| Wylie | e-texts based on the ACIP/ALL Input |
བཅུག་ལ། བུམ་པའི་ཆུས་ཁྲུས་བྱས་ན་ནད་པ་ནད་ལས་ཐར་བར་འགྱུར་རོ། །རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་བ་རྫོགས་སོ།། །།རྣམ་པར་འཇོམས་པ་ཡེ་ཤེས་སྐུ། །རབ་ཏུ་བཏུད ་ནས་མདོར་བསྡུས་བཤད། །དབེན་གནས་འདུས་ལ་མཎྜལ་བཅའ་། །ཁྲུས་བྱས་གོས་བགོས་མཆོད་བ་བཤམ། །སྤྱན་དྲངས་ལ་སོགས་སྔོན་འགྲོ་བས། །ཚད་མེད་བཞི་བོ་བསྒོམ་པར་བྱ། །དེ་ནས་སྟོང་པ་ཉིད་བསྒོམས་ཏེ། །རང་སེམས་ཟླ ་བར་ཧཱུཾ་བསམས་བྱ། །ཧཱུཾ་ལས་འོད་གཟེར་འཕྲོས་བ་ཡིས། །རྡོ་རྗེ་ར་བ་དྲ་བ་དང། །འགྲོ་བའི་དོན་མཛད་ཚུར་འདུས་ཏེ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་གྱུར། །གནག་ཅིང་འབར་བའི་མེ་འོད་བཅས། །དེ་ནས་འོད་གཟེར་འཕྲོས་པ་ཡིས། །སྔར་བཞིན་སེམས་ཅན ་དོན་བྱས་ཏེ། །སླར་ཡང་རྡོ་རྗེ་ཉིད་ལ་འདུས། །རྡོ་རྗེ་ཡོངས་གྱུར་སྐུ་རུ་གསལ། །སྐུ་མདོག་མཐིང་ནག་སྤྱན་གསུམ་པ། །ཉི་མའི་དཀྱིལ་འཁོར་རྣམ་པར་གནོན། །ཕྱག་གཉིས་ཐབས་དང་ཤེས་རབ་བརྡ། །ཞབས་གཉིས་སྟག་གི་པགས་པ ་བསྣམས། །ཀླུ་ལྔས་ལུས་བརྒྱན་མེ་དཔུང་འབར། །དེ་ལྟར་རྣམ་པར་བསྒོམས་ནས་ཀྱང། །ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ། །མཆོད་ནས་རད་ལ་གཞུག་བར་བྱ། །ནམ་མཁར་སངས་རྒྱས་སྤྱན་དྲངས་ཏེ། །སྦྲུལ་པའི་ལྷ་མོས་དབང་བསྐུར་རོ། །སྤྱི་བོར ་སྣ་ཚོགས་རྡོ་རྗེ་བསམ། །སྤྱན་དྲངས་ལྷ་རྣམས་གཤེགས་པར་གྱུར། །དེ་ནས་རྣལ་འབྱོར་བདག་ཉིད་ཀྱིས། །སྤྱི་བོ་ལ་སོགས་གནས་གསུམ་དུ། །ཟླ་བའི་སྟེང་དུ་ཡི་གེ་གསུམ། །ཡོངས་གྱུར་མཚན་མོ་གསུམ་དུ་གནས། །དེ་ལས་བཟླས་བ ་བྱ་བ་ནི། །ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ལ། །སྔགས་དང་འོད་གཟེར་བཅས་པ་ལས། །ཕྱག་ན་རྡོ་རྗེ་སྐུ་རུ་གསལ། །ཐམས་ཅད་འདུས་པའི་དབུས་དག་ན། །བདག་ཉིད་ཁྲོ་བོ་ཆེན་པོར་གནས། །ཀུན་གྱི་ཐུགས་ཀར་ཉི་སྟེང་དུ། ། ་རྣམ་པར་འཇོམས་པའི་ཡི་གེ་དགོད། །ཕར་སྤྲོས་དོན་ནི་རྫོགས་པ་དང། །ཚུར་འདུས་སྒྲུབ་པ་ནུས་པར་ལྡན། །སྔགས་ཀྱི་འབྲུག་སྒྲ་ལྟ་བུ་སྟེ། །སྐྱོན་གཏོར་མ་གཏང་བར་བྱ། །མཆོད་བ་བྱས་ཏེ་ཡེ་ཤེས་གཤེགས། །དམ་ཚིག་བ་རྒྱལ་ཀུན་སྤྱོད་བྱ། ། ་འདིས་ནི་སྒྲུབ་པ་མདོར་བསྡུས་ཏེ། །བསོད་ནམས་མཆོག་ནི་གང་ཐོབ་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་འཇོམས་པ་ཐོབ་པར་ཤོག་།འཕགས་པ་རྡོ་རྗེ་རྣམ་བར་འཇོམས་པའི་སྒྲུབ་ཐབས་མདོར་བསྡུས་པ་སློབ་དཔོན་ཙནྡྲ་གོ་མི་ལ ་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། །བཛྲ་བི་དཱ་ར་མཎྜ་ལ་བི་དྷི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གདུག་པ་འདུལ་མཛད་ཁྲོ་བོ་ཆེ། ། ་