CLOSE WINDOW

N2515: dpal phyag na rdo rje gtum po chen po'i sbyin sreg gi cho ga zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ཙཎྜ་མཧཱ་རོ་ཥ་ཎ་ཧོ་མ་ཏ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ ་ལྡན་རྡོ་རྗེ་གཏུམ་པོ་ལ། །གུས་པའི་སྤྱི་བོས་ཕྱག་འཚལ་ནས། བགེགས་དང་གནོད་རིམས་ཞི་བའི་ཕྱིར། །དེ་ཡི་སྦྱིན་སྲེག་ཆོ་ག་བཤད། །བཅོམ་ལྡན་འདས་གོས་སྔོན་པོ་ཅན་སྒྲུབ་པའི་རྣལ་འབྱོར་པས། ། ་དུར་ཁྲོད་དམ་ཆུ་ངོགས་ལ་སོགས་པའི་གནས་ཡིད་དུ་འོང་བར། སྦྱིན་སྲེག་གི་ཆོ་གས་སྦྱིན་སྲེག་བྱའོ།། །དེ་ལ་ཆོ་ག་འདི་ཡིན ་ཏེ། ཞི་བ་འབའ་ཞིག་གི་ལས་ལ། ཐབ་ཁུང་རྒྱར་ཁྲུ་གང་བ། ཟབས་སུ་དེའི་ཕྱེད་ལ་ཁ་ཁྱེར་སོར་བཞི་སྤངས་སུ་བརྩིག་པ་དང། སོར་བཞི་ཕྱིར་དོར?་ལ། ཐ་མར་ག་བཞིར་བྱས་ཏེ། སྒོ་བཞིར་སྒོ་ཁྱུད་དང་ལྡན་པར་བྱས་ལ། ས ་གཞི་ལ་ཁ་དོག་དཀར་པོ་བྱུགས་ཏེ། དབུས་སུ་ཞི་བའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བྲིའོ། །དེའི་ཕྱི་རོལ་རིམ་པ་གསུམ་ལ། དང་པོ་ལ་ཞི་བའི་རྡོ་རྗེ་ཕྲེང་བ་དང། གཉིས་པ་ལ་ཁྲོ་བོའི་རྡོ་རྗེ་བྲིའོ། །གསུམ་པ་ལ་མེ་འོད་དད་བཅས་པ་བྲིས་ནས། ་མཚམས་སུ་ཟླ་བའི་རྡོ་རྗེ་བྲིའོ། །དེ་ནས་དེའི་ཕྱི་རོལ་དུ་བའི་རྣམ་ལྔས་བྱུགས་ལ། མེ་ཏོག་སིལ་མས་མཛེས་པར་བྱའོ། །དེ་ནས་རྫ་ས་བསག་སྟེ། ཡམ་ཤིང་དང། མར་དང། ཏིལ་དང། ནས་དང། གྲོ་དང། ནས་སོ་བ་དང། འབྲས་སོ་བ་དང། ་སྲན་མ་དང། སྲན་མ་མ་ཤ་དང། མེ་ཏོག་དང། དུག་པ་དང། མར་མེ་དང། དྲི་དང་ཞལ་ཟས་དང། ཛཱ་ཏི་ཕ?་ལ་དད། འབས་བུ་གསུམ་དང། བིལ་པ་དང། ཏར་ཀ་དང། ཨུ་དུམ་བ་ར་ལ་སོགས་པ་ཤིང་ལོ་མ་ཅན་གྱི་ཡམ་ཤིང་དང། གསེར ་དང། དངུལ་དང། དར་དཀར་པོ་དང། གདུགས་དང། རྒྱལ་མཚན་ལ་སོགས་པ་དང། འོ་མ་དང། ཞོ་དང། འོབས་ཆན་དང། ཀུ་ཤ་དང། དུར་བ་ལ་སོགས་པ་བསགས་ལ། དགོངས་མོའི་དུས་སུ་སྦྱིན་སྲེག་བྱ་སྟེ། བདག་ཉིད་ཇི་ལྟ་བ ་བཞིན་དུ་ལྷར་བསྐྱེད་ནས། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་ཧཾ་ཞེས་བརྗོད་པས་གནོད་ཀྱི་འཇིག་རྟེན་སྟོང་པ་ཉིད་དུ་བསྐྱེད་ལ། ཡཾ་ལས་རླུང་རཾ་ལས་མེ། པཾ་ལས་ཆུ། ལཾ་ལས་སིལ་དཀྱིལ་འཁོར་བསྐྱེད་ལ། སུཾ་ལས་རི་རབ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས ་རྡོ་རྗེ་དེར་ཧཱུཾ་ལས་ཐབས་ཁུང་གཞལ་ཡས་ཁང་དུ་བསྐྱེད་དེ་སྣོད་བཅུད་ཐམས་ཅད་ཕྱག་ན་རྡོ་རྗེ་ཞི་བའི་སེམས་དང་ལྡན་པར་བསམས་ལ། དེའི་ནང་དུ་རཾ་ལས་མེ་གྲུ་གསུམ་རི་གྱིས་མཚན་པ། ཟུང་གསུམ་ལ་ཨོཾ་ཨཱ(རྒྱུད་འགྲེལ་སུ་གྱུར་པ་ལས་མེ་ལྷ་ཞལ་གཅིག་ཕྱག་བཞི་བ་སྐུ་མདོག་དཀར་པོ་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་དང་ཕྲེང་བ། གཡོན་གཉིས་ན་དབྱུག་པ་དང་གྷནདྷེ་བསྣམས་པར་སྐྱེས་ལ་བཅིངས་པར་བསམས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱའོ། ། ་ལག་པ་གཡས་པ་སྲིན་ལག་གི་རྩ་བར་མཐེ་བོང་བཙུགས་ལ་སྤོས་སྣོད་གཟུང་སྟེ། ཚུར་སྦྱོན་ཚུར་སྦྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། སྲེག་བླུགས་ཞལ་ཟས་འདི་སྣོམས་ལ། །འབར་བའི་གདན་ལ་བཞུགས་སུ་གསོལ་ཞེས ་བྱ་བ་དང། ཨེ་ཧཡེ་ཧེ་མ་ཧཱ་བྷཱ་ཏེ་དེ་བ་རི་ཥི་དྭི་ཛ་ཡ་སཏྭ་མ་ཧཱ་སྨྲི་ཨ་སྨིན་སནྣི་ཧི་ཏོ་བྷ་བ་ཨོཾ་བཾ་བཱ་ཨགན་ཡེ་སྭཱཧཱ་ཞེས་པས་སྤྱན་དྲང་བར་བྱའོ། །དེ་ནས་བསང་གཏོར་བྱ་སྟེ་འཐོར་འཐུང་དང་ཉེ་རེག་བྱས་ནས། ཛ(རྒྱུད་འགྲེལ་གཞུག་བྱ་སྟེ་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ནས། ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རཾ་བསྒོམས་ནས། ལས་ཀྱི་ཕྱག་རྒྱ་གར་ལས་བྱུང་བ་དང། ཕྱག་རྒྱ་ཆེན་པོ་ཕྱག་མཚན་དང་བཅས་པ་བསྒོམ་མོ། །དེ་ནས་ཕྱིར་བྱུང་ལ་དབང་བསྐུར་བ་དང། རྟགས་སུ་རྡོ ་རྗེ་རྩེ་ལྔ་པ་བསྒོམ་མོ། །དེ་ནས་མཆོད་པ་ལྔ་བྱས་ནས་བསྟོད་པ་བྱ་སྟེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མི་ལྷའི་རྒྱལ་པོར་ཡོངས་ཀྱིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག་།འཇིགས་བྱེད ་མེ་ལྷ་ཉིད་ལ་མངོན་པར་བསྟོད་ཅེས་པས་བསྟོད། མེ་སྦར་ཏེ། མེ་གསོ་བའི་ཕྱིར་མར་གྱི་དགང་བླུགས་གསུམ་མམ་བདུན་དབུལ་བར་བྱའོ། །མར་གྱི་དགང་བླུགས་དབུལ་བའི་དུས་སུ་དགང?