CLOSE WINDOW

N2505: phyag na rdo rje gos sngon po can gyi sgrub pa'i thabs
Wyliee-texts based on the ACIP/ALL Input

ཚིལ་དང། །བྱི་སྐུ་ཧ་ལ་མི་ཕྲག་བཅུད། །བྱུག་པའི་རྫས་སུ་བཤད་པ་ཡིན། །རུས་ཆེན་མནན་ལ་བདུག་པ་བྱ། །ཉི་མའི་འོད་ལ་མུན་པ་བཞིན། །ཇོ་བོ་རྗེ་དང། རྒྱ་བརྩོན་འགྲུས་སེང་གེས་བསྒྱུར།། །། *། །རྒྱ་གར ་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནི། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ། །ལྷག་པའི་ཁྲོ་རྒྱལ་སྐྱོན་ཀུན་ལས་རྒྱལ་བ། །རྣམ་དག་བྱང་ཆུབ་སེམས ་ཅན་དོན་མཛད་པ། །གོས་སྔོན་ཕྱག་ན་རྡོ་རྗེ་ལ་བཏུད་དེ། །དེ་ཡི་སྒྲུབ་ཐབས་སེམས་ཅན་ཕན་ཕྱིར་བཤད། །འདི་ལ་ལྷག་པར་དབང་བའི་སྔགས་པ་ནི། །སྙིང་རྗེ་ཡིས་ནི་ཡིད་ནི་བཅུགས་གྱུར་ཅིང། །ལྷག་པར་མོས་པ་བརྟན་པོའི་ཡིད་ཅན ་ནི། །བྱང་ཆུབ་སེམས་ཀྱི་རྣམ་པས་རབ་ཏུ་བརྒྱན། །དཀོན་མཆོག་གསུམ་ལ་གཅིག་ཏུ་སྐྱབས་སུ་སོང། །བླ་མའི་རྗེས་གནང་ཐོབ་ཅིང་ཡོན་ཏན་ལྡན། །རང་འདོད་ལྷ་དང་བླ་མ་དབྱེར་མེད་ལྷ། །ཤིན་ཏུ་བརྩོན་ལྡན་དབང་དུ་གྱུར་པ་ཡིས། ། ་སྔ་བར་ལངས་ཏེ་སྙིང་ཀར་ཉི་མ་ལ། །ཧཱུཾ་ཡིག་སྔོན་པོ་བུང་བ་ལྟ་བུའི་འོད། །འོད་གསལ་བ་ནི་བློ་ལྡན་གྱིས་བརྟན་ནས། །ཁ་ལ་སོགས་པ་རབ་ཏུ་དག་པར་བྱ། །ཙན་དན་ཨ་ཀར་ཛཱ་ཏི་ཨེ་ལ་དང། །རམས་དང་སོ ་བ་ཤིང་གི་ལོ་མ་ཡིས། །བསྲེས་པའི་དྲི་ཞིམ་ཆུ་ཡིས་བྱུགས་པ་ལ། །མེ་ཏོག་སྔོན་པོས་ཉེ་བར་བརྒྱན་བྱས་ཏེ། །ཤ་དཀར་དྲི་སོགས་བདུག་པ་དག་གིས་ནི། །བདུག་ཅིང་ཡིད་དུ་འོང་བར་གྱུར་པ་ཡི། །ཉེ་བར་འཚེ་བའི་འཇིགས་པ ་རྣམས་སྤངས་ཏེ། །ཡངས་ཤིང་འཇམ་པའི་སྟན་ལ་རབ་འདུག་ནས། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བ་ཡི། །བདག་ཉིད་ཁྲོ་རྒྱལ་གཙོ་བོ་དག་ཏུ་ནི། །རྣམ་པར་བསྒོམས་ནས་གཡས་ཀྱི་སྡིགས་མཛུབ་ལ། །རཾ་ཡིག ་དམར་པོ་རྣམ་པར་བསྒོམ་པར་བྱ། །དེ་ནས་དེ་ལས་བྱུང་བའི་ཉི་མ་ལ། །ཧཱུཾ་ཡིག་སྔོན་པོ་ལས་ནི་བྱུང་བ་ཡི། །མི་བཟད་པ་ནི་རྡོ་རྗེ་རྩེ་དགུ་པ། །འོད་ཟེར་རབ་ཏུ་འཕྲོ་བ་བསམ་པར་བྱ། །དེ་ནས་ཕྱོགས་བཅུ་དག་ཏུ་ནི། །ཁྲོས་པས་སྔགས་ནི ་བརྗོད་བྱ་ཞིང། །གོ་རིམ་ཇི་བཞིན་སེ་གོལ་གྱིས། །གནས་བདག་རྣལ་འབྱོར་བསྲུང་བར་བྱ། །དེ་ལ་གནས་ལ་སོགས་པ་བསྲུང་བའི་སྔགས་ནི། །ོཾ་བཛྲ་ཀྲོ་དྷ་སརྦ་བིགྷ་ནཱཾ་ཧ་ན་ཧ་ན་ཧཱུཾ་ཕཊ་རཀྵ་རཀྵ་སྭཱཧཱ་ཞེས་བྱའོ། །དེ་ནས་སྔོན ་གསུངས་ཉིད་ཀྱིས་ནི། །དྲི་ཞིམ་ཆུ་ཡིས་དཀྱིལ་འཁོར་ཡང། །བྱས་ནས་མེ་ཏོག་དགྲམ་པར་བྱ། །རྒྷ་ལ་སོགས་ཧཱུཾ་བཟླས་བྱ། །དེ་ནས་རང་གི་སྙིང་གར་འོད་ཟེར་གྱི་ཕྲེང་བའི་ལྕགས་ཀྱུས་བཀུག་པའི་དེ་བཞིན་གཤེགས་པ ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་གྱིས་ནམ་མཁའ་ཨི་ཕྱོགས་སུ་ཉེ་བར་གནས་པར་ལྷག་པར་མོས་ཏེ། དེ་རྣམས་ལ་ཡང་དག་པའི་དད་པ་ཉེ་བར་བསྐྱེད་དེ། དེ་ཀུན་ལ་བླ་ན་མེད་པའི་མཆོད་པ་རྣམ་བདུན་བྱའོ། །དུས་གསུམ ་དུ་བཞུགས་པའི་སངས་རྒྱས་ལ་ལུས་དང་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །རབ་གུས་རྒྱ་ཆེའི་མཆོད་པ་ཡིས། །བདེ་གཤེགས་རྣམས་ལ་ཏེ་བར་མཆོད། །འཇིགས་པས་དེ་མདུན་མ་ལུས་པའི། །སྡིག་པ་བྱས་པ་བཤགས་པར་བགྱི། །སངས ་རྒྱས་སོགས་བགྱིས་བསོད་ནམས་ལ། །དེང་འདིར་རྗེས་སུ་ཡི་རང་ངོ། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དུ། །བདེ་གཤེགས་རྣམས་ལ་བསྐུལ་བར་བགྱི། །བདེ་གཤེགས་མྱ་ངན་འདའ་བཞེད་ལ། །དེ་རྣམས་ཡུན་རིངས་གནས་གསོལ་འདེབས།། ་གསུངས་མཆོད་རང་བཞིན་བསོད་ནམས་དང། །དགེ་བ་གཞན་ཡང་བདག་གིས་ནི། །གང་དེ་ཐམས་ཅད་བྱང་ཆུབ་དག་།གཅིག་ཏུ་བསྡུས་ནས་བསྔོ་བར་གྱིས། །དེ་ནས་སྐྱབས་སུ་འགྲོ་བྱ་སྟེ། །དུས་གསུམ་འབྱུང་བའི་སངས་རྒྱས་དང། །ཐེག་ཆེན ་དམ་ཆོས་འདི་དང་ནི། །དགེ་འདུན་སངས་རྒྱས་སྲས་ཚོགས་ལ། །བྱང་ཆུབ་པར་དུ་སྐྱབས་སུ་མཆི། །དེ་ནས་བདག་ཉིད་དབུལ་བྱ་སྟེ། །བདག་ཉིད་ཐལ་མོ་སྦྱར་ནས་ནི། །སངས་རྒྱས་རྣམས་ལ་འབུལ་བར་གྱི། །བདག་ཀྱང་རབ་ཏུ་བཞེས་མཛོད་ལ།། ་ཇི་ལྟར་དགྱེས་པ་བཞིན་དུ་སྦྱོར། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། ངོ་མཚར་ཆེ་མཆོག་བྱང་ཆུབ་ནི། །བླ་མེད་དག་ནི་ཐོབ་ནས་སུ། །ཤིན་ཏུ་མཐར་ཐུག་མྱ་ངན་འདས། །འགྲོ་བ་མྱུར་དུ་དགོད་པར་བགྱི། །དེ་ནས་ལམ་ནི་བསྟེན་བྱ་སྟེ། ། ་གང་འདིར་རྒྱལ་དང་རྒྱལ་བའི་སྲས། །སྙིང་རྗེ་མཆོག་གིས་བསྟན་བྱ་བ། །རྡོ་རྗེ་ཐེག་པ་བླ་ན་མེད། །མཆོག་གྱུར་སྙིང་པོ་བརྟེན་པར་བགྱི། །དེ་ནས་སྙིང་རྗེ་བསྒོམ་བྱས་ཏེ། །འཁོར་བའི་རྒྱ་མཚོ་མ་བརྒལ་བའི། །འགྲོ་བ་མ་ལུས་རྣམས་བལྟས་ནས། །སྡུག ་བསྔལ་སེལ་བར་བྱེད་པ་ཡི། །སྙིང་རྗེ་མཐར་ཐུག་བསྒོམ་པར་བྱ། །དེ་ནས་སྟོང་ཉིད་བསྒོམ་བྱ་སྟེ། །གཟུང་དང་འཛིན་པ་མི་ལྡན་པའི། །མ་དཔྱད་དངོས་པོ་ཡོད་མ་ཡིན། །དེ་ཕྱིར་འགྲོ་ཀུན་སྟོང་པ་ཉིད། །གཉིས་སུ་མེད་པར་སྒོམ་པར་བྱ། །དེ ་ན་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྒྱུ་མཐུན་པ་ལས་ཡོངས་སུ་རྫོགས་པའི་འབྱུང་བ་བཞི་སྟེ། དཀྱིལ་འཁོར་བཞིའི་རྣམ་པའི་འབྱུང་བ་ཆེན་པོ་བཞི་བསྒོམ་པར ་བྱའོ། །དེ་ལ་ལཾ་སྐྱེས་སེར་པོ་སྟེ། །མཛའ་ནི་མ་ལུས་རྡོ་རྗེས་མཚན། །གྲུ་བཞི་པ་ལ་རབ་རྒྱས་པའོ། །དབང་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ནས་པཾ་སྐྱེས་དཀར་པོ་ནི། །ཟླུམ་པོ་བུམ་པས་མཚན་པ་སྟེ། །ཆུ་ཡི་དཀྱིལ་འཁོར་ཟླུམ ་པོ་དེ། །སྟེང་དུ་གནས་པ་ཡང་དག་བསམ། །དེ་ནས་རཾ་སྐྱེས་དམར་པོ་ནི། །གྲུ་གསུམ་རཾ་གྱིས་རྩེ་མཚོན་པ། །འབར་ཞིང་འཕྲོ་བ་སྟེང་དུ་ནི། །མེ་ཡི་དཀྱིལ་འཁོར་བསམ་པར་བྱ། །དེ་ནས་ཡཾ་སྐྱེས་སྔོན་པོ་ནི། །སྦྱར་གཞུ་ལྟ་བུ་འོད་འབར་བ། ། ་བ་དན་དང་བཅས་མཉམ་གཞག་པས། །རླུང་གི་དཀྱིལ་འཁོར་བལྟ་བར་བྱ། །འབྱུང་བ་བཞི་ནི་ཡང་དག་གྱུར། །རྒྱས་འཕྲོ་གཞལ་ཡས་ཁང་པ་སྟེ། །རྣམ་སྣང་མཛད་ཀྱི་རང་བཞིན་ནི། །ཐར་པའི་གྲོང་མཆོག་བསྒོམ་པར་བྱ། །གྲུ་བཞི་པ་ལ ་སྒོ་བཞི་བ། །རྟ་བབས་བཞི་དང་ཡང་དག་ལྡན། །མཆོད་རྣམས་བཞི་ཡིས་ཡོངས་སུ་བསྐོར། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཐིག་གིས་རབ་ཏུ་བསྐོར། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །བླ་རེ་རྔ་ཡབ་མེ་ལོང་དང། །གོས་དང་མེ་ཏོག ་ཕྲང་གིས་བརྒྱན། །མཆོད་པ་ལྔ་ཡིས་ཡང་དག་བརྒྱན། །འདོད་ཡོན་ལྔ་དང་ཡང་དག་ལྡན། །གླུ་དང་གར་སོགས་མཆོད་པ་ནི། །ལྷ་རྫས་བསྣམས་པའི་ལྷ་མོའི་ཚོགས། །བདན་རྩེ་མོ་རླུང་བསྐྱོད་པའི། །དྲིལ་བུ་དག་ནི་ཕྱོགས ་སྒོར་འཁྲོལ། །ཁ་དོག་ལྔ་ཡི་འོད་ཚོགས་ཀྱི། །མ་ལུས་པ་ཡི་ཁམས་ནི་གསལ། །དེ་ཡི་ལྟེ་བར་པདྨ་ནི། །སྣ་ཚོགས་འདབ་མ་གེ་སར་བཅས། །དགའ་བོ་ལ་སོགས་ཀླུ་བརྒྱད་ནི། །གདན་དུ་རྣམ་པར་བསམ་པར་བྱ། །ཤར་ལ་སོགས ་བའི་ཕྱོགས་བཞི་རུ། །དེ་བཞིན་གདན་ནི་བསྒོམ་བྱ་སྟེ། །པང་གནས་འཇིགས་བྱེད་སྟག་དང་ནི། །ཆུ་སྲིན་མི་ནི་རིམ་བཞིན་ནོ། །དེ་ནས་ཕྱི་འཕར་བཞི་པོ་ལ། །རོལ་སྔོན་པོ་བྲིས་པ་ཡི། །དཀར་དང་ནག་དང་སྔོ་སྐྱ་དང། །དེ་བཞིན་སེར་སྐྱ་བསྒོམ་པར ་བྱ། །དེ་ནས་དབུས་གདན་ཤེས་རབ་ནི། །དབྱངས་ཡིག་བཅུ་དྲུག་ངོ་བོ་ཉིད། །རབ་རྒྱས་ཟླ་བ་བསྒོམ་བྱ་བ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །དེ་སྟེངས་སུམ་ཅུ་རྩ་བཞི་ཡི། །གསལ་བྱེད་སྙིང་རྗེའི་བདག་ཉིད་ནི། །ཉི་མའི་འོད་?