| Wylie | e-texts based on the ACIP/ALL Input |
པར་ཤོག་།ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་།སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ནཱི་ལཱཾ་བར་དྷ་ར་སཱ་དྷ་ཙིནྟ་མ་ཎི་ནཱ་མ། བོད་སྐད་དུ། འཕགས་པ ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་དང། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོ་རྣལ་འབྱོར་པས་ཤིང་གཅིག་ལ་སོགས་པའི་ཕྱོགས་སུ་སྟན་འཇམ་པ་ལ་འདུག་སྟེ། རང་གི་སྙིང ་གའི་ཉི་མའི་དཀྱིལ་འཁོར་ལ་གནས་ལ་པའི་ཧཱུཾ་ནག་པོ་བསམས་ནས་དེའི་འོད་ཟེར་གྱིས་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ཅིང་སྡིག་པ ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཞེས་བྱ་བ་ཚད་མེད་པ་ཆངས་པའི་གནས་བཞི་བསམས་ལ། གཅིག་དང་དུ་མ་དང་བྲལ་བས་སེམས་ཅན་གྱི་ཁམས་མ་ལུས་པ་དང། བདག་ཉིད ་ཀྱང་སྟོང་པར་བསམས་ལ་ཐོ་རང་ས་ཀྱི་སྐར་མ་དང་འདྲ་བར་བདག་ཉིད་མ་དམིགས་ཤིང། ཨོཾ་ཤུ་ནྱ་ཏཱ་ཛྙཱན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བས་ནི་བརྟན་པར་བྱའོ། །དེ་ནས་ཡི་གེ་པཾ་ལས་པདྨ་ནག་པོའི་ལྟེ་བར་ཡི་གེ་ཧཱུཾ་ལས་བྱུང་བའི་མཾ་ཉི་མའི ་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཁ་དོག་ནག་པོ་དང་རིང་པོའི་སྒྲ་སྦྱིར་སྒྲའི་ཡི་གེ་ཧཱུཾ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་བསམ་ཞིང་དེའི་འོད་ཟེར་གྱིས་ནམ་མཁའ་ལ་ཁྲོ་བོའི་རིགས་ཀུན་བཀུག་ལ་དེ་ཉིད་གཞུག་སྟེ། དེ་ཡོངས་སུ ་གྱུར་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན། སྐུ་མདོག་ནག་པོ་སྤྲིན་ལྟ་བུ། ཞལ་གཅིག་པ། ཕྱག་གཉིས་པ། སྤྱན་གསུམ་དམར་བ། མཆེ་བ་གཙིགས་པ། ཞལ་ཁྲོ་གཉེར་ཅན། དབུ་སྐྲ་གྱེན་དུ་བརྫེས་པ། རལ་པའི་ཅོད?་པན ་གྱི་དབུས་ན་མི་བསྐྱོད་པ་སྐུ་མདོག་ནག་པོས་བརྒྱན་པ། གཡོན་བརྐྱང་བས་གནས་པ། གདུག་པ་རྣམས་ལ་སྡིགས་མཛུབ་མཛད་པ། ཕྱག་གཡས་པས་རྡོ་རྗེ་ཕྱར་ཏེ་གནས་པ། ཕྱག་གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་གདུག་པ་གནོན་པའི་སྡིགས ་མཛུབ་འཆད་བ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ནག་པོ་དང་ལྡན་པ། གོས་སྔོན་པོའི་ག་ཤ་དང། ཤམ་ཐབས་བསྣམས་པ། རིགས་ཀྱི་ཀླུ་བརྒྱད་ཀྱིས་དབུ་བརྒྱན་མཛད་པ་ནི་འཇོག་པོ་དང། རིགས་ལྡན ་དམར་པོ། ཞབས་གཉིས་ལ་མཛའ་ཡས་དང་ནོར་རྒྱས་ཀྱི་བུ་ནག་པོ། སྙན་གཉིས་ལ་པདྨ་དང་པདྨ་ཆེན་པོའོ། །སྐར་གསུམ་བཅིངས་པ་ནི་དུད་སྐྱོང་དཀར་པོ། རལ་པ་གཅིག་པའི་སྲང་བུ་ནི་ཧཱུཾ་ལུ་ཏ་ལྗང་གུ་འཛིན་པ། བདུད་ཐམས་ཅད་དང། ་དབང་ཕྱུག་ཆེན་པོ་དང། །ཁྱབ་འཇུག་ལ་སོགས་པ་མུ་སྟེགས་པའི་གཞུང་དང་གཟུགས་འཇོམས་པར་བསམས་ལ། དེ་དང་འདྲ་བའི་གོས་སྔོན་པོ་ཅན་མདུན་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་བསམས་ལ་རང་གི་སྙིང་ཀ་ནས ་སྤྲོས་པའི་མཆོད་པའི་ལྷ་མོའི་ཚོགས་ཀྱི་མཆོད་ལ། ཛ(རྒྱུད་འགྲེལ་པར་བསམས་ལ་ཡེ་ཤེས་པའི་ཐུགས་ཀ་ན་ཡང་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་བསམས་ཏེ། མིག་ལ་སོགས་པའི་དབང་པོ་དྲུག་ལ་ཡང་ཡི་གེ་ཧཱུཾ་དྲུག་ཡོངས་སུ་གྱུར་བ་ལས་དེ་དང་འདྲ་བའི་གོས་སྔོན་པོ་ཅན་དྲུག་བཀོད་དེ། ཡི་གེ་གསུམ ་གྱིས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ། རུ་རཀྵའི་ཕྲེང་བ་ལས་བཟླ་བར་བྱའོ། །ོཾ་ནཱི་ལཱཾ་བར་དྷ་ར་བཛྲ་པཱ་ནི་ཧཱུཾ་ཧཱུཾ་ཕཊ། སྙིང་པོའི་སྔགས་འདི་ཡི་གེ་བཅུ་གསུམ་པའོ། །ོཾ་བཛྲ་པཱ་ནི་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོ་ཡི་གེ་བདུན་པའོ།། ་དེ་དག་ལ་ཡང་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བཟླས་ན་དྲག་པོའི་ལས་འགྲུབ་པར་འགྱུར་རོ། །དེ་ནས་གསང་པའི་ལས་ནི་དུར་ཁྲོད་དུ་བྱིན་ལ། མེ་ཐབ་གྲུ་གསུམ་བཅས་ལ་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང། དུར་ཁྲོད་ཀྱི་ཐལ་བ་དང། ་སྐེ་ཚེ་དང། ད་དུ་ར་དང། ཁྲག་དང། དུག་དང་བསྒྲུབ་བྱའི་གཟུགས་བརྙན་ལ། བཅད་བཅིང་བསྲེགས་ན་ཞག་བདུན་ནས་འཆི་བར་འགྱུར་རོ། །ཧཱུཾ་དང་ཕཊ་སྤངས་པའི་སྦྱོར་བ་དེ་ཉིད་ཀྱིས་མངར་གསུམ་ལ་སྭཱཧཱའི་མཛའ་ཅན་གྱིས་བསྲེགས ་ན། ཞི་བར་འགྱུར། །རྒྱས་པ་ལ་ནི་ཨོཾ་གྱི་མཛའ་ཅན་གྱིས་སོ། །དབང་ལ་ཧོའི་མཛའ་ཅན་གྱིས་སོ། །དགུག་པ་ལ་ནི་ཛ(རྒྱུད་འགྲེལ་དྱ་ནུ་ཏཔནྣ་ཏྭཏ་ཅེས་པའམ། སྙིང་པོ་འམ་ཉེ་བའི་སྙིང་པོས་གཏོར་མ་བཏང་བར་བྱའོ། །གཏོར་མ་གཏོང་བའི་རྫས་ནི་བཟའ་བ་དང། བཅའ་བ་དང། གཞིབ་པ་དང། བལྡག་པ་འོས་པ་དང་ལྡན་པའི་སྦྱོར་བ་བྱའོ། །ལྡང་བའི་དུས་སུ་ཡེ་ཤེས་སེམས ་དཔའ་ཀྲི་དྷ་ཨཱ(རྒྱུད་འགྲེལ་ཡིས་ལས་ཀུན་བྱེད་པར་ཤོག། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། སློབ་དཔོན་དངོས་གྲུབ་བརྙེས་པའི་མཁས་པ་ཆེན་པོ་ཉིན་མཛད་རྡོ་རྗེའི་ཞལ་སྔ་ནས་མཛད་པ། ཕྱག་ན ་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཀུ་མཱ་ར་ཀཱ་ཤུའི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་བའོ།། །། ་