CLOSE WINDOW

N2535: rdo rje rnam par 'joms pa'i bum pa'i cho ga
Wyliee-texts based on the ACIP/ALL Input

འཇོམས་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཆགས་སྣང་རྣམ་བྲལ་ཡང། །གདུལ་བྱའི་དབང་གིས་ཁྲོ་ལ་ཁྲོ་བ་དང། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་དང ་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར་འཐུན་པ་ཡི། །གསང་སྔགས་རོལ་པ་རབ་ཏུ་སྟོན་མཛད་པ། །བསམ་ཡས་སྤྲུལ་བ་མངའ་ལ་ཕྱག་འཚལ་ལོ། །གང་ཞིག་སྡང་དང་གདུག་བ་ཚར་གཅོད་ཕྱིར། །བསྡིགས་པའི་མཚོན་ཆ་སྣ་ཚོགས ་འཛིན་བའི་སྐུ། །ཉོན་མོངས་དུག་ཆེན་རྩད་ནས་གཅོད་མཛད་པའི། །སྤྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་འོད་དབུས་ན། །དཔའ་བོ་སྟེང་སྟབས་བརྐྱང་བསྐུམ་ཚུལ་བཞུགས་པས། །སྤྱན་གྱི་སྡང་མིག་ཉི་ཟླ ་འབར་བ་ཡི། །བགེགས་དཔུང་བསྲེགས་པར་མཛད་ལ་ཕྱག་འཚལ་ལོ། །དུས་མཛའ་ཨི་མེ་ལྟར་གཟི་བརྗིད་འབར་བའི་སྐུ། །གློག་སྟོང་འགྱུར་འདྲ་ཁྲོ་གཉེར་མཆེ་བ་གཙིགས། །གསུང་གི་ང་རོ་འབྲུག་སྟོང་བཞིན་སྒྲོགས་པ། །བགེགས་འདུལ་ཁྲོ་རྒྱལ ་གཙོ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་བསྟོད་པ་སློབ་དཔོན་བྲམ་ཟེ་མ་ཎི་བཛྲས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཛྙཱ་ན་ཤྲཱི་དང། ལོ་ཙ་བ་རབ་ཞི་བཤེས་གཉེན་གྱིས་བསྒྱུར་བའོ།། །། ་རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཀ་ལ་ཤ་བི་དྷི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་བུམ་པའི་ཆོ་ག་།རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཡིད་དུ་འོང་བའི་ས་ཡི་ཆར། །ཀུན་ཏུ་སྦྱོད་བའི་གཙང་ལྡན་པས། །གསེར་རམ་དངུལ་ལམ་ཁམ ་གཞན་གྱི། །བུམ་པ་མཚན་ཉིད་བཟང་ལྡན་པ། །ལེགས་བཀྲུས་དཀར་པོའི་རྫས་ཀྱིས་བྱུགས། །དྲིས་བདུག་རས་ཀྱིས་མགུལ་པ་བཀྲིས། །མེ་ཏོག་སྲད་བུས་མཛེས་བྱས་བར། །རིན་ཆེན་རྨ་མེད་ཙན་དན་དྲི། །རྒྱུ་འབབ་ཆུ་ཡིས་ལེགས་བཀང་བ། ། ་བཟང་བོའི་ཤིང་གིས་ཁ་བརྒྱན་ཏེ། །ས་དང་ལྕི་བར་བསྲེས་པ་ཡི། །དཀྱིལ་འཁོར་འདབ་བརྒྱད་པར་དབུས་སུ། །དཱུརྦའི་སྟན་ལ་ཡང་དག་གཞག་།དྲི་ཞིམ་ཆུ་ཡིས་བཀང་བའི་སྣོད། །རྡོ་རྗེ་མེ་ཏོག་ཕྲེང་བར་ལྡན། །རང་ལྷའི་བསམ་གཏན་ལ་གཞོལ་བས། །སྟོང ་པའི་སྔགས་ཀྱིས་རྣམ་སྦྱངས་ཏེ། །བྲུཾ་ལས་རིན་ཆེན་གཞལ་ཡས་ཁང། །བཾ་བྱུང་འོ་མའི་རྒྱ་མཚོར་ལྡན། །པཾ་པར་ཨ་ལས་ཟླ་དཀྱིལ་འཁོར། །དེར་གནས་ཧཱུཾ་ཡིག་སྤྲོས་བསྡུས་ལས། །ཁྲོ་བོ་ཁྲོ་བོའི་འཁོར་ལོ་བསྐྱེད། །ཡེ་ཤེས་སྤྱན་དྲངས་མཆོད་པ ་དང། །བསྟོད་དང་གཉིས་སུ་མེད་པར་བྱ། །དབང་བསྐུར་སླར་ཡང་མཆོད་བསྟོད་ནས། །རང་སྙིང་སྔགས་ཀྱིས་ཕྲེང་བཀོད་དེ། །བཟླས་དང་བུམ་པར་སྤྲོ་བྱ་བར། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་བརྒྱ་རྩ་བརྒྱད་ལ་སོགས། །ཇི་སྲིད་མངོན་པར་འདོད ་པའི་མཐར། །མཆོད་བསྟོད་འདོད་དོན་གསོལ་བ་དང། །ལྷ་རྣམས་ཡེ་ཤེས་བདུད་རྩི་ཡིས། །རབ་བཀྲུས་གཙང་མར་གྱུར་པ་དང། །ནད་མེད་བགེགས་རྣམས་འཇོམས་པ་དང། །དཔལ་དུ་བྱེད་ཅིང་བཀྲ་ཤིས་དང། །ཕུན་སུམ་ཚོགས་མིན་འཇོམས་པར་བྱེད།། ་རྡོ་རྗེ་རྣམ་པར་འཇོམས་པའི་བུམ་པའི་ཆོ་ག་རྫོགས་སོ།། །།རྒྱ་གར་སྐད་དུ། ཤཾ་ཏི་ཧོ་མ་བི་དྷི། བོད་སྐད་དུ། ཞི་བའི་སྦྱིན་སྲེག་གི་ཆོ་ག་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཟུག་རྡུའི་ཉེས་བ་དང་བྲལ་ཞིང། ་མི་ཤེས་མཚན་མ་སྤངས་པ་དང། །མ་རུངས་གདོན་བགེགས་མི་གནས་པ། །དཀར་ཞིང་གཙང་མ་སྣུམ་པའི་སར། །ཁྲུ་གང་ཀུན་ནས་ཟླུམ་པོའི་དབྱིབས། །ཁྲུ་ཕྱེད་ཐུར་དུ་བྲུས་པའི་ཁུང། །ཁ་ཁྱེར་གྱིས་མཛེས་ཞི་བ་ཡི། །མཚན་མ་དཀར་པོའི་རྫས ་ཀྱིས་བྱུག། དཀར་ཞིང་དྲི་ཞིམ་འོ་མ་ཅན། །རེག་ན་ཟུག་རྡུ་དང་བྲལ་བའི། །ཟླ་མདོག་མེ་ཏོག་འབྱུང་བའི་ཤིང། །ཁུར་ས་དང་རྗེས་མཐུན་དབྱིབས་སུ་བརྩིགས། །མཆོད་དང་བསྲེག་པའི་ཡོ་བྱད་རྣམས། །ལས་དང་རྗེས་མཐུན་ཉེར་བསགས་ཏེ། །མེ་སྤར ་