་རྣམས་བསམ་པ།། ་མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །དེ་སྟེང་པཾ་གིས་ཧཱུཾ་བྱས་པ། །ཡང་དག་སྐྱེས་ལ་རྩེ་ལྔ་པའི། །རྡོ་རྗེ་ལྟེ་བར་ཧཱུཾ་གིས་མཚན། །སོ་སོར་ཀུན་རྟོགས་ཡེ་ཤེས་བསྒོམ། །ཧཱུཾ་ལས་སངས་རྒྱས་སྤྲོ་བྱ་སྟེ། །བསྡུས་ཏེ་དེ་ལ་དེ་རྣམས་གཞུག་། ་ཡང་དག་འདུས་ནས་དབྱེར་མེད་པ། །དེ་ནི་བྱ་བ་གྲུབ་བར་བསྒོམ། །ཟླ་བ་ཉི་མཚན་ཧཱུཾ་ཡིག་ལས། །སྐྱེས་པའི་རང་ཉིད་གོས་སྔོན་ཅན། །རྣམ་དག་ཡེ་ཤེས་ངོ་བོ་ཉིད། །ཡུན་རིང་ཕྱག་ན་རྡོ་རྗེ་བསམ། །དབུ་སྐྲ་ཁམ་པ་གྱེན་དུ་འགྲེང། །ཁྲོ་གཉེར་སྤྱད་ནི ་དམར་བ་སྟེ། །མཆེ་བ་གཙིགས་པ་ཡི་ནི་ཞལ། །གྲོག་གི་ལྗགས་ཀྱིས་འཇིགས་བྱེད་པ། །འཇིགས་དུས་རླུང་གི་དབུགས་དང་ནི། །ཧཱུཾ་ཡིག་འདོན་པ་ཡི་ནི་ཞལ། །ཧ་ཧར་རྒོད་པ་རྩུབ་ཅིང་དྲག་།རྒྱ་མཚོ་ཆེན་པོ་ལྟོ་བ་ཆེ། །པདྨ་དབུ་ལ་རྒྱས་པ ་རོ། །དགའ་བོ་ཉེ་དགའ་རྣ་ཆ་སྟེ། །པདྨ་ཆེན་པོ་ཚང་སྐུད་དོ། །དུང་སྐྱོང་ཏཀྵ་ལག་གདུབ་པོ། །རིགས་ལྡན་ཀརྐོ་དཔུང་བརྒྱན་ཏེ། །ལྷ་གཅན་ནོར་རྒྱས་རྐང་གདུབ་པོ། །ཕྲག་པ་ཟླ་བ་ཉི་མས་བརྒྱན། །སེང་གེ་རྐང་བརྒྱད་པགས་པའི་གོས། །རྡོ་རྗེ ་ལྕག་སྐྲོག་རྐེད་པར་དཀྲིས། །བྲང་འགྲོ་ཆེན་པོ་གསོལ་བས་སོ། །རང་མདོག་རྡོ་རྗེ་རྩེ་གསུམ་ནི། །གཡས་ཀྱི་ཕྱག་ན་བསྣམས་པ་སྟེ། །རྡོ་རྗེ་དབྱུག་ཆེན་མི་བཟད་པ། །གཡོན་གྱི་ཕྱག་ན་བསྣམས་པའོ། །ཉི་མའི་གདན་དང་རྒྱབ་རྟེན་བྲག་།གཡོན ་བརྒྱང་པ་ཡི་ཞབས་ཀྱིས་གནས། །དེ་ནས་དབྱུག་པའི་སྟེང་བསམ་པ། །མཁའ་ལ་འགྲོ་བདག་བྱ་ཁྱུང་སྟེ། །ཁྲོས་ཤིང་ལུས་ནི་ཆེ་ལ་དཔའ་། །ཁ་གདངས་སྣ་ཚོགས་མདོག་ཅན་ནོ། །རྐང་པ་གཉིས་ཀྱིས་སྤྲུལ་རྒྱལ་པོ། །རང ་བཞིན་པ་ནི་ཉིད་དུ་བྱེད། །ཟླུམ་ཞིང་དམར་ལ་འབར་བའི་སྤྱན། །འཇིགས་ཤིང་ཀུན་ཏུ་སེང་སེང་ལྷ། །དེ་ནས་སྙིང་གར་ཉིན་མཚན་ཧཱུཾ། །དེ་ཉིད་འོད་ཟེར་འཕྲོ་བའོ། །དེ་བཞིན་སྤྱི་བོ་མགྲིན་པ་སྙིང། །ོཾ་ཨཱ(རྒྱུད་འགྲེལ་ཞེས་བྱ་བ་ནི་སྦྱོར་བ་དང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་སྙིང་ཉིན་མཚན་གནས་པའི། །ས་བོན་ལས་བྱུང་ཟླ་བ་ནི། །འཇིགས་བྱེད་ལ་སོགས་བརྒྱད་ལ་དགོད། །དེ་རྣམས་ཉི་གནས་དེ་བཞིན་ནོ། །དེ་ལ་ཟླ་ཉི་སྦྱོར་བ་ལས། །དེ ་བཞིན་ས་བོན་བརྒྱང་དུ་གྱུར། །ཧཱུཾ་ཧཱུཾ་ཕུཾ(རྒྱུད་འགྲེལ་ལྡན། །དེ་ནས་ཟླ་བ་ཉི་མ་དང། །མཚན་མ་ས་བོན་ལས་བྱུང་བའི། །དཀྱིལ་འཁོར་པ་ནི་གོ་རིམས་བཞིན། རང་རང་གདན་གནས་བསམ་པར་བྱ། །དེ་ནས་ཁམས་གསུམ་རྣམ་རྒྱལ་ནི། །ཀུན་ཏུ་སྔོ་བ་འབར་བའི་སྐུ། །རྩ ་ཞལ་གནག་ཅིང་དཀར་བ་ནི། །གཡས་པའི་ཞལ་ཏེ་སྤྱན་མིག་དམར། །གཡོན་ཞལ་དམར་ཞིང་ཤ་རྒྱས་ལ། །ཅུང་ཞིག་མཆེ་བ་གཙིགས་པའི་ཞལ། །སྟག་ལྤགས་གོས་ཅན་ཁྲོས་པ་སྟེ། །ཉི་གནས་རྣམ་པར་འཕྲོ་བའི་འོད། །རྡོ་རྗེ ་རལ་གྲི་ལྕགས་ཀྱུ་རྣོ། །གཡས་ཀྱི་ཕྱག་ན་བསྣམས་པའོ། །དྲིལ་བུ་ཞགས་པ་མི་མགོ་ནི། །གཡས་ལས་ཅིག་ཤོས་ཕྱག་ན་བསྣམས། །གཡོན་བརྐྱང་བ་ཡི་ཞབས་གནས་པ། །ཤར་གྱི་གདན་ལ་བསམ་པར་བྱ། །སྒེས་ཅིང་ལང་ཚོ་དང ་ལྡན་ཞིང། །རྒྱན་རྣམ་ཀུན་གྱིས་རྣམ་པར་བསམ། །ལྷོ་ཕྱོགས་གདན་གྱི་ཉི་མ་ལ། །ནག་པོ་ཆེན་པོ་དེ་ནས་བལྟ། །སྤྱན་གསུམ་པོ་ནི་དམར་བ་སྟེ། །གནག་ཅིང་ཁྲོས་པ་མཆེ་བ་གཙིགས། །སྐྲ་ནི་ཁམ་པ་གྱེན་དུ་འགྱེད། །གང་ཡང་རུང་བའི་རྒྱན ་གྱིས་མཛེས། །སྦྲུལ་མཆོག་མཆོད་ཕྱིར་ཐོགས་པ་སྟེ། །གཡོན་བརྐྱང་བ་ཡི་ཞབས་ཀྱི་གནས། །རྩེ་མོ་རྣོ་ཞིང་འཇིགས་པ་ཡིས། །ཙན་དན་བུད་ཤིང་གཡས་ན་བསྣམས། །གཡོན་པའི་ཕྱག་ནི་ཞགས་པ་ནི། །བསྣམས་ཤིང་མི་བཟད་པ ་ཡིས་གཟུགས། །ནུབ་ཀྱི་གདན་གྱི་ཟླ་བ་ལ། །ཀླུ་ཡི་རྒྱལ་པོ་བ་རུ་ན། །དཀར་པོ་གདེངས་ཀ་བརྒྱད་ཀྱིས་སྒེག་།མཉམ་པའི་ཞབས་ཀྱིས་ཡང་དག་གནས། །སྡོང་བུ་དང་བཅས་པདྨ་ཕྱེ། །གཡས་པའི་ཕྱག་ན་བསྣམས་པའོ། །དེ་ནས་གཡོན ་པའི་ཕྱག་གིས་ནི། །ཕྱག་བྱེད་ཚུལ་དུ་བསྒོམ་པར་བྱ། །བྱང་གི་གདན་ལ་ཉི་མ་ལ། །གསང་བའི་དབང་ཕྱུག་རྣམ་ཐོས་སྲས། །སེར་ཞིང་བཟང་ལ་མཆོག་ཏུ་དགའ་། །ལྷ་རྫས་རྒྱན་གྱིས་རྣམ་པར་བརྒྱན། །ཡིད་བཞིན་ནོར་བུ་འོད་འཕྲོ་བ། ། ་གཡས་པ་ཡི་ནི་ཕྱག་ན་བསྣམས། །གསེར་གྱི་ནེའུ་ལེ་ཁ་འོག་བལྟས། །གཡོན་པ་ཡི་ནི་ཕྱག་ན་བསྣམས། །རྟག་ཏུ་བསམ་པ་ཡོངས་རྫོགས་བྱེད། །གཡོན་བརྐྱང་པ་ཡི་ཞབས་ཀྱིས་གནས། །སྤྱན་ནི་ཀུན་ཏུ་དམར་ཞིང་ཆེ། །ལྟོ་བ་ཆེ་ཞིང་སྨོན ་པ་བསམ། །དེ་ནས་ཕྱི་འཕར་བསམ་བྱ་སྟེ། །ཤར་གྱི་གདན་གྱི་ཉི་མ་ལ། །སྲེག་ཟ་དག་ནི་ཆེ་ཞིང་གནག་།རི་དང་སྡིགས་མཛུབ་ཀྱི་ནི་ཕྱག་།ལྷོ་ཕྱོགས་གདན་གྱི་ཉི་མ་ལ། །དེ་ནས་དབུགས་འཕྲོག་པ་ནི་བལྟ། །དཱུརྤ་ལྟ་བུ་ལྗང་ཞིང་རིང། ། ་པགས་པ་དང་ནི་སྡིགས་མཛུབ་ཕྱག་།ནུབ་ཀྱི་གདན་གྱི་ཉི་མ་ལ། །དམར་པོ་ཁྲག་ཟ་བསྒོམ་པར་བྱ། །སྦལ་བའི་ཁྲག་གིས་གང་བ་ཡི། །ཐོད་པ་དག་ནི་ཕྱག་ན་བསྣམས། །བྱང་གི་གདན་གྱི་ཉི་མ་ལ། །ཤ་ཟ་བ་ནི་རྣམ་པར་བསམ། །ཐལ་བའི ་མདོག་ཅན་གྲི་དང་ཞགས། །ཕྱག་བསྣམས་འཇིགས་པར་བྱེད་པའོ། །བཞི་པོ་འདི་ནི་སྟོབས་དང་ལྡན། །བོང་ཐུང་གྲིམས་པ་ཡི་ནི་ལུས། །མཆེ་བ་གཙིགས་ཤིང་མི་སྡུག་པ། །སྨ་ར་སྨིན་མ་མགོ་སྐྱེས་ལྡན། །ཧ་ཧར་བཞད་བཅས ་ལྗགས་འདྲིལ་བ། ཟླུམ་ཞིང་དམར་བ་ཡི་ནི་སྤྱན། །སྨིན་མ་འཁྲོག་ཅིང་གསུས་པོ་ཆེ། །འཇིགས་དུས་ཀྱི་ནི་མེ་ཡི་འོད། །དྲག་པོ་སྟག་ལྤགས་ཀྱི་ནི་གོས། །ཐོད་བའི་རུས་པས་རྣམ་པར་བརྒྱན། །ཞལ་གཅིག་ཕྱག་གཉིས་ཁྲོས་པ་སྟེ། ། ་གཡོན་བརྐྱང་བ་ཡི་ཞབས་ཀྱིས་གནས། །ཁམས་གསུམ་རྣམ་རྒྱལ་ཞེས་སོགས་ནས། །མདངས་འཕྲོག་མ་ཡི་མཐར་ཐུག་པར། །སྙིང་ཀར་ས་བོན་གདན་མཚན་མ། །དེ་ཉིད་གསུམ་དང་ལྡན་པ་བསམ། །གཞན་ཡང་ཡོངས་རྫོགས་དཀྱིལ ་འཁོར་ནི། །སྔགས་རིག་པ་ཡིས་བལྟས་ནས་སུ། །རང་སྙིང་ས་བོན་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་ཡོངས་སུ་དགུག་།དེ་ནས་མདུན་གྱི་ནམ་མཁའ་ལ། །དེ་བཞིན་གཤེགས་པ་ཡང་དག་བཞུགས། །ཧཱུཾ་གིས་བགེགས་ནི་བསྐྲད་བྱ་སྟེ། ། ་བསང་གཏོར་ལ་སོགས་སྦྱར་བར་བྱ། །ཛ(རྒྱུད་འགྲེལ་བཀུག་ནས་སུ། །བཞུགས་གསོལ་མེ་ཏོག་ལ་སོགས་མཆོད། །བརྟུལ་ཞུགས་དབང་བསྐུར་གསོལ་བ་གདབ། །དེ་ནས་ཡེ་ཤེས་ཆུས་གང་བའི། །རྒྱལ་བདག་རིན་ཆེན་བུམ་པ་ཡིས། །བདག་དང་དཀྱིལ་འཁོར་བཅས་པ་ལ། །སངས ་རྒྱས་རྣམས་ཀྱིས་དབང་བསྐུར་བསྒོམ། །དེ་ན་དབང་བསྐུར་ཆུ་གྱུར་པས། །ཀུན་གྱི་དབུལ་མི་བསྐྱོད་དེ། །རལ་པའི་དབུ་རྒྱན་གྱིས་བརྒྱན་པའི། །མིག་སྨན་ལྟ་བུ་བསྒོམ་པར་བྱ། །དེ་ནས་སྙིང་གའི་ས་བོན་འོད། །བྱུང་བའི་ལྷ་མོའི་ཚོགས་རྣམས ་ཀྱིས། །ཡང་དག་མཆོད་བཞིན་བདག་ཉིད་ཀྱིས། །དཀྱིལ་འཁོར་ཡང་དག་ལྡན་པར་བསམ། །དེའི་རྗེས་སུ་དཀྱིལ་འཁོར་ཀུན་གྱིས་གླུ་གསུམ་གྱིས་དཀྱིལ་འཁོར་གྱི་དབང་ཕྱུག་གི་བདག་ཉིད་ལ་བསྟོད་བཞིན་པར་བལྟའོ། །གསང་བའི་བདག་པོ ་གཙོ་ཆེན་པོ། །སངས་རྒྱས་སྐུ་དང་འདྲ་བའི་ལུས། །གཏི་མུག་རྡོ་རྗེའི་རང་བཞིན་བདག་།རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །གསང་བའི་བདག་པོ་གཙོ་ཆེན་པོ། །སངས་རྒྱས་གསུང་དང་འདྲ་བའི་དག་།འདོད་ཆགས་རྡོ་རྗེའི་རང་བཞིན་བདག་། ་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །གསང་བའི་བདག་པོ་གཙོ་ཆེན་པོ། །སངས་རྒྱས་ཐུགས་དང་མཚུངས་པའི་ཡིད། །ཞེ་སྡང་རྡོ་རྗེ་རང་བཞིན་བདག་།རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། ཅེས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས ་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ན་རྗེས་སུ་མཐུན་པའི་གཟུགས་ཀྱི་འགྲོ་བའི་དོན་བྱེད་ལ་རྗེས་སུ་གནས་པར་བྱ་སྟེ་སྙིང་གའི་འོད་ཀྱིས་བསྐུལ་ཏེ་དཀྱིལ་འཁོར་པ་ཀུན་གྱིས་འོད་སྤྲོ་ཞིང་རང་གི་ལུས་ལ་སྡུད་པར་བསམ་པར་བྱའོ། །རང་ཉིད ་དཀྱིལ་འཁོར་གྱི་གཙོ་བོ་ལས་ཡང་རང་གི་འོད་ཡོངས་སུ་སྤྲོས་ཏེ། སེམས་ཅན་གྱི་དོན་བྱས་ཤིང་རང་ཉིད་ལ་རང་ཉིད་ཀྱི་འོད་མ་ལུས་པ་བསྡུ་བར་བྱའོ། ཞེས་པ་ནི་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །གཞན་ཡང ་བསྒོམས་པས་སྒྱོན?