| Wylie | e-texts based on the ACIP/ALL Input |
པོ་སྟེ། །ལོག་འདེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྟོད་པ། རྫོགས་སོ།། །། *། །རྒྱ་གར་སྐད་དུ། བྷ་ག་བཱན་ནཱི་ལཱཾ་བ་ར་དྷ? ་བཛྲ་པཱ་ཎ་བཱ་དྷ་ནཾ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །གཡོན་བརྐྱང་བ་ཡི་གར་གྱིས་ནི། །རི་བོ ་འཛིན་ལ་བདེ་བར་བཞུགས། །ཀླུ་རིགས་རྣམས་ཀྱི་དགྲར་གྱུར་བའི། །ཁྲོ་རྒྱལ་སྤྱི་བོས་རབ་བཏུད་ནས། །དེ་ནས་བླ་མའི་བཀའ་དྲིན་ལས། །ཇི་ལྟའི་རིམ་པས་སྒྲུབ་པ་ཡི། །བདག་ཉིད་དེ་ལྟར་དྲན་པ་ཡིས། །འདི་ནི་བདག་གིས་བྲི་བར་བྱ། །དེ་ལ་ཁྲོ ་བོའི་བདག་པོ་ཡང་དག་པར་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །ཐོག་མར་གདོང་ཁྲུས་བྱས་ལ་ཕྱག་བྱ་སྟེ། ས་གཞི་རྣམ་པར་དག་པ་ལ་མེ་ཏོག་བཀྲམ་ནས་དེའི་དབུས་སུ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་ཡི་གེ་ཧཱུཾ་ཁ་དོག་སྔོན་པོ ་བསམ་ལ། །དེའི་འོད་ཀྱིས་རྗེ་བཙུན་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་དང་ཐབས་གཅིག་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་བསྐུལ་ལ་མདུན་དུ་བསམ་ནས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ ་ལ་སོགས་པའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེའི་སྒྲའི་དོན་དང་ལྷན་ཅིག་ཏུ་སྟོང་པ་ཉིད་ཀྱི་དོན་རྣམ་པར་བསམ་པར་བྱའོ། །དེ་ནས་ནམ་མཁར་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར ་དེའི་སྟེང་དུ་ཡི་གེ་ཧཱུཾ་ཁ་དོག་སྔོན་པོ་འོད་ཟེར་དང་བཅས་པ་བསམ་པར་བྱའོ། །དེའི་འོད་ཀྱིས་འགྲོ་བ་ཐམས་ཅད་རྣམ་པར་སྦྱངས་ནས་རྣམ་པར་གྲོལ་བས་སོ་སོར་གོས་སྔོན་པོ་ཅན་གྱི་སྐུའི་ངོ་བོར་བྱས་ལ། དེ་ནས་འོད་ཀྱིས་བསྡུས་ནས་ས་བོན ་གྱི་ཡི་གེའི་དབུས་སུ་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པས་བལྟས་ལ་དེ་ནས་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་དྲངས་ནས་རྡོ་རྗེ་ལ་གཞུག་པར་བྱའོ། །དེ་ནི་ཡོངས་སུ་གྱུར་པ་ལས།། ་སྐུ་མདོག་སྔོན་པོ་ཆེར་འབར་བ། །ཤིན་ཏུ་ཁྲོ་བས་དྲེགས་པ་ཡི། །གཡོན་བརྐྱང་བ་ཡིས་བདེ་བར་བཞུགས། །ན་ཚོད་བཅུ་དྲུག་ལོན་པ་བཞིན། །དྲག་ཅིང་ཁྲོ་བོའི་ཉམས་དང་ལྡན། །ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །ཞལ་གཅིག་པ ་ལ་ཕྱག་གཉིས་པའི། །རྡོ་རྗེ་རྩེ་ལྔ་བསྣམས་པ་ཡིས། །བསྣུན་པའི་ཚུལ་གྱིས་འཛིན་མཛད་ཅིང། །གཡོན་པ་སྡིགས་མཛུབ་འཆང་བ་དང། །ན་བཟའ་སྔོན་པོ་འཆར་བ་བསྣམས། །སྤྱན་དམར་མཆེ་བ་བརྩིགས་པ་སྟེ། །དབུ་སྐྲ་ཉི་མའི་འོད ་ཟེར་བཞིན། །དབུ་སྐྲ་དགྱེན་བརྫེས་ཅོད་པན་ཅན། །ཧ་ཧའི་སྒྲ་ནི་ཆེར་སྒྲོགས་པ། །ཁྲོ་བོའི་རྒྱལ་པོ་འཇིགས་པར་བྱེད། །ལོག་འདྲེན་ལ་སོགས་བསྲེགས་པར་མཛད། །བདག་ཉིད་དེ་འདྲེར་བསམ་པར་བྱ། །དེ་ནས་རང་གི་སྙིང་གར་ཡི་གེ་ཧཱུཾ ་བཀོད་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ། །དེ་ནས་མདུན་དུ་བཞུགས་པ་དེ་ལ། མཆོད་པར་བྱས་ལ། །ཛ་ཧཱུཾ་བཾ་ཧོ(རྒྱུད་འགྲེལ་མགོ་དང་ལྐོག་མ་དང་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ཨོཾ་ཨཱ(རྒྱུད་འགྲེལ་སྐྱོ་བར་གྱུར་ན་གསང་སྔགས་ཡིད་ཀྱིས་བཟླས་པར་བྱ་སྟེ། མྱུར་བ་དང་དལ་བ་དང་གསལ་བ་དང། མི་གསལ་བ་སྤངས་པའི་ལོག་པའི་རྣམ་པར་རྟོག་པ་སྤངས་ལ་བཟླས་པ་བྱའོ། །བཟླས་པས་སྐྱོན། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ ་ནུཏཔནྣ་ཏྭཏ། ཨོཾ་ཨཱ(རྒྱུད་འགྲེལ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ། ཞེས་བྱ་བས་གཤེགས་སུ་གསོལ། དེ་ལ་བསྙེན་པའི་སྔགས་ནི། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ་དེ་བཞིན་དུ་བརྗོད་པར་བྱའོ། །སྐལ་བར ་ལྡན་པས་སྒྲུབ་ཐབས་འདི་ལ་འབད་པས་ན། །རང་གི་འབད་བས་བླ་མའི་མན་ངག་བདུད་རྩི་ནི། །འཐུངས་ནས་ལུས་ནི་ཡོངས་སུ་རྒྱས་པ་བསྐྱེད་པ་དང། །རྣལ་འབྱོར་གཅིག་གིས་བྱང་ཆུབ་ས་ནི་བདེ་ཐོབ་འགྱུར། །སྐྱེ་བ་སྔ་མའི་ཡང་དག ་སྐལ་བར་ལྡན་ན་ཡང། །ཉེས་པ་འདི་དག་ཇི་ལྟར་སྤོང་བར་ནུས་པ་འགྱུར། །བླ་མའི་དྲིན་གྱིས་མན་ངག་ཐོབ་པར་གྱུར་པ་ན། །བསྙེན་པ་མེད་ཀྱང་དགོངས་པ་འདི་དག་ཐམས་ཅད་ནི། །དེ་ཡིས་མྱུར་དུ་དངོས་གྲུབ་ཐོབ་པར་གྱུར་པ་དང། །དམ་པའི ་གདམ་ངག་ཕན་པའི་བདུད་རྩི་ཡི། །ཐིགས་པས་སྡུག་བསྔལ་ཕུང་པོ་འཇིགས་པར་བྱེད་པས་ན། །སྐྱེ་བ་རྣམ་རྟོག་རྡུལ་རྣམས་ཞིག་པར་བྱེད་པར་འགྱུར། །ཁྲོ་བོའི་རྒྱལ་པོ་ཆེན་པོ་གོས་སྔོན་ཅན་སྒྱི་སྒྲུབ་པའི་ཐབས་སློབ་དཔོན་འགྲེ ་བཟང་སྙིང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཏེ་ཛ་དེ་བ་དང། བོད་ཀྱི་ལོཙྪ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱི་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། ་རྒྱ་གར་སྐད་དུ། བཛྲ་པཱ་ཎི་ཨ་བ་བ་ལ་ནཱི་བི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཏོར་མའི་ཆོ་ག་།བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །ཆུ་གཏོར་བྱེད་པར་འདོད་པས་དང ་