| Wylie | e-texts based on the ACIP/ALL Input |
མན་ངག་སྦྲང་རྩི་རབ་ཏུ་བཏུང། །འཐུང་བྱེད་རབ་ཏུ་དང་བས་དེ་དག་ལ། །རྡོ་རྗེ་འཛིན་པ་ཉིད་ཀྱིས་སྐྱོབ་བྱེད་ཤོག་།རྡོ་རྗེ་སྙིང་པོའི་མན་ངག་སྒྲུབ་པའི་ཐབས་ཞེས་བྱ་བ་པཎྜི་ཏ་ཛྙཱ་ན་ཤྲཱི་མཛད་བ་རྫོགས་སོ།། །།འཕགས་པ་གོས་སྔོན་པོ་ཅན ་ལ་ཕྱག་འཚལ་ལོ། །གོས་སྔོན་ཅན་ལ་ཕྱག་འཚལ་ནས། །རིག་སྔགས་གཏད་པའི་ཆོ་ག་ནི། །རྒྱུད་ཆེན་མདོ་དང་མི་འགལ་བར། །བདག་གིས་དྲན་ཕྱིར་བྲི་བར་བྱ། །དམ་ཚིག་ལྡན་པའི་སློབ་དཔོན་གྱིས། །དང་པོར་བསྙེན་པ་བྱ་བ་ནི། ། ་མཎྜལ་མཆོད་ཡོན་མཆོད་པ་དང། །ཚུལ་བཞིན་གཏོར་མ་བཤམས་ནས་ནི། དམ་ཚིག་དཀྱིལ་འཁོར་གསལ་བསྐྱེད་ལ། །ཡེ་ཤེས་ལྷ་ནི་སྤྱན་དྲངས་ལ། །མཆོད་པ་ལྔ་ཡིས་མཆོད་དེ་བསྟོད། །མཎྜལ་སྟེང་དུ་སྐུ་གཟུགས་གཞག་།དམ་ཚིག་ལྷ་རུ་བྱིན་བརླབས་ནས། ་སྒོ་བཞིའི་སྔགས་དང་ཕྱག་རྒྱ་ཡིས། །གཉིས་མེད་གོས་སྔོན་བསྟིམ་བྱས་ལ། །མཆོད་དང་བསྟོད་པ་གོང་བཞིན་བྱ། །མེད་ན་མཎྜལ་དཀྱིལ་འཁོར་ལ། །པདྨ་འདབ་བརྒྱད་ལེགས་བྲིས་ལ། །དེ་དབུས་ཧཱུཾ་གི་འཕྲོ་འདུ་ལས། །དམ་ཚིག་ལྷ་རུ་བསྐྱེད་བྱས་ནས།། ་རང་བཞིན་དཀྱིལ་འཁོར་བསྟིམ་ཞིང་མཆོད། །དེ་ནས་བཟླས་པ་བྱ་བ་ནི། །འབུམ་མཾ་ཁྲི་ཡི་བར་དུ་བཟླས། །མཚན་མ་བྱུང་ནས་དཀྱིལ་འཁོར་བརྩམ། །དང་པོར་ས་གཞི་བརྟག་བྱས་ལ། །ཁྲུ་གང་ཡང་ན་ཁྲུ་དོ་རུ། །ཁྲུས་ནས་སྐྱོན་རྣམས་བསལ་བར ་བྱ། །ནང་དུ་ནོར་བུ་རིན་ཆེན་གཞུག་།འཐས་པར་བཅགས་ལ་དྲི་ཡིས་བྱུང། །ལྷའི་དཀྱིལ་འཁོར་བསྐྱེད་བྱས་ལ། །ས་ཡི་ལྷ་མོ་བསྟན་མ་ལ། །མཆོད་བསྟོད་གསོལ་བཏབ་བཀའ་ཡང་བསྒོ་།དམ་ཚིག་ཅན་གྱི་སྲུང་མ་ལ། །གཏོར་མ་སྦྱིན་ལ་འཕྲིན་ལས ་གསོལ། །པུས་བཙུགས་ལག་ཏུ་སྤོས་ཐོགས་ལ། །ཡེ་ཤེས་ལྷ་ལ་གསོལ་བ་གདབ། །དེ་ནས་ས་ཡི་བགེགས་རྣམས་ཀྱང། །དྲག་པོ་སྔགས་ཀྱིས་བསྐྲད་པར་བྱ། །སྐྱོན་བྲལ་དངུལ་གྱི་བུམ་པ་ནི། །ལྟོ་བ་ཆེ་ལ་མགྲིན་པ་རིང། །རྒྱན་དང་མཆེ་ནི་རྫོགས ་བྱས་ལ། །བྱིན་བརླབས་གོས་སྔོན་ལྟར་བསྐྱེད་ཅིང། །སྤྱན་དྲངས་མཆོད་ཡོན་མཆོད་པས་མཆོད། །བཟླས་པ་བརྒྱ་ནི་རྩས་བརྒྱད་བྱ། །དེ་ནས་དཀྱིལ་འཁོར་སྟ་གོན་ནི། །མེ་ཏོག་དགྲམ་ཞིང་གསང་སྔགས་བཟླས། །གདན་དང་ལྷ་རུ་བསྐྱེད་བྱས་ལ། ། ་དེ་ལ་མཆོད་ཅིང་གསོལ་བ་གདབ། །ལན་གསུམ་རབ་ཏུ་བརྗོད་པར་བྱ། །དེ་ནས་བློ་ལྡན་སློབ་མ་ལ། །ཁྲུས་བྱས་ལུས་ནི་དྲིས་བྱུགས་ལ། །མེ་ཏོག་ཐོགས་ལ་ཕྱག་འཚལ་གཞུག། གསོལ་གདབ་གནང་བ་སྦྱིན་པ་དང། །སྐྱབས་འགྲོ་སྡིག་བཤགས་ལ་སོགས ་ཀུན། །ཡན་ལག་བདུན་པ་ཉིད་ཀྱིས་བྱ། །སློབ་དཔོན་གྱིས་བརྗོད་སློབ་མས་ཉན། །དེ་ནས་སེམས་བསྐྱེད་ཆོ་ག་ནི། །སློབ་དཔོན་སློབ་མ་ཉིས་ཀས་བཟླས། །དེ་ལྟར་སློབ་མ་སྣོད་ལྡན་ལ། །དཔྲལ་བ་མགྲིན་པ་སྙིང་ཀ་རུ། དྲི་ཡི་ཐིག་ལེ་གསུམ་བྱས་ལ། ། ་ཉི་མ་ཟླ་བ་པདྨ་གསུམ། །སྙིང་ཀ་ལ་སོགས་དགོད་པར་བྱ། །ོཾ་ཨཱ(རྒྱུད་འགྲེལ་པར་སྔར་ལངས་དཀྱིལ་འཁོར་བྲི། །འདབ་མ་བརྒྱད་པའི་དཀྱིལ་འཁོར་ལ། །དབུས་སུ་གོས་སྔོན་དགོད་པར་བྱ། །དྷུ་པོ་ལ་སོགས་ལྷ་མོ་དང། །སྒོ་བ་བཞི་ཡང་དགོད་པར་བྱ། །བ་དན་ལ་སོགས་རྒྱན་རྣམས་དང། །མཆོད་པ་གཏོར་མ་དགྲམ་པར་བྱ། །དེ་ནས ་ཏིང་འཛིན་ཚུལ་བསྐྱེད་ལ། །གཞུག་པའི་ཆོ་ག་བྱ་བ་ནི། །གཏོར་མ་གཏང་ལ་འཐོར་འཐུང་བྱ། །གསོལ་བཏབ་གདོང་གཡོགས་བཅིང་བ་དང། །བཀའ་བསྒོ་མེ་ཏོག་ག་དོར་བྱས་ལ། །མིག་ཕྱེ་ལྷ་ཡི་ངོ་ཡང་བསྟན། །དེ་ནས་རིག་པའི་དབང་བསྐུར་ཏེ། །དང ་པོར་བུམ་པ་ལག་ཐོགས་ལ། །བཀྲ་ཤིས་གླུ་བླངས་བུཾ་དབང་བསྐུར། །ོཾ་སིད་དྷི་སིད་དྷི་ཞེས་བཟླས། །དེ་ནས་སྔགས་རིགས་ཀྱིས་འཇུག་ལ། ། བྷི་ཥིཉྩ་ཞེས་བཏགས་ལ་།ཆུ་ཡི་དེ་ནི་དབང་བསྐུར་རོ། །དེ་ནས་དབུ་རྒྱན་ལ་སོགས་པ། །བྱ་བའི་རྒྱུད ་དང་མཐུན་བྱས་ལ། །རྗེས་སུ་གནང་བ་སྦྱིན། །དེ་ནས་བསྐྱེད་པའི་རིམ་པ་ལ་སོགས་པ་ཐམས་ཅད་བསླབས་ལ། དེ་ནས་ལྷ་ལ་མཆོད་བསྟོད་བྱ། །དེ་ནས་ཞི་བའི་སྦྱིན་སྲེག་བྱ། །དེ་ནས་གོས་སྔོན་ཅན་བསྒྲུབས་ཅིང། །བྱེ་བྲག་གིས་ནི་ལས་ཐམས་ཅད ་འགྲུབ་ཏུ་རུང་ངོ། །དེ་ནས་ཡི་གེ་བརྒྱ་པ་བཟླས་ཤིང་དཀྱིལ་འཁོར་བསྡུ་བ་ལ་སོགས་པ་བྱའོ། །རིག་སྔགས་གཏད་པའི་ཆོ་ག་རྫོགས་སོ།། །།རྒྱ་གར་གྱི་མཁན་བོ་ནག་པོ་དང། ཚུལ་ཁྲིམས་རྒྱལ་བས་བསྒྱུར ་ཅིང་གཏན་ལ་ཕབ་པའོ།། (།།ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་ཆོ་ག་བཞུགས་སོ།)་།རྒྱ་གར་སྐད་དུ་།ནཱི་ལཱཾ་བ་ར་བཛྲ་པཱ་ཎི་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། སངས་རྒྱས་དང ་