་ངལ་སོ་ཞིང་སྔགས་ཡོངས་སུ་བཟླས་པར་བྱ་སྟེ། སྔགས་ཀྱི་ཡི་གེ་ཕྲེང་བ་སྙིང་གའི་ཉི་མ་ལ་དཀྱིལ་འཁོར་གྱི་རྣམ་པར་གོ་རིམས་བཞིན་དུ་རྣམ་པར་བལྟས་ནས། སྒྲ་ཁྲོ་བོ་དག་གིས་རབ་ཏུ་བཟླས་སོ། །རྡོ་རྗེའི་བཟློས་པ་མགལ ་མེའི་འཁོར་ལོའི་རིམ་པས་གཞན་ཉིད་ཀྱང་ངོ། །ཇི་སྲིད་མི་སྐྱོའི་བར་དུ་བླ་མའི་མན་ངག་གིས་བཟླས་སོ། །སྔགས་ནི། ཏདྱ་ཐཱ་།བྷོ་བྷོ་བནྣཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲི་ད་ཡཾ། ཡ(རྒྱུད་འགྲེལ་ད་ནཱཾ། བྷ་བི་ཥྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མཱ་ཏི་ཀྲ་མ་ཐ། ཧ་ར་ཧ་ར། ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར། ནཱ་གཱ་ནཱཾ། ཙྪིནད་ཙྪིནད། ནཱ་ག་ཧྲི་ད་ཡཱ་ནི། བྷིནད་བྷིནད། ནཱ་ག་མརྨཱ་ཎི། བི་ས་མ་ད། ནཱ་ག་ཤཱ་རཱི་རཾ། བིཾ་སྤྲོ་ཊ་ཡ། ་ནཱ་ག་ནཱ་ཡ་ནཱ་ནི་ཏདྱ་ཐཱ། །ཧཱུཾ་ཕཊ། ནཱ་ག་བ་རཱ་ར་ཎཱ་ཡེ་ཧཱུཾ་ཕཊ། ནཱ་གོ་ཏྶཱ་དཱ་ཡ་ཕཊ། ནཱཾ་ལཱཾ་བཱ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ། པ་ར་ཀྲ་མཱ་ཡ་ཕཊ་ཀྲི་ཏཱནྟཱ་ཡ་ཕཊ། ཀྲཱི་ཏཱནྟ་རཱུ་པཱ་ཡ་ཕཊ། རོ་ཥ་ནཱ་ཡ་ཕཊ་།ཏྭཱ་ས་ནཱ་ཡ་ཕཊ། ཀུཥྨཎྜ?་?་ད ་ནཱ་ཡ་ཕཊ། པྲེ་ཏ་བི་ཤཱ་ཙ། བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པསྨཱ་ར་བཾ་ནཱ་ཤཱ་ཀརཱ་ཡ་ཕཊ། ཧ་ས་ཧ་ས་དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ། ནཱ་ཤ་ཡ། སརྦ་བིགྷ་ནཱ། བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷཾ་བཾ་ནཱ་ཤ་ཀ་རཱ་ཡ ་ཕཊ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎེ་རཱ་ཛྙཱ་བ་ཡ་ཏི་སྭཱཧཱ་ཞེས་བྱའོ། །བཟླས་པ་དང་བསྒོམ་པས་སྐྱོ་ན་སྔགས་པས་སྐྱོ་བ་ཡོངས་སུ་སྤང་བའི་ཕྱིར་ལུས་གསོ་བའི་ཆོ་ག་བྱ་སྟེ། བདུད་རྩི་ལྔ་ཞུ་གང་བ་ཡི། །སྤྱི་བོའི་སྟེང་དུ་ཟླ་དཀྱིལ་འཁོར། །ོཾ ་ཡིག་བྱིན་བརླབས་བསྒོམ་བར་བྱ། །དེ་ཡི་འོད་ཟེར་དཀར་སྤྲོས་པས། །ཡེ་ཤེས་བདུད་རྩི་སངས་རྒྱས་ལས། །འབད་པས་ཡང་དག་དགུག་པ་བྱ། །དེ་དག་ཉིད་ལས་བསྒྲུབ་བྱ་སྟེ། །རོ་གཅིག་གཉིས་མེད་དག་ཏུ་བྱ། །སྲོག་དང ་རྩོལ་བ་བསྡམས་པ་ལས། །དེ་ནས་ལེགས་རྒྱུན་ལ་བབས་པས། །བདག་ཉིད་ལུས་ལ་སོགས་པ་དེ། །གསོ་བཞིན་པར་ནི་བལྟ་བར་བྱ། །དེ་ནས་ལངས་པར་འདོད་ན་ནི། །སྨོན་ལམ་དག་ཀྱང་གདབ་པར་བྱ། །ཕྱག་ན་རྡོ་རྗེ་གོས་སྔོན ་ཅན། །གོ་འཕང་མྱུར་དུ་ཐོབ་པར་ཤོག་།བསོད་ནམས་འདི་ཡིས་འགྲོ་བ་ནི། །མ་ལུས་པ་ཡིས་ཐོབ་པར་ཤོག་།དེ་ནས་དེ་ཉིད་གསུམ་བརྗོད་པས། །རང་སྙིང་ས་བོན་རང་དཀྱིལ་འཁོར། །བསྡུས་ཏེ་ལྷ་ཡི་རྣམ་པ་ཡི། །ང་རྒྱལ་དག་གིས ་གནས་པར་བྱ། །ཉིན་མོ་ཐུན་གཉིས་རྣལ་འབྱོར་པས། །རང་ཉིད་ས་བོན་ལས་བྱུང་བའི། །ཡོངས་སུར་རྫོགས་པའི་དཀྱིལ་འཁོར་ཀུན། །སྔོན་བཞིན་དུ་ནི་རབ་ཏུ་བྱ། །དེ་ལྟར་ནུབ་ཀྱི་ཐུན་མཚམས་སུ། །འོན་ཀྱང་ཁྱད་པར་ཡོད་གྱུར་ཏེ། །ཡེ་ཤེས ་འཁོར་ལོ་གཤེགས་སུ་གསོལ། །འཁོར་ལོ་རང་གི་གཉུག་མར་བསྡུ། །ཡེ་ཤེས་འཁོར་གཤེགས་སུ་གསོལ་བའི་སྔགས་ནི། །ོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས ་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འདི་རུ་བྱོན་པར་མཛོད། །མུ(རྒྱུད་འགྲེལ་སྔོན་གསུངས་ཀླུ་ནི་གསུམ་པོ་ཡི། །ཐོ་རངས་བདག་ལ་བསྐུལ་བཞིན་པར། །ཀླུ་དབང་རང་ཉིད་བསམ་པར་བྱ། །ལངས་ནས་སྔོན་གྱི་ཞག་བཞིན་དུ། །བསྒོམ་པའི་རིམ་པ་རབ་ཏུ་བྱ། །དངོས་སུ་ཐུན་ནི་སོ་སོ་ལ། །ཇི་སྲིད་དངོས་གྲུབ ་གྱུར་དེ་བཞིན། །བགེགས་རྣམས་ཉེ་བར་ཞི་དོན་དུ། །སྔགས་རིག་པ་ཡིས་ཐུན་ལ་ནི། །ཇི་ལྟའི་གདམས་ངག་གིས་སྦྱངས་ཏེ། །ཆོ་ག་བཞིན་དུ་གཏོར་མ་སྦྱིན། །རྒྱལ་བས་དབང་བསྐུར་བར་བསམས་ནས། །རང་ཉིད་རྣམ་པར་དག་འདོད ་བྱ། །རྩ་སྔགས་ལན་གསུམ་བརྗོད་ནས་སུ། །བློ་ལྡན་བྱམས་པས་གསོལ་བར་བསམ། །རྐང་འོག་སྣ་ཚོགས་རྡོ་རྗེ་ནི། །ཧཱུཾ་ཡིག་ལས་ནི་བྱུང་བར་བསམ། །དེ་ཡི་སྟེང་དུ་ཧཱུཾ་སྐྱེས་པའི། །རྡོ་རྗེ་རྩེ་མོ་ལྔ་པ་བསམ། །དེ་སྟེང་འབར ་བའི་རྡོ་རྗེ་ཡི། །གུར་ནི་ཧཱུཾ་ལས་བྱུང་བ་སྟེ། །བགེགས་ཀུན་ཞི་བར་བྱ་བའི་ཕྱིར། །བསྒོམ་པ་རྣལ་འབྱོར་པ་ཡི་བྱ། །སྒྲུབ་པོའི་བསྒོམ་དང་རྨི་ལམ་ན། །མཚན་མ་རྙེད་གྱུར་དེ་ནས་ནི། །སྟེགས་བུ་རབ་ཏུ་བསྒྲུབ་པའི་ཕྱིར། །ལྷ་རྣམས་ཀུན་ལ ་མཆོད་པར་བྱ། །རི་བོ་དབེན་པ་སྐྱེད་ཚལ་དང། །རྒྱ་མཚོའི་འགྲམ་དང་ཆུ་བོའི་དོགས། །ཡིད་འོང་བྱང་ཆུབ་སེམས་དཔའ་གཞི། །མ་མོའི་ཁང་པ་གཉུག་གཞི་འམ། །གཞན་ཡང་ས་ཡི་ཆ་ལ་ནི། །དེ་ལ་འཚེ་བ་བྲལ? ་བ་རུ། །དངོས་གྲུབ་སྒྲུབ་པའི་ཆོ་གའི་ཕྱིར། །སྔོན་གསུངས་དྲི་ཡི་ཆག་ཆག་གདབ། །བཅུ་དྲུག་ལོ་ལོན་མིག་ཡང་ས་པ། །ལུས་རྒྱས་མགོ་སྐྱེས་གནས་པ་ཡི། །ཁྲོ་ཞིང་སྣ་ནི་ཉག་གྱུར་པ། །བུ་མོ་བློ་ལྡན་གྱིས་བསྒྲུབ་བྱ། །རྨངས?་ཏེ་ཆུ ་དང་འོ་མ་དང། །དྲི་ཞིམ་ཆུ་དང་ལྡན་པ་ཡིས། །ཁྲུས་བྱས་གོས་སྔོན་སར་བ་ནི། །དེ་ལ་ཡོངས་སུ་བསྐོན་བར་བྱ། །མེ་ཏོག་སྔོན་པོའི་ཕྲེང་བ་དང། །སྐྲ་ཡི་ཞགས་པས་དཀྲི་བར་བྱ། །དཔྲལ་བར་ཐིག་ལེ་བཀོད་ནས་སུ། །དེ་ལ་ལྕགས་ཀྱུ་བྲི ་བར་བྱ། །ལྕགས་ཀྱུ་རྩེ་མོ་རྣོན་པོ་ནི། །དེ་ནས་ལག་པ་གཡས་སུ་སྦྱིན། །མཁྲད་ཞིང་གསར་དུ་བྱས་པ་ཡིས། །སྣོད་ནི་དེ་ཡི་གཡོན་དུ་སྦྱིན། །བསྲུང་བའི་སྔགས་ཀྱི་བཟླས་པ་ཡིས། །དེ་ལ་ཡུངས་ཀར་བརྡེག་པར་བྱ། །འཁོར ་ལོས་སྒྱུར་བའི་སྔགས་འདི་ནི། །བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ། །དེ་ལ་འཁོར་ལོས་སྒྱུར་བའི་སྔགས་ནི་འདི་ཡིན་ཏེ། །ོཾ་བཛྲ་པཱ་ཎི་ཡེ་སརྦ་ཨརྠ་སིད་དྷི་ཀུ་རུ་སྭཱཧཱ། ཞེས་བྱའོ། །དེ་ནས་སྔགས་པས་རྡན?་བྱིན་ཏེ། །ཐུན་མོང་སྦྱིན་པས ་འདི་མཉེས་བྱ། །བདེན་བྲལ་མཚམས་གནས་བཟང་པོ་ཡི། །ས་ནི་འདི་ཡིས་བླང་བར་བྱ། །ཞི་བའི་སྔགས་ནི་བརྗོད་པར་བྱ། །ས་ནི་ནག་པོ་བརྐེ་བར་བྱ། །ཕྱུང་སྟེ་སྣོད་དུ་བླུག་ནས་སུ། །རུང་བའི་གནས་སུ་བླང་ས་ལ་གཞག་།དེ་ནས་ས ་ནི་བླངས་པ་ལ། །དྲི་ཞིམ་ཆུ་བཟླས་དེར་གདབ་བྱ། །མཐོ་གང་དང་བཅས་སྲ་བ་ཡི། །ཁྲུ་གང་མཐོ་བའི་སྟེགས་སུ་དགེ་།ས་ནི་ནག་པོ་དང་བཅས་པའི། །སྔོན་གསུངས་དྲི་ཡིས་བྱུགས་པར་བྱ། །སྟེགས་བུ་མེ་ཏོག་སྔོན་པོ་ཡིས། །དུས ་གསུམ་དུ་ནི་ཉེ་བར་བརྒྱན། །སྟེགས་བུ་འོག་གོས་ལ་ནི། །དེ་ནས་གོས་སྔོན་རྣལ་འབྱོར་གྱི། །ཏིང་འཛིན་གསུམ་ནི་རབ་བྱས་ཏེ། །བུམ་པར་ལྷག་པར་གནས་པར་བྱ། །ནག་ནོག་རྩ་བ་མེད་མཆུ་འཕྱང། །མགྲིན་རིང་ལྟོ་བ་ཆེ་བ་ལ། །འབྲས་དང་འབྲས ་བུ་གསུམ་འོག་མ། །རིན་ཆེན་སྨན་དང་ཡང་དག་ལྡན། །མེ་ཏོག་འབྲས་བུ་ལྡན་གྱུར་པའི། །ཡལ་ག་དག་གིས་ཁ་བརྒྱན་ཏེ། །སྔོན་པོ་མགུལ་པར་གོས་ནི་སྔོ། །སྣ་ཚོགས་མེ་ཏོག་དག་གིས་བརྒྱན། །བསམ་གཏན་དཀྱིལ་འཁོར་ཡང་དག་ལྡན། །རྗེས ་སུ་མཐུན་པའི་གདན་ལ་གནས། །ཅི་སྲིད་བརྒྱ་རྩ་བརྒྱད་ཏུ་ནི། །རྩ་བའི་སྔགས་ནི་བཟླས་པར་བྱ། །མཎྜལ་དགུ་ཡི་རིམ་པ་ནི། །དེ་ནས་སྟེགས་བུ་དག་ལ་བྱ། །ལྷ་ཡི་གནས་སུ་ཡང་དག་གནས། །དཀྱིལ་འཁོར་རྣོན་པོ་འགྲོ་ཞུ་ལས། །ལྷ ་ཡི་དཀྱིལ་འཁོར་དགེ་བ་ནི། །དཀྱིལ་འཁོར་སྟེང་དུ་ཡང་དག་བལྟ། །ཡེ་ཤེས་དཀྱིལ་འཁོར་བཀུག་ནས་སུ། །ཡང་དག་མཆོད་དེ་རབ་ཏུ་གཞུག་།བཅིད་དང་དགྱེས་བྱའི་ཆོ་ག་ཡིས། །ཡང་ནི་ཨརྒྷཱ་ལ་སོགས་སྦྱིན། །སྣ་ཚོགས་མཆོད་ ་པས་མཆོད་ནས་ནི། །བསྟོད་དང་སྔགས་ནི་རབ་ཏུ་བཟླ། །ཞག་ནི་ཉི་ཤུ་རྩ་གཅིག་ཏུ། །དེ་ལྟར་ཉི་རེ་བཞིན་དུ་བྱ། །སྔགས་པས་བཟླས་པ་ཁྲི་ཕྲག་གཅིག་།ཉི་མ་རེ་རེ་ཡོངས་སུ་བསྐང། །དེ་ལྟར་བྱེད་པའི་རྣལ་འབྱོར་པས། །ཞི་དང་རྒྱས་དང་དབང ་དང་ནི། །མངོན་སྤྱོད་ལས་ནི་ཐམས་ཅད་དུ། །དེས་ནི་ངེས་པར་འགྲུབ་པར་འགྱུར། །སྐྱོན་རྣམས་ཐམས་ཅད་ཟད་འགྱུར་ཏེ། །ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར། །དུག་དང་ཉེ་བའི་དུག་དང་ནི། །ཀླུ་ཡི་དུག་ནི་མེད་པར་འགྱུར། །འཇིགས་པ ་བརྒྱད་ཉིད་ཉམས་འགྱུར་ཞིང། །རིམས་དང་ནད་རྣམས་དེ་བཞིན་ནོ། །མི་མ་ཡིན་ནི་འགྲེས་འགྱུར་ཞིང། །རྒྱལ་པོ་རྐུན་པོ་དབང་དུ་འགྱུར། །སྡུག་བསྔལ་སྐལ་དན་དབུལ་བ་དང། །རྩོད་པ་སྡིག་པ་བསགས་པ་རྣམས། །མི་འདོད་པ་ཡི་སྦྱོར་བ་ཡང ་རིམས་ཀྱིས་ཟད་ཅིང་ཟིལ་གནོན་འགྱུར། །གཡེང་དང་ཚེ་དང་ལེགས་སྟོབས་དང། །རིག་པ་དག་དང་འཁོར་གྱིས་རིགས། །ཕྱུགས་དང་ནོར་ནི་ཐམས་ཅད་དང། །ནོར་དང་འབྲུ་ཡང་འཕེལ་བར་འགྱུར། །གཞན་ཡང་སྦྱོར་བ་ནི་ཡང་དག ་པར་བསྐུལ་བ་རྩ་བའི་སྔགས་ནི་ཆུ་ལ་ལན་གསུམ་བཟློས་ཏེ། ཤར་ཕྱོགས་སུ་ཁ་བལྟས་བས་གཡོན་པའི་ལག་པ་ཕྱག་བྱེད་པ་ལྟར་བྱས་ཏེ་སྔགས་པས་ཁྱོར་བ་གསུམ་བཏུང་བར་བྱའོ། །ཟླ་བ་དྲུག་གི་ནང་དུ་ཤེས་རབ་དང་ལྡན་པར་འགྱུར་རོ། །སོར ་ལྔ་ལྔ་བརྐོས་པའི་འོག་གིས་དཀར་པོ་དང། འབྲས་ཟན་ལ་རྩ་བའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། རྐུན་པོ་ལ་མངོན་པར་ཕྱོགས་ཏེ་གཏོར་ན་རྐུན་པོ་རེངས་པར་བྱེད་དོ། །མི་མ་ཡིན་པས་གཟུང་བ་ལ་དེ་བཞིན་དུ་དེའི་དཔུང་པ་ལ་ཡོངས་སུ ་བཟླས་ཏེ་སྐུད་པ་སྔོན་པོས་བཅིངས་ན་གྲོལ་བར་འགྱུར་རོ། །བྱི་ལ་འདུག་པའི་ས་ལ་དེ་བཞིན་དུ་ཡོངས་སུ་བཟླས་ཏེ་དྲིའི་ཆུ་རྨ་བྱའི་སྒྲོའི་ཆུན་པོས་གཏོར་ཏེ། གྲུབ་པའི་དོན་དུ་ཆག་ཆག་བྱས་ན་བྱི་ལ་རབ་ཏུ་ཞི་བར་འགྱུར་རོ། །བ་ལང་གི་སྐེ ་འམ་རྭ་ལ་དེ་བཞིན་བཟླས་ཏེ། སྐུད་པ་སྔོན་པོ་ལ་མདུད་པ་བརྒྱ་བྱས་ནས་ཕྱུགས་ཀྱི་ནང་ཞི་བར་འགྱུར་རོ། །མི་མང་པོ་འཆི་བའི་སར་སྔར་བཞིན་དུ་བཟླས་པའི་དྲི་ཆུ་ལ་འབུ་ཀའི་གཤེག་པས་གཏོར་ཞིང་ཡུངས་ཀར་སེར་པོ་གཏོར་ན་ཞི་བར ་འགྱུར་རོ། །ཁྲག་དང་ཉ་དང། ཤ་དང། འབྲས་དང། མོན་སྲན་རྡེའུ་བསྲེས་པའི་ཟན་དང། ཁ་དོག་ཀུན་དང། ཏིལ་དང། སྤོས་དང། མོན་སྲན་དྲེའུ་བཅོས་པས་སའི་ཁམས་སྐྱོང་གང་བ་ལ་དེ་བཞིན་དུ་བཟླས་ཏེ། གཏོར་མ་དེ་གང་གི་ཁྱིམ་དུ ་གཏོར་བ་དེ་རྩ་རྒྱུད་འཆད་དོ། །རང་གི་སྙིང་གའི་ཉི་མ་ལས་སྤྲོས་པའི་རབ་ཏུ་གཏུམ་པའི་འོད་ཟེར་གྱི་ཚོགས་ཀྱིས་ཁམས་གསུམ་དུ་གཏོགས་པའི་དུག་བསྲེགས་བཞིན་པར་རྣམ་པར་བལྟས་ལ་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི ་རབ་ཏུ་དཀར་བའི་འོད་ཟེར་གྱི་བདུད་རྩིས་རྒྱས་པར་སྣང་བཞིན་པར་བལྟ་བར་བྱའོ། །ཁམས་གསུམ་གྱི་དུག་ཉམས་པར་བྱེད་པའི་སྦྱོར་བའོ། །ནམ་མཁའ་ལ་སྤྱོད་པའི་ཉི་མའི་དཀྱིལ་འཁོར་ལ་ཁམས་སེར་པོ་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར ་པ་ལས་མདག་སེར་པའི་དུག་གིས་ཕུང་པོར་ཉི་མའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཉི་མ་ལས་བྱུང་བའི་དུག་གི་འོད་ཟེར་གྱི་ཚོགས་ཀྱི་ཟེལ་མའི་རྣམ་པ་དམུག་པ་ལྟ་བུ་ལྷང་སྟེ། སེམས་ཅན་གྱི་འཇིག་རྟེན་དང། སྣོད ་ཀྱི་འཇིག་རྟེན་གཉིས་ཁྱད་པར་བྱའོ། །བརྟན་པ་དང་གཡོ་བ་དུག་དུ་བྱ་བའི་སྦྱོར་བའོ། །གལ་ཏེ་ཡང། དུག་དེ་མེད་པར་བྱེད་འདོད་ན་གོང་དུ་བསྟན་པའི་སྦྱོར་བས་བྱའོ། །དུག་བསླང་བའོ། །ཀླུ་རྣམས་ཚར་བཅད་པར་འདོད་ན། ཀླུའི་གནས ་སུ་སྔགས་དེ་ཉིད་ཁྲོ་བོའི་ཚིག་གིས་བཟླས་པར་བྱའོ། །ཀླུ་འབྲོས་པར་འགྱུར་རོ། །གལ་ཏེ་མི་འབྲོས་ན་དེ་རྣམས་སྤྱི་བོ་དང་མིག་འགགས་སོ། །མཚོ་སྐམ་མོ། །གཞན་ཡང་ཆུའི་སྐྱེ་བོ་འཆི་བར་འགྱུར་རོ། །ཀླུ་ལ་སོགས་པར་ཚར་བཅད་པའོ།། ་དེ་ནས་ཕྱག་ན་རྡོ་རྗེ་གཏུམ་པོའི་སྔགས་ཀྱི་སྦྱོར་བ་བརྗོད་པར་བྱ་སྟེ། ན་མོ་རཏན་ཏྲ་ཡཱ་ཡ། ནཱ་མ(རྒྱུད་འགྲེལ་ཡིས་རྐང?་བྱུགས་དཔག་མཚར་བཅུ་རུ་འགྲོ་ཞིང་སོང་ཡང་མི་འཆད་དོ། །རྐང་པའི་ཉེ་བར་སྤྱོད་པའོ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་མིཏྟརཱི?་ཀཱ་མ་བཛྲེ་ནི། ཨཱ་ནཱ་ཡ་ལ་གླུ?་ཆེ་གེ་མོ། །མེ་བ་ཤ་མཱ་ནཱ་ཡ་སྭཱཧཱ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །དེ་ནས་གྲོ་ཁ་ལ་ཚོན་སྣ་མ་ལུས་པས་སོར་བརྒྱད་ཀྱི་ཚང་ཕྱག་གཡས་པ་དང་གཡོན་པ་གཉིས་ན། ས་བོན་གྱིས་གང་བའི་ཤིང་ཏོག ་དང། རྡོ་རྗེ་བསྣམས་པའི་རྡོ་རྗེ་འདོད་མ་བྲི་ལ། སྙིང་ཀར་དྲི་ཞིམ་པོའི་མེ་ཏོག་ལ་བརྒྱ་རྩ་བརྒྱད་བཟླས་ཤིང་སྙིང་གར་དུས་གསུམ་དུ་བརྡེག་པར་བྱའོ། །ཞག་བདུན་ཕྲག་གསུམ་ན་ཕྱག་རྒྱའི་སྦྱོར་བས་བརྒྱ་བྱིན་གྱི་བུ་མོ ་ཡང་འགུགས་པར་འགྱུར་རོ། །དེ་ལ་ཕྱག་རྒྱ་ནི་ལག་པ་གཉིས་ཕན་ཚུན་སྦྱར་ཏེ། སོར་མོའི་རྩེ་མོ་ཁབ་ལྟ་བུར་བྱས་ཏེ། རྡོ་རྗེའི་རྣམ་པར་མཐེབ་ཆེན་གཉིས་སྡིགས་མཛུབ་གཉིས་ལ་སྦྱར་བར་བྱའོ། །དབང་དང་དགུག་པའོ། །ན་མོ ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་བཟླས་པར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་ཅི་འབྱོར་བས་མཆོད་པ་བྱས་ལ། སྔགས་བརྒྱ་བརྒྱའི་བར་དུ་བཟླས་པ་བྱས་ལ་ཉལ་བར་བྱའོ། །དེའི་ཚེ་གང་བསམས་པ་དེ་འགྲུབ་པ་འམ་མི་འགྲུབ་པ་དེ་ཉིད་བརྗོད་པར་བྱེད་དོ། །རྨི་ལམ་བརྟག ་བའོ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་གནདྷ་?་ཧྲི་ད་ཡ། ཨ་བེ་ཤ་ཡ། དཾ་ཥྚ་མ་དཾ་ཥྚ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། ཧཱུཾ་ཧཱུཾ་ཧཱུཾ། གརྫ་གརྫ། གྷུརྞ་གྷུརྞ། ནར་ད་ནར་ད། ཀཾ་པ་ཀཾ་པ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། བྷུ་མེ་པ་ཏ་ཡ། སིདྡྷ་ཙཎྜ?་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་བྱ་བས ་?་དཀར་པོའི་ཤིང་ལ་སོར་བརྒྱད་ཀྱི་ཚང?་མའི་པགས་པ་སྣམས་པའི་རྡོ་རྗེ་ཕག?་མོ་མདུན་དུ་གཞག་སྟེ། འབུམ་འཕྲག་གཅིག་བཟླས་བ་བྱའོ། །དེ་ནས་ནག་པོའི་ཕྱོགས་ཀྱི་བརྒྱད་ནས་ནུབ་གསུམ་དུ་སྨྱུར་བར་གནས་པས། ལྷ ་ལྷ་མོའི་མདུན་དུ་བུམ་པའི་ཆུ་ལ་བརྒྱ་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ལ། མེ་ཏོག་གི་ཕྲེང་བ་ཡང་དག་པར་གཞག་སྟེ། ཅི་སྲིད་རང་ཉིད་ལ་བསམས་ཀྱི་བར་དུ་བཟླས་པར་བྱའོ། །དེ་ནས་དགོས་དགུ་བྱེད་པའི་གཡོག་པོས་བུམ་པའི ་ཆུས་ཁྲུས་བྱས་ལ། མེ་ཏོག་གི་ཕྲེང་བ་སྐད?་པ་ལ་དཀྲིས་ན་དེ་ནས་བབས་པ་ལས་ལེགས་པར་འགྱུར་རོ། །དེ་ནས་གཟུང་སྟེ་མཐོང་བ་ཙམ་གྱིས་ཐམས་ཅད་ལ་ཕོབས་པར་འགྱུར་རོ། །སྦྲ་ཚིལ་དང་མྱོས་བྱེད་ཀྱི་རང་བཞིན་གྱི་སྤྲུལ་ལ་བརྒྱ ་ཕྲག་བརྒྱད་མངོན་པར་བཟླས་ཏེ། ལྷ་ཆེ་གེ་མོ་ཤིག་ཅེས་ཀྱང་བརྗོད་པར་བྱའོ། །དེ་ནས་སྦྲུལ་འཛིན་པར་འགྱུར་རོ། །ཆུ་བོས་བར་དུ་ཆོད་པའི་གྲོང་ཡང་འཛིན་ཏེ། དེ་ཡང་གཞན་གྱིས་འཚོ་བའི་ནུས་པ་མེད་དོ། །གཞན་ཡང་འཚོ་བར་འདོད་ན ་གཟུང་བའི་མི། །ལྷ་མོའི་མདུན་དུ་ཁྲུས་བྱས་ལ། །ལྷ་མོའི་མོས་ཁྲུས་བྱས་ན་དེ་ནས་སོས་པར་འགྱུར་རོ། །ཚ་བ་གསུམ་གྱིས་ལྟོ་བ་བཀང་བའི་སྤྲ་ཚིལ་གྱི་རང་བཞིན་གྱི་གཟུགས་བྱས་ཏེ། མྱོས་བྱེད་ཀྱི་ཚེར་མས་ཕུག་ལ་སེང་ལྡེང་གི ་མེ་ལ་ཉིན་ཞག་བདུན་དུས་གསུམ་དུ་གདུངས་ན། གང་གི་མིང་ནས་གཟུང་བ་དེ་དབང་དུ་འགྱུར་རོ། །དེ་ལྟར་ཕོ་བ་རིས་དཀར་པོའི་སྦྱིན་སྲེག་ཞག་བདུན་དུ་བྱས་ན་དེ་དབང་དུ་འགྱུར་རོ། །དེ་ཡང་ལྷ་མོ་གཡོན་པའི་ཕྱག་གིས་རྡོ་རྗེ་གཟུང་བ། ་གཡས་པའི་ཕྱག་གིས་མདུད་འཕྱང་བ། མི་བཟང་ཅིང་བོད་ཐུང་ལ་ཁྲོ་བོའི་ལྟ་སྟངས་ཅན་གཡས་བརྐྱང་བའི་ཞབས་ཀྱིས་གནས་པའོ། །ལས་ཀྱི་སྦྱོར་བ་གཞན་དང་གཞན་ནི་གཞུང་མངས་པ་ས་འཇིགས་བས་ན་འདིར་མ་བརྗོད་དོ། ། ་སྔོན་གྱི་སློབ་དཔོན་བྱས་པའི་གཞུང། །བལྟས་ནས་མ་རྒྱས་འཁྲུགས་པ་ལ། །དེ་དག་རྒྱས་ཕྱིར་འདི་བྱས་ལ། །བདག་ལ་མཁས་རྣམས་བཟོད་པར་མཛོད། །གོས་སྔོན་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ནི། །རབ་རྒྱས་སྦྱོར་བ་དང་ལྡན་བྱས་པ ་ལས། །བདག་གི་བསོད་ནམས་བསགས་པ་དེ་ཡིས་ནི། །གོས་སྔོན་རྡོ་རྗེ་འཛིན་པ་དགྲ་རྒྱལ་ཤོག་།ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་ཕྱག་བྱས་པའི་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས། སློབ ་དཔོན་མཁས་པ་ཆེན་པོ་དཔལ་སྟོང་པ་ཉིད་ཏིང་ངེ་འཛིན་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རང་གི་བླ་མ་ཉིད་ལ་ཐོས་ནས་ཁམས་པ་དགེ་སློང་བ་རི་ལོ་ཙ་བ་ཆེན་པོ་རིན་ཆེན་གྲགས་པས ་བསྒྱུར་ཅིང། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཨ་བི་ཡུགྷ་དང། ཞུ་ཐིག་བྱས་ནས་གཏན་ལ་ཕབ་པའོ།། (།།ཕྱག་ན་རྡོ་རྗེའི་དཀྱིལ་ཆོག་འགྲོ་བཟང་སྙིང་བོས་མཛད་བའོ།)་།རྒྱ་གར་སྐད་དུ། བཛྲ་པཱ་ཎི ་