| Wylie | e-texts based on the ACIP/ALL Input |
ཁྲོ་རྒྱལ་སྤྱི་བོས་རབ་བཏུད་ནས། །བདག་དང་གཞན་ལ་ཕན་བྱའི་ཕྱིར། །བུཾ་པའི་སྒྲུབ་པ་བྲི་བར་བྱ། །མཎྜལ་སྔོན་པོའི་སྟེང་དག་ཏུ། །རྫས་རྣམས་མངོན་པར་འདུས་བྱས་ལ། །བདག་ཉིད་ཡིད་དམ་ལྷར་བསྐྱེད་དེ། །བུམ ་པ་ཡེ་ཤེས་གཞལ་ཡས་སུ། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ། །རིན་ཆེན་ལྔ་དང་དྲི་ཆུ་ལྔ། །བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ལ། །ཆོ་ག་བཞིན་དུ་ལྷར་བསྐྱེད་དེ། །དེ་ནས་སྒྲུབ་པོའི་གནས་མལ་བཅའ་། །གཞོན་ནུས་བཀལ་བའི་སྐུད་པ་ཡིས།། ་བདག་དང་ལྷ་རུ་འབྲེལ་བར་བྱ། །སྤྲོ་བ་གསུང་གི་རང་བཞིན་ལ། །བསྡུ་བསྔགས་ཀྱི་ཡན་ལག་ཡིན། །སྐྱོ་བར་གྱུར་ན་གཟུངས་ཐག་གཟུང། །སྟེང་དང་འོག་གི་ལམ་གཉིས་ལ། །བརྟེན་པས་མཚན་མ་འབྱུང་པར་འགྱུར། །མེད་ན་ལས ་ཀྱི་སྦྱིན་སྲེག་བྱ། །དེ་ཡིས་འབྲས་བུ་འབྱིན་པར་བྱེད། །འདི་ནི་བུམ་པའི་སྒྲུབ་པ་སྟེ། །ལམ་བརྟན་བཟླས་པའི་སྒོར་འཇུག་ཡིན། །དབང་བསྐུར་བ་དང་ཁྲུས་ལ་སོགས། །གང་བྱས་དངོས་གྲུབ་འབྱུང་བར་བྱེད། །སྣོད་ལྡན་རྣམས་ཀྱིས་འདི ་ཡི་དོན། །རྟོགས་ནས་ཐུན་མོང་མཆོག་ཐོབ་ཤོག་།བུམ་པའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་སུ་བཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཏཏྟཝ་པྲ་དཱི་པ་ནཱ་མ། །བོད་སྐད་དུ། དེ་ཁོ་ན ་ཉིད་སྒྲོལ་མ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཐུ་སྟོབས་ཀུན་གྱི་བདག་པོ་ནི། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །བསྙེན་སྒྲུབ་ལས་སྦྱོར་ལ་སོགས་པའི། །རྟགས་ཀྱི་རིམ་པ་བྲི་བར་བྱ། །དེ་ལ་རྟགས་ནི་བཞི ་ཡིན་ཏེ། །ལྷ་གྲུབ་གདོན་རྣམས་ཐུབ་པ་དང། །ནད་ཕྱིར་བྱུང་དང་