་གཟར་བླུགས་གཟར་གྱི་ཁ་ལ་ཡི་གེ་གསུམ་དགོད་པ ་དང་མེ་ལྷའི་ཞལ་དུ་རཾ་བསམ་པར་བྱའོ། །དེ་ནས་མེའི་སྤྲ་བརྟགས་ཏེ། བགེགས་ཡོད་ན་ཡུངས་ཀར་ལ་ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་མཱ་རཱ་ཡ་ཧཱུཾ་ཕཊ། ཞེས་བྱ་བས་བསལ་བར་བྱའོ། །དེ་ནས་མཆོད་པར་བྱ་སྟེ། དང་པོར་མར་ལ། དེ་ནས་ཏིལ། དེ་ནས ་ཡཾ་ཤིང་འོ་མ་ཞོ། །ནས་དང་སོ་བ་འབྲས་དང་ནི། །སྲན་མ་མ་ཤ་གྲོ་དག་དང། །སྨན་དང་དཱུརཱ་?་ཤ་སོགས། །ཅི་འབྱོར་པས་ནི་མཆོད་པ་བྱ་བ། ཞེས་འབྱུང་བ་ལྟར་མཆོད་པར་བྱའོ། །དེ་ལ་དབུལ་བའི་སྔགས་ནི ་ཨོཾ་བཛྲ་ཨ་ན་ལེ་མཧཱ་བྷཱུ་ཏ་ཛཝ་ལཱ། སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚ་ན་ཧཱུཾ་ཞེས་པས་མར་གྱི་དགང་བླུགས་ཀྱིའོ། །ོཾ་ཨགན་ན་ཡེ་སྭཱཧཱ་མར་གྱིའོ། །ོཾ་སརྦ་པཱ་པཾ་ད་ཧ་ནཱ་ཡ་སྭཱཧཱ་ཏིལ་གྱིའོ། །ོཾ་བཛྲ་ཨགནན་ཡེ་སྭཱཧཱ་ཡཾ་ཤིང་གིའོ། །ོཾ་སརྦ་སཾ ་བ་དེ་སྭཱཧཱ། ཞོ་དང་འོ་མའོ། །ོཾ་མཧཱ་བེ་གཱ་ཡེ་སྭཱཧཱ། ནས་ཀྱིའོ། །ོཾ་བཛྲ་བི་ཛཱ་ཡེ་སྭཱཧཱ། ནས་སོ་བའི་འོ། །ོཾ་བཛྲ་པུཥྚ་ཡེ་སྭཱཧཱ། འབྲས་སོ་བའི་འོ། །ོཾ་མཧཱ་པ་ལཱ་ཡ་སྭཱཧཱ། སྲན་མའི་འོ། །ོཾ་བཛྲ་མུ་ཛྙཱ་ཡེ་སྭཱཧཱ། སྲན་མ་མ་ཤའི ་འོ། ། བཛྲ་གྷསྨ་དཱི་ཡེ་སྭཱཧཱ། གྲོའི་འོ། །ོཾ་བཛྲ་ཤོ་པ་ཡེ་སྭཱཧཱ། སྨན་གྱིའོ། །ོཾ་བཛྲ་ཨ་པྲ་ཏི་ཧ་ཏ་པ་ལ་སྭཱཧཱ། ཀུ་ཤའི་འོ། །ོཾ་བཛྲ་ཨཱ་ཡུཥེ་སྭཱཧཱ། དཱུ་རྦིའིའོ། །གཞན་དག་ནི་རང་དང་གི་མིང་དང་མེ་ཉིད་ཀྱི་སྔགས་ཀྱི་ས ་དབུལ་ལ། །དེ་ལ་ཡཾ་ཤིང་ནི་འོད་ལའོ། །ཞུ་པའི་རྫས་རྣམས་ཞལ་དུའོ། །མེ་ཏོག་དབུ་ལའོ། །བདུག་པ་ཤངས་ལའོ། །མར་མེ་སྦྱན་ལའོ། །དྲི་ཐུགས་ཀར་རོ། །ལྷ་བཤོས་ཞལ་དུའོ། །རྫས་གཞན་ཕྱག་ཏུའོ། །དེ་ལྟར་ཉི་ཤུ ་རྩ་གཅིག་གམ་ལྔ་བཅུ་རྩ་བཞིའམ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་གཏུམ་པོའི་སྔགས་ཀྱིས་མེ་བསངས་ལ་འོད་དུ་བཞུའོ། །རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་དང་རྡོ་རྗེ་ལས་ཕྱག་ན་རྡོ་རྗེར ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་གཞུག་པ་དང། དབང་བསྐུར་བ་དང། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། མཆོད་པ་ལྔས་མཆོད་པ་དང་བསྟོད་པ་བྱ་སྟེ། ཧཱུཾ་གཏུམ་ཆེན་དུས་མཛའ་ཨི་མེ་ལྟར་བརྗིད། །འོད་ཟེར་ཉི་མའི་བུམ་གྱི ་གཟི། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བདུད་དགྲ་ཁྱོད་ལ་ཕྱག་འཚལ་བསྟོད་ཅེས་བྱ་བ་ལ་སོགས་པས་བསྟོད་པ་བྱའོ། །དེ་ནས་དགང་བླུགས་དབུལ་ཏེ། བཅོམ་ལྡན་འདས་ཀྱི་སྔགས་ཀྱིས་ཅི་ནུས་པར་སྦྱིན་སྲེག་བྱའོ། །དེ་ནས ་བསྟོད་པ་བྱས་ལ་དང་པོར་གསོལ་བ་བཏབ་པར་བྱ་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ་ཞེས་བྱ་བ ་ལ་སོགས་པ་བརྗོད་དོ། །དེ་ནས་བགེགས་ཞི་བ་ལ་སོགས་པ་ལས་ཐམས་ཅད་པའི་སྦྱིན་སྲེག་བྱེད་ན། ཨོཾ་མ་མ་ཤཱཾ་ཏིདཀུ་རུ་ཡེ་སྭཱཧཱ། ཨོཾ་དེ་བ་ཤཱཾ་ཏི་དཀུ་རུ་ཡེ་སྭཱཧཱ། ཨོཾ་ནཱ་ག་ཤཱཾ་ཏི་དཀུ་རུ་ཡཾ་སྭཱཧཱ། ཨོཾ་པི་ཤཱ་ཙ་ཤཱཾ་ཏིདཀུ་རུ་ཡེ་སྭཱཧཱ། ཨོཾ་ཀ་ར་ཎ་ཤཾ ་ཏིདཀུ་རུ་ཡེ་སྭཱཧཱ། ཨོཾ་མཧཱ་རཱ་གེ་ན་ཤཱཾ་ཏིདཀུ་རུ་ཡེ་སྭཱཧཱ། ཨོཾ་ཨུ་པ་ཏཱ་པ་ནཱ་ཤཱ་ཡེ་སྭཱཧཱ། ཨོཾ་ལ་ཀ་ལ་མི་ཏུ་ནཱ་ཤཱ་ཡ་སྭཱཧཱ། ཨོཾ་རོ་ག་ཤཱཾ་ཏིདཀུ་རུ་ཡེ་སྭཱཧཱ། ཨོཾ་རཱཀྵ་ཤཱཾ་ཏིདཀུ་རུ་ཡེ་སྭཱཧཱ། ཨོཾ་བྷཡ་ཧ་ཤཱཾ་ཏིདཀུ་རུ་ཡེ་སྭཱཧཱ། ཞེས་བྱ་བ་ལ་སོགས་པ ་དང། ཐོག་མ་དང་ཐ་མར་བསྒྲུབ་བྱའི་མིང་དང་བཅོམ་ལྡན་འདས་ཀྱིས་སྔགས་དང་སྤེལ་ལ། ཡུངས་ཀར་རཾ་ཏིལ་ཅི་ནུས་པར་བསྲེག་པར་བྱའོ། །དེའི་གདུག་པ་ཅན་ཀུན་ཡེ་ཤེས་ཀྱི་མེས་ཞི་བར་བསམ་མོ། །གལ་ཏེ་སྡིག་པ་བསྲེག་པར་འདོད་ན། ་སྡིག་པའི་གཟུགས་སྙིང་ག་ནས་དྲངས་ལ་བསྲེག་པར་བྱའོ། །ོཾ་ནཱཾ་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཞེས་བརྗོད་ཅིང་དམིགས་པ་རྩེ་གཅིག་པས་བསྲེག་གོ་།ཀླུ་གདོན་ཅན་ལ་སྦྱིན་སྲེག་བྱེད་ན་ཡེ་ཤེས་ཀྱི་ཐུགས་ཀ་ནས་བྱེད? ་ཚན་གྱི་ཆར་བབ་པས་བསྒྲུབ་བྱའི་ལུས་ལ་བྱུག་པར་བསམ། མངར་གསུམ་གྱི་དགང་བླུགས་བྱིན་ཏེ། ཨོཾ་ནཱ་ག་ཤཱཾ་ཏིདཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་ཅིང་སྦྱིན་སྲེག་མངར་གསུམ་གྱིས་བྱའོ། །དེ་ནས་རྒྱ་མཚོ་ཆེན་པོར་གཤེགས་པར་བསམས་ཏེ། གཟུགས ་བརྙན་མངར་གསུམ་དང་བཅས་ཏེ་ཆུ་བོ་ཆེན་པོར་དོར་རོ། །དེ་ཡང་དང་པོར་ས་གཙང་མ་ལ་སྦྲུལ་གྱི་གཟུགས་བྱ་ལ་།ཚོན་གྱིས་ཁྲ་བོར་བྱས་ཏེ། ལུས་བོར་ལ་དེར་ཕྱུང་སྟེ། མངར་གསུམ་གཞུག་གོ་།དེ་ནས་ཆུ་བོར་འདོར་བའི་ཚེ ་དམ་བསྒྲག་པར་བྱ་སྟེ། ཀླུ་རྣམས་ཁྱེད་ཀྱི་ས་བདག་གི་དག་མཉན་ན། །ཡིད་བཞིན་ནོར་ལྟར་བསམ་པ་འགྲུབ་པ་དང། །མཁའ་ལྡིང་རིས་དང་བྱེ་ཚན་གདོན་ཞི་སྟེ། །འདོད་ཡོན་ལྔ་ལ་བདེ་བ་ལོངས་སྤྱོད་ཤོག་།ཇི་སྙེད་ཡི་བཀའ་བས་འདས་གྱུར ་ན། །མཁའ་ལྡིང་བྱེ་ཚན་རིམས་ཀྱིས་ཆར་ཕབ་ནས། །དུས་རྣམས་རྟག་ཏུ་ནད་ཀུན་ལྡང་བ་དང། །ཕྱག་ན་རྡོ་རྗེས་མགོ་བོ་བཀས་གྱུར་ཅིག་ཅེས་བརྗོད་ཀླུ་ལ་གཏོར་མ་གཏང་བ་དང། རྣམ་ཐོས་སྲས་ཀྱང་སྤྱན་དྲངས་ཏེ་གཏོར་མ་རྒྱ་ཆེན་པོ ་བཏང་ངོ། །བསྒྲུབ་བྱ་བསྲུང་བ་ནི། བཅོམ་ལྡན་དྲང་སྲོང་ཆེན་པོ་ཁྱེད། །སུམ་མདོའི་རིགས་མཚན་ལྡན་པ་ལ། །ཇི་ལྟར་བསྲུང་བར་དམ་བཅས་པ། །དེ་ལྟར་འདི་ལ་བསྲུང་བར་མཛོད། ཅེས་བརྗོད་ལ། དེ་ནས་མར་གྱི་དགང་བླུགས་ཕུལ་ཏེ། ་མཆོད་པ་དང་བསྟོད་པ་བྱས་ལ། བཟོད་པར་གསོལ་ཏེ། གང་ཡང་བདག་བློ་གཏི་མུག་པས། །ལེགས་བཤད་འདི་ལ་ཉེས་པ་གང། །ལུས་ཅན་ཀུན་གྱི་སྐྱབས་བྱུང་པའི། །དེ་ཀུན་མགོན་པོས་བཟོད་པར་མཛོད། །གཙོ་བོས་ནུས་པ་མ་མཆིས་ཤིང། །མ་འཚལ ་བ་དང་མ་རྙེད?་བས། །བདག་གིས་བགྱིས་པ་གང་བགྱིས་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད་ཅེས་བརྗོད་དོ། །ོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར ་ཡང་བྱོན་པར་མཛད་དུ་གསོལ། ཞེས་བརྗོད་ལ་གཤེགས་པར་བསམ། །དེ་ནས་དམ་ཚིག་སེམས་དཔའ་རང་ལ་བསྡུ། དེ་ནས་བྱིན་ཟ་ལ་མཆོད་བསྟོད་བྱས་ནས་མེ་ལྷའི་ཞབས་དྲུང་གི་ཐལ་བས་བདག་དང་ཡོན་བདག་བསྲུངས་ཏེ། སྨོན་ལམ་གདབ་པོ།། ་རང་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱིས། །རང་གི་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ། །ེ་ཏྱེ་ཧི་གཙྪ་ཞེས་བྱ་བས་གཤེགས་སུ་གསོལ། དེ་ནས་དམ་ཚིག་གི་མེ་ལྷ་རིམས་ཀྱིས་ཐ་མ་ལ་བའི་མེ་ལ་ཐིམ ་པར་བྱའོ། །དེ་ནས་ཐལ་བ་སློད་བ་ལ་སྦྱིན་ནོ། །འབྱུང་པོ་ཐམས་ཅད་འདུལ་བའི་རྒྱུད་ཆེན་ལས། །བཏུས་ཏེ་སྦྱིན་སྲེག་ཆོ་ག་མདོར་དྲན་བྱས། །དེས་ནི་འགྲོ་བའི་གདོན་དང་སྡིག་པ་ཞི་བ་དང། །ཀླུ་རྣམས་ཀུན་གྱིས་གནོད་པ་བྲལ་གྱུར་ཅིག་།རྗེ་བཙུན་ཕྱག་ན་རྡོ་རྗེ་གོས ་སྔོན་པོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། སློབ་དཔོན་བྲི་ཟེ་ཉི་མཛད་རྡོ་རྗེས་མཛད་པ་རྫོགས་སོ།། །།སྦྱིན་སྲེག་གི་དུས་སུ་བསྟོད་པ་ནི། །ཧཱུཾ་གཏུམ་ཆེན་དུས་མཛའ་ཨི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །གདུག་པའི་མཚོན་ཆ་སྣ་ཚོགས ་