CLOSE WINDOW

N2522: rdo rje 'dzin pa'i gtor ma'i cho ga zhes bya ba
Wyliee-texts based on the ACIP/ALL Input

དངོས་གྲུབ་མྱུར་དུ་འགྲུབ་གྱུར་ཅིག་།རྡོ་རྗེ་འཛིན་པའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།སློབ་དཔོན་ཆེན་པོ་བསུ་དྷ་བཛྲས་མཛད་པའོ།། །།རྒྱ་གར་སྐད་དུ། བཛྲ་དྷར་བ་ལིཾ་བི་དྷི་ནཱ་མ། བོད་སྐད་དུ། རྡོ་རྗེ་འཛིན་པའི་གཏོར་མའི ་ཆོ་ག་ཞེས་བྱ་བ། བླ་མ་རྗེ་བཙུན་པ་རྣམས་ལ་ཕྱག་འཚལ་ལོ། །ལས་རྣམས་ཀུན་གྱི་སྔོན་འགྲོ་བ། །བཤད་ཕྱིར་བླ་མ་ལ་བཏུད་དེ། །ཐམས་ཅད་ཚིག་པར་བྱེད་པ་ཡིས། །གཏོར་མའི་ཆོ་ག་དེ་བཤད་བྱ། །དེ་ལ་དང་པོར་རྡོ་རྗེ་འཛིན། །སྒྲུབ་པར་འདོད་པའི ་རྣལ་འབྱོར་བ་དག་གིས། རིན་པོ་ཆེ་ལས་སྣོད་རྒྱ་ཆེ་ལ་བཟང་ལ་མཉམས་པ་དེ་དག་གི་ནང་དུ། འབྲས་ཆན་ལ་སོགས་པ་ཆན་གྱི་ཚོགས་དང། །ཁུར་བ་ལ་སོགས་པ་བཟའ་བའི་ཚོགས་དང། ཉ་ཤ་ལ་སོགས་པ་ཤའི་ཚོགས་དང། འོ་མ་ལ ་སོགས་པ་བཟའ་?་བའི་ཚོགས་དང། བུ་རམ་ལ་སོགས་ཏེ་མྱང་བའི་ཚོགས་དང། །བིལ་བ་ལ་སོགས་ཏེ་ཤིང་ཏོག་གི་ཚོགས་དང། ཏིལ་ལ་སོགས་པ་འབྲུའི་ཚོགས་དང། ཨུཏཔ་ལ་སོགས་ཏེ་མེ་ཏོག་གི་ཚོགས་དང། ཨ་ཀ་རུ་ལ་སོགས་ཏེ་བདུག ་པའི་ཚོགས་དང། རིན་པོ་ཆེ་ལ་སོགས་ཏེ་སྣང་བའི་ཚོགས་དང། དུ་རུ་ཀ་དང་དྲི་ཞིམ་སྦྱར་བ་ལ་སོགས་ཏེ་དྲིའི་ཚོགས་དང། ག་བུར་ལ་སོགས་ཏེ་སྨན་གྱི་ཚོགས་དང། རོལ་མོ་དང། གདུགས་དང། རྒྱལ་མཚན་དེང། བ་དན་དང། རས་བཟང་པོ་ལ ་སོགས་པ་ཅི་འབྱོར་པའི་ཡོ་བྱད་བཤམས་ཏེ། མཎྜལ་སྔོན་པོ་དག་གི་སྟེང་དུ་མེ་ཏོག་ཆལ་པ་བཀྲམ་ལ་དེའི་སྟེང་དུ་བཞག་པར་བྱའོ། །དེ་ནས་རྣལ་འབྱོར་པ་བདག་ཉིད་མངོན་པར་རྟོགས་པའི་ཆོ་ག་ལྟར་བསྐྱེད་ལ། ལག་པ་གཡོན ་པའི་མཐིལ་དུ་དྲི་སྦྱར་བའི་ཆུ་བླུགས་ལ། ཨོཾ་སརྦ་བིགྷྣན་ནཱ་ཤ་ཡ་ཨ་མྲི་ཏ་ཀུཎྜ་ཡི་ཧ་ན་ཧ་ན་ཧཱུཾ། ཞེས་ལན་ཉི་ཤུ་རྩ་གཅིག་ཏུ་བརྗོད་དོ། །ོཾ་ཨ་བགྷི་ནཱཾ་ཏ་ཀྲིཏ་ཧཱུཾ་ཕཊ། ཞེས་པས་གཏོར་མ་ལན་གསུམ་དུ་བྱའོ། །དེ་ནས་ཡི་གེ་ཏྲཾ་སེར་པོ་ལས ་བསྐྱེད་པའི་སྣོད་ཀྱི་དཀྱིལ་འཁོར་གྱི་ནང་དུ། རྫས་དངོས་པོ་དཔག་ཏུ་མེད་པ་བསམས་ཏེ། དེའི་སྟེང་དུ་ཟླ་བ་ཧཱུཾ་གིས་མཚན་པ་དག་གི་འོད་ཀྱིས་བསྲེགས་ཤིང་སྦྱངས་པའི་བདུད་རྩིའི་དངོས་པོར་གྱུར་པར་བསམ་མོ། །དེ་ནས་ཐུགས་ཀའི་ས་བོན་གྱི ་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས། བདུད་རྩི་འོ་མ་རྒྱུན་ལྟ་བུ་འབབ་པས་སྣོད་གང་བར་བསམས་ལ་ཨོཾ་ཨཱ་ཧཱུཾ། ཞེས་ལན་བདུན་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད ་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྤྱན་དྲངས་ལ་བཛྲ་ཛི་ཧྭ་ཞེས་བྱིན་གྱིས་བརླབས་ལ་སྔགས་འདི་ལན་བདུན་བརྗོད་ལ་དབུལ་བར་བྱའོ། ཨོཾ་བཛྲ་བཱ་ཎི་དྷ་རཱ་ཡ། ཀཱ་ཡ་བཱཀྩིཏྟ་དྷུ་པ། པུཥཔ། དཱི་པ། གནདྷེ་བ་ལིཾ། ཨརྒྷ་ཏ་བ་ལི་མ་ད་མཱཾ་ས་ཨི་དཾ་གྲིཧྣ ་ཁཱ་ཧི་ཁཱ་ཧི་དྷུཉྫ་ཧོ། །པི་བ་ཧོ། ཨ་ཏི་ཀྲ་མ་ཡེ་སྭཱཧཱ། དེ་ནས་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཁམས་གསུམ་གྱི་འབྱུང་པོའི་ཚོགས་མ་ལུས་པ་བཀུག་སྟེ། ཨོཾ་བཛྲ་ཧཱུཾ་ཀ་ར་ཀ་ཊ་ཀ་ཊ་ཀ་ཊ་ཕཊ། ཅེས་བྱ་བས་སྦྱང་ངོ། །དེ་ཐམས་ཅད་རྡོ་རྗེ་འཛིན་གྱི་ངོ ་བོར་འགྱུར་བར་བསམས་ཏེ། ཡི་གེ་གསུམ་པ?་ལ་ལྕེ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏཔནྣ་ཏྭཏ། ཨོཾ་ཨཱ(རྒྱུད་འགྲེལ་རྒྱལ་བར་གྱུར་ཅིག་ཅེས་བརྗོད་པར་བསམ་མོ། །དེ་ནས་ལག་ཏུ་མེ་ཏོག་ཐོགས་ཏེ། འདོད་པའི་དོན་ལ་གསོལ་བ་བཏབ་ལ། བཟོད་པ་གསོལ་བ་ནི། ཧཱུཾ་ལྷག་པ་དང་ནི་ཆད་བས་ཀྱང། །བདག་གིས་བརྗེད་པས་གང་བགྱིས་པ། །མགོན་པོ་ཁྱེད་ཀྱིས་བཟོད ་མཛད་ནས། །ཐུན་མོང་མཆོག་གི་དངོས་གྲུབ་གསོལ། །ཞེས་བརྗོད་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་བའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ། །ོཾ་ཨཱ(རྒྱུད་འགྲེལ་ཞེས་པས་གཤེགས་སུ་གསོལ། །དེ་ནས་ཕྱག་རྒྱ་བཀྲོལ་ཏེ། གཏོར་མ་གཙང་མའི་ས་ཕྱོགས་སུ་བསྐྱལ་ལ། ཅི་བདེར་གནས་པར་བྱའོ། །རྡོ་རྗེ་འཛིན་པ་མཆོད་པའི་ཕྱིར། །མཆོད་སྦྱིན་འདི་བརྩམས་བསོད་ནམས་ཀྱིས། །འགྲོ་བ་ཐམས་ཅད་རྒྱས་གྱུར་ཏེ། རྡོ་རྗེ ་འཛིན་པའི་ས་ཐོབ་ཤོག་།རྡོ་རྗེ་འཛིན་པའི་གཏོར་མའི་ཆོ་ག་རྫོགས་སོ།། །།སློབ་དཔོན་བ་སུ་དྷ་བཛྲས་མཛད་པའོ།། ། *། །རྒྱ་གར་སྐད་དུ། ཀརྨ་སརྦ་རཀྵ་བིདྷི་ནཱ་མ། བོད་སྐད་དུ། བསྲུང་བའི་ཆོ་ག་ལས་ཐམས་ཅད་པ་ཞེས་བྱ ་