ་དང་བསྲུང་བ་ཀུན་བྱ་སྟེ། །བུམ་ཆུ་སྔགས་དང་བཀྲ་ཤིས་སྒྲས། །དབང་བསྐུར་ཁྲུས་བྱ་ནད་སོགས་ཞི། །བསམས་ཏེ་རྫས་བརྒྱད་བྱིན་བྱ་སྟེ། །ནུབ་ནས་བཏོན་ཏེ་ལས་ཀྱང་བསླབ། །ཡོན་ཕུལ་ལན་གསུམ་གྱིས་རྫོགས་འབར།། ་སྔོན་གྱི་ལས་ཀྱང་ངེས་པར་འཇིག་འཕྲལ་གྱི་རྐྱེན་དག་སྨོས་ཅི་དགོས། །གཤེགས་བསྡུ་ཕྱིས་ལ་ལེགས་པར་གནས། །འདི་ནི་བསྡུས་པར་གྱུར་པ་སྟེ། །ལྷ་གཉིས་བུམ་པ་གཅིག་པ་ནི། །འབྱོར་པ་ཅུང་ཟད་ཤེས་བྱ་ཞེས། བླ་མས་གསུངས་ཏེ་དེ་བསྟེན་བྱས། ། ་བདག་གིས་འདི་བྱས་དགེ་རྩ་ཡིས། །ཁམས་གསུམ་སེམས་ཅན་ནད་གཉིས་ཅན། །དེ་ལས་གྲལ་ཏེ་གསང་བདག་གིས། །གོ་འཕང་རྣམ་གཉིས་ཐོབ་པར་ཤོག་།འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྒྲུབ་པའི་ཐབས་དཔའ་བོ ་གཅིག་པ་ཞེས་བྱ་བ་མཁས་པ་ཆེན་པོ་སངས་རྒྱས་གསང་བས་རིགས་ཅན་དུ་མཛད་པ་རྫོགས་སོ།། །།མཁན་པོ་དེ་ཉིད་དང། ལོ་ཙ་བ་དབའ་མཉྫུ་ཤཱི་ཝ་རྨས་བསྒྱུར་བའོ། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པི་དཱ་ར་ཎ་ནཱ་མ་དྷ་ར་ཎི་བ་ལི་བི? ་