| Wylie | e-texts based on the ACIP/ALL Input |
ཅིག། རྣམ་ཐོས་སྲས་ཀླུ་བརྒྱད་དང་བཅས་པ་འགུགས་ན། །ོཾ་བེ་ཤྲ་བ་ཎ་ཡ་ཨཱ་ཀརཥ་ཡ་ཧཱུཾ་ཛ:། ཨོཾ་ནཱི་ལཱཾ་བ་ར་བཛྲ་པཱ་ཎི་ཨཱ་ཀརཥ་ཡ་ཨཱ་ཀརཥ་ཡ་ཧཱུཾ་ཛ(རྒྱུད་འགྲེལ་ཡིད་དང་མཐུན་བའི་གནས་སུ་བྱི་དོར་བྱ་བ་དང། བའི་རྣམ་ལྔས་བྱུག་པ་ལ་སོགས་པ་རྒྱུད་ནས་ཇི་ལྟར་བྱུང་བ་བཞིན་བྱས་ན། ཡོ་བྱད་ཚོགས་པ་དང། སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་བླ་མ་དང་བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་མདུན་གྱིས་ནམ་མཁའ་ལ་སྤྱན་དྲངས་ཏེ། ཕྱག་འཚལ་བ་དང་མཆོད་བ་དབུལ་བ་དང། ཡན་ལག་བདུན་པ་བྱས་ལ་དེའི་རྗེས་ལ་ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེ་ནས ་ཨོཾ་སྭ་གྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་ཧཾ་ཞེས་བྱ་བས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྣམ་པར་དག་པར་བྱའོ། །དེའི་རྗེས་ལ་མདུན་དུ་པཾ་ལས་པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཧཱུཾ། དེ་འཕྲོས་འདུས་པས་སེམས་ཅན་གྱི་སྡིག་པ་དང་སྡུག ་བསྔལ་བསལ་ནས་སླར་འདུས་པ་ལས་རྡོ་རྗེའོ། །དེ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྡོ་རྗེ་འཕྱར་བ། གཡོན་སྡིགས་མཛུབ་བསྟན་པ་ཞབས་གཡས་བསྐུམ། གཡོན ་བརྐྱང་བ། གདུག་པའི་ཚོགས་ཀྱིས་སྐུ་ལ་བརྒྱན་པར་བསྒོམ། དེ་ལས་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་ནས་རང་ལ་བསྟིམ་པར་བྱའོ། །དེ་ནས་དབང་བསྐུར་བར་བྱ་སྟེ། རང་གི་སྤྱི་བོར་མི་བསྐྱོད་པ ་བསྒྱོམ་པར་བྱའོ། །དེའི་རྗེས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་ཇི་སྲིད་དུ་སེམས་མི་འཕྲོ་བར་མཉམ་པར་བཞག་པར་བྱའོ། །མི་རྟོག་པ་བསྒོམ། དྲག་པོའི་ལས་བྱེད་པར་འདོད་ན་རྫས་ལ་སོགས་པ་ནི་གོང་དུ་བཤད་པ་བཞིན་ནོ། །རཾ་ལས ་ཉི་མའི་སྟེང་དུ་ཧཱུཾ། དེ་ལས་འོད་འཕྲོས་པས་རྡུལ་ཕྲ་རབ་ཐམས་ཅད་རྡོ་རྗེའི་སྙིང་པོར་བྱས་ཏེ་འདུས་པ་ལས་རྡོ་རྗེའོ། །དེ་ལས་རང་ཉིད་ཕྱག་ན་རྡོ་རྗེར་བསྒོམ་པར་བྱའོ། །ཡང་ན་སྐད་ཅིག་གིས་སྟོང་པར་བསམས་ཏེ། ཆོ་ག་གསུམ་གྱིས་ཕྱག་ན་རྡོ་རྗེར ་ལྡང་བར་བྱའོ། །ཡང་ན་བཛྲ་ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་སྐད་ཅིག་གིས་ལྷག་གི་ཚེར?་ཆུ་ལས་ཉ་ལྡང་ལྟར་རྡོ་རྗེ་སྙིང་པོར་ལྔར་བ་བྱའོ། །དེ་ལྟར་བསྒོམས་ནས་ལྡན་བར་འདོད་ན། རང་གི་སྙིང་གར་ས་བོན་གྱི་མཐར། བཛྲ་བཛྲ་ཧཱུཾ་ཞེས་བརྗོད་པས་རང་བརྟན? ་པར་བྱས་ལ། བཅོམ་ལྡན་འདས་ཀྱི་དུག་འཇིལ་བར་བྱེད་པའི་སྔགས་བརྒྱ་འམ་ལྔ་བཅུ་ལ་སོགས་པ་ཐོགས་མ་ཉིད་དུ་ཟློས་པར་བྱ་སྟེ། དེས་ཀླུའི་དུག་འཇིལ་བར་བྱེད་པའོ། །དེ་ནས་མཛའ་ཡས་བསྐྱེད་བར་བྱ་སྟེ། །མདུན་དུ་འོ་མ་ཅན་གྱི་རྒྱ་མཚོ་འམ། དེའི་སྟེང་དུ ་པཾ་ལས་པདྨའི་སྟེང་དུ་ཕུ་ལས། ཀླུ་མཛའ་ཡས་སྐུ་མདོག་ལྗང་གུ། ཞལ་གཅིག་ཕྱག་གཉིས་པ་སྟོད་མི་སྨད་སྦྲུལ། མགོ་ལ་སྦྲུལ་མགོ་དགུ་ཡོད་པ། སྦྲུལ་རིགས་ལྔའི་གདན་ལ་བཞུགས་པ། རང་དང་འདྲ་བའི་བཙུན་མོས་འཁྱུད་པ་བསམ་མོ། །དེ་ནས ་རང་གི་སྙིང་ཁའི་ས་བོན་ལས་འོད་འཕྲོས་པས། ཀླུའི་གནས་ནས་མཛའ་ཡས་རང་རྒྱུད་པ་བཀུག་ལ་བསྟིམ་པས་བྱའོ། །དེ་ནས་བདག་ལ་བཀའ་མོད?་པར་བྱ་སྟེ། དེ་ནས་ཀླུའི་སྲོག་སྙིང་དང་བཅས་པ་བཟླས་ཏེ། འདི་ནི་བསྙེན་པའི་སྔགས་སོ། །དེ་ཡང་ཚོགས ་སོགས་བ་ལ་ནི། རང་དང་བླུ་གཉིས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་འཕྲོས། འདུས་པས་སྡིག་པ་ཐམས་ཅད་དག་པར་བསམ་མོ། །བ་དྲ་བོ་ལ་ནི་འོད་ཟེར་ནག་པོ་དང་དམར་བོ་དང་མེ་ལྟ་བུ་འམ། ཡང་ན་རང་དང་འདྲ་བའི་ཁྲོ་བོ་འམ་རླུང་གྲངས་མེད་པ ་འཕྲོས་ཏེ། དེ་དག་གིས་གནོད་པ་དཔག་ཏུ་མེད་པ་བྱེད་པར་བསམ་མོ། །དེ་ཡང་རྒྱུན་དུ་ནི་བསྙེན་པ་ཉིད་དོ། །གདོན་ཐམས་ཅད་ལ་ནི་སྔགས་ཐམས་ཅད་དོ། ཡང་ན་གང་ཡིན་པ་དེ་ཉིད་དོ། །འཇོག་པར་འདོད་ན་གཏོར་མ་བཏང་ལ་བསྟོད་ནས་འཕྲིན་ལས་བཅོལ ་ཞིང་གཤེགས་བར་མཁྱེན་པར་བྱས་ནས། དཾ་ཚིག་སེམས་དཔའ་རང་གི་ས་བོན་ལ་བསྡུ་བར་བྱའོ། །དེ་ནས་སྨོན་ལཾ་གདབ་པ་དང། མདོ་འདོན་པ་ལ་སོགས་པ་ཅི་བདེ་བར་གནས་པར་བྱའོ། །བླ་མའི་བཀའ་དྲིན་མནོས་པ་ལ་བརྟེན་ཏེ། །སྒྲུབས་ཐབས ་མན་ངག་སྦྲང་རྩི་རབ་ཏུ་བཏུང། །འཐུང་བྱེད་རབ་ཏུ་དང་བས་དེ་དག་ལ། །རྡོ་རྗེ་འཛིན་པ་ཉིད་ཀྱིས་སྐྱོབ་བྱེད་ཤོག་།རྡོ་རྗེ་སྙིང་པོའི་མན་ངག་སྒྲུབ་པའི་ཐབས་ཞེས་བྱ་བ་པཎྜི་ཏ་ཛྙཱ་ན་ཤྲཱི་མཛད་བ་རྫོགས་སོ།། །།འཕགས་པ་གོས་སྔོན་པོ་ཅན ་