CLOSE WINDOW

N2538: rdo rje rnam par 'joms pa'i las bzhi sgrub pa'i cho ga
Wyliee-texts based on the ACIP/ALL Input

*། (།རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞིའི་ཆོ་ག་བྲཾ་ཟེ་མ་ཎི་བཛྲ་གྱིས་མཛད་པ་བཞུགས་སོ།)་། *། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཀརྨམ་ཙ་ཏུ་སཱ་དྷ་བི་དྷི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག། རྡོ་རྗེ་རྣམ་པར་འཇོམས་པ་ལ ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་ཅན། །མ་རུངས་འདུལ་ལ་ཕྱག་འཚལ་ནས། །འབྱུང་བ་བཞི་ལ་བརྟེན་པའི་ལས།། ཚར་བཅས་རྗེས་སུ་གཟུང་བ་བཤད། །ས་ཕྱོགས་གང་དུ་གནོད་པའི་ལས། །སྒྲུབ་པར་འོས་པ་དེར་གནས་ཏེ། །ཚ་སྒོ་ཅན ་ནས་ས་བླངས་ལ། །ཐབ་ཁུང་མེ་དབྱིབས་ནག་པོས་བྱུག་།གནག་དང་འཁྱོག་དང་དྲི་ང་དང། །སྲིན་གྱིས་རྣམ་པར་ཟོས་པ་དང།། རེག་ན་ཟུག་དུ་བསྐྱེད་པའི་ཤིང། །ཁུང་དང་རྗེས་མཐུན་དབྱིབས་སུ་གཅིག་།གུ་གུལ་ནག་པོ་ན་རིའི་ཤ། །ཁྭ་ཡི་གཤེགས ་པ་བོང་བུའི་སྤངས། །མཆེ་བ་ཅན་གྱི་རྟུག་བ་དང། །ཡུངས་ཀར་གདོན་རྣམས་ཚར་གཅོད་བྱེད། །ཏིལ་དང་མེ་ཏོག་ནག་པོ་དང། །མ་ཤ་ལ་སོགས་འབྲུ་ནག་བཅས། །དུག་ཁྲག་ཚ་བའི་མར་ཁུ་རྣམས། །སྐྱེས་པའི་ཡན་ལག་ལས་བྱུང་བའི ་སྣོད་དམ་ཡང་ན་ལྕགས་ཀྱི་སྣོད། །ནོམ་པའི་ཤིང་ལོའི་སྣོད་གཞག་ནས། །རྡོ་གཉིས་གཙུབས་ལས་བྱུང་བ་འམ། །རྔོན་པའི་ཁྱིམ་བླངས་མེ་སྦར་ཏེ། །དེ་དབུས་རཾ་ལས་དྲག་པའི་མེ། །ཁྲོ་གཟུགས་འཇིགས་པར་བྱེད་པ་པོ། །མདོག་ནག་རྣམ ་པར་གཙིགས་པའི་ཞལ། །བགྲང་ཕྲེང་མི་འཇིགས་སྦྱིན་པ་དང། །དབྱུག་གུ་རྩེ་གསུམ་སྤྱི་བླུགས་འཛིན། །ཕྱག་བཞི་འཇིགས་ཆེན་འཇིགས་མཛད་པ། །ར་ཡི་སྟན་ལ་གནས་པ་བསྐྱེད། །ཡེ་ཤེས་མེ་ནི་སྤྱན་དྲངས་ཏེ། །དེ་དང་གཉིས་སུ་མེད་བྱས་ལ།། ་མཆོད་དང་བསྟོད་པས་མཉེས་པར་བྱ། །ོཾ་ཨགནེ་དེ་བ། ཀ་ལ་རུ་ཏྲ། མཧཱ་རུ་ཏྲ། སརྦབ་ཀརྨཱ་མ་ཧེ་ཤྭ་ར་དུཥྚ་ན་མཱ་ར་ཡ་ཧཱུཾ་ཕཊ། སྔགས་བཅས་རྫས་རྣམས་ཚ་བ་ཡི། །མར་ལ་སྦགས་ཏེ་མེ་ལ་དབུལ། །སླར་ཡང་མཆོད་དང་བསྟོད་པ་ཡིས།། ་མཉེས་པར་བྱས་ཏེ་མེ་དབུས་སུ། །རང་ལྷ་བསྐྱེད་དང་ཡེ་ཤེས་གཞུག་།དེར་ཡང་མཆོད་དང་བསྟོད་བྱས་ཏེ། །ཚ་བའི་མར་གྱིས་སྤགས་བའི་རྫས། །སྔགས་བཅས་བསྲེགས་པས་ལྷ་མཉེས་བྱས། །འདིར་ཡང་དེ་བཞིན་མཆོད་པ་དང། ། ་བསྟོད་པས་མཉེས་བྱས་སྒྲུབ་གསོལ་དང། །ཡི་གེ་བརྒྱ་པའི་གསང་སྔགས་ཀྱིས། །ཡོངས་སུ་དག་པས་མཉེས་པར་བྱ། །རྡོ་རྗེའི་སྔགས་ཀྱི་ལྷ་གཤེགས་ཏེ། །སླར་ཡང་མི་དམིགས་མཆོད་པ་དང། །བསྲེགས་དང་མཆོག་དང་ལས་སྒྲུབ་པར། །གསོལ ་བཏབ་ནས་ནི་གཤེགས་གསོལ་བྱ། །འདིས་ནི་སྒྲུབ་ལ་བར་གཅོད་པའི། །བགེགས་མེད་དངོས་གྲུབ་སྦྱིན་པར་བྱེད། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་མེ་དང་འབྲེལ་པའོ།། །།ཐལ་པ་མཚན་ངག་གནོད་གཞག ་པ། །དེར་ནི་བགེགས་ཀྱི་གཟུགས་བྲིས་ལ། །དཀྱིལ་འཁོར་དུར་ཁྲོད་སོ་ཕག་གིས། །མེ་གཟུགས་བྲིས་པའི་སྟེང་དུ་གཞག་།རང་ལྷར་བསྒོམས་པའི་སྙིང་ག་ཡི། །ཡེ་ཤེས་ཡི་གེའི་འོད་ཟེར་གྱིས། །བགེགས་བཀུག་མདུན་གྱིས་སྔགས་ལ ་བསྟིམ། །སྔགས་འོད་མེ་བཞིན་ཚ་བ་ཡིས། །བསྲེག་པར་བསམ་ཞིང་བཟླས་པར་མཐར། །ཡུངས་ཀར་ཡུངས་ནག་སྐེ་ཚེ་དུག་།གསང་སྔགས་བཟླས་དང་བཅས་པ་བྲག་།སྐྱེས་པའི་རྐང་དམ་སེང་ལྡེང་གི། ཕུར་བུ་སྔགས་བཅས་སྙིང་གར་བསྣུན། ། ་དེ་མཛའ་གཟུགས་བཅས་ཐལ་བ་ལ། །རྣམ་པར་འཐོར་བའི་སྦྱོར་བ་ཡིས། །ཚར་གཅོད་བགེགས་མེད་གྲུབ་སྦྱིན་བྱེད། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་རླུང་དང་འབྲེལ་པས་འཐོར་བའོ།། །།བསྲེག་པའི ་ཐལ་བ་ཚ་སྒོ་ཅན། །ཤིང་གཅིག་རྩ་བ་འཇུག་དོགས་ལ། །ནིམ་པའི་ཁུ་བས་སྦྲུས་པ་ལས། །བགེགས་གཟུགས་སྙིང་གར་སྔགས་བྲིས་གཞུག་།རང་ལྷ་ཡེ་ཤེས་ཡི་གེ་ཡི། །འོད་ཀྱིས་བགེགས་བཀུག་གཟུགས་ལ་བསྟིམ། །སྔགས་འོད་ཞགས་བས ་འཆིང་བ་ཡིས། །བསམ་གཏན་ལྡན་པས་རིག་སྣས་བཟླས། །འཚེག་དང་འཕར་དང་སྙིང་རྗེ་བའི། །ང་རོ་འདོན་པའི་རྟགས་ཐོབ་ནས། །མཆོད་རྟེན་མཚན་མ་གཅིག་པ་ལ། །དུར་ཁྲོད་མ་མོའི་ཁྱིམ་དུ་སྦ། །སྦྱོར་འདིས་བསྒྲུབ་ལ་བར་གཅོད་པ། །བཅིངས ་ནས་བགེགས་མེད་དངོས་གྲུབ་སྟེར། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བས་དང་འབྲེལ་པ་མནན་པའོ།། །།དབེན་པར་ཚ་སྒོ་ཅན་ས་ལ། །དུག་དང་ཁྲག་སྦྱར་ཆུས་སྦགས་པས། །དཀྱིལ་འཁོར་གྲུ་གསུམ་དུག་དང་ཁྲག་།རོ་བསྲེགས ་སོལ་བས་ནག་པོར་བྱུག། དེར་ནི་བུམ་པ་ཁ་དོག་གནག། སྔོན་པོ་རས་ཀྱིས་མགུལ་དཀྲིས་ཏེ། །གདུག་པའི་ཤིང་གིས་ཁ་བརྒྱན་པ། །རྒྱུན་བྲལ་ཆུ་ཡིས་ལེགས་བཀང་སྟེ། །དེར་ཡང་མིང་རུས་ཡུངས་ཀར་དང། །དུག་ཁྲག་གུ་གུལ་སྐེ་ཚེ་གཞུག ་རང་ལྷའི་རྣལ་འབྱོར་ལྡན་པ་ཡིས། །བུམ་ནད་ཡཾ་རཾ་བཾ་བྲུཾ་ལས། །རླུང་གནས་མེ་སྟེང་ཆུ་དཀྱིལ་འཁོར། །བསྒོམས་ཏེ་རང་སྙིང་ས་བོན་ལས། །བགེགས་བཀུག་འཁོར་ལོའི་ལྟེ་བར་གཞུག་།སྔགས་ཀྱི་འོད་ཀྱིས་བསྐུལ་བའི་རླུང།། ་རྣམ་པར་གཡོས་པས་མེ་སྦར་ཏེ། །རབ་ཏུ་ཁོལ་བའི་ཆུ་རླབས་དང། །བསྲེགས་པའི་འཁོར་ལོས་བགེགས་ཀྱི་ལུས། །ཉམ་ཐག་བྱེད་བསྒོམས་གསང་སྔགས་བཟླས། །སྦྱོར་བ་འདི་ཡིས་ཇི་སྲིད་དུ། །མངོན་པར་འདོད་པ་རྫོགས ་པ་དང། །གང་གི་ལུས་ལ་ཆུས་རེག་པ། །བགེགས་ཀྱི་གནོད་པ་ལས་གྲོལ་འགྱུར། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་ཆུ་དང་འབྲེལ་པས་བཀྲུ་བའོ། །རྡོ་རྗེ་ཅན་གྱི་ལས་གང་གི་།མ་རུངས་གདོན་བགེགས་ཚར་གཅོད ་ནས། །འགྲོ་རྣམས་རྗེས་སུ་འཛིན་པའི་ལས། །འདི་ནི་གཞན་ཕན་བྱེད་པའོ། །རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག་།བྲམ་ཟེ་ནི་བཛྲས་མཛད་པ་རྫོགས་སོ།། །། ་པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང། ལོཙྪ་བ་རབ་ཞི་བཤེས་གཉེན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཀརྨམ་ཙ་ཏུ་སཱ་དྷ་ཧོ་མ་བི་དྷི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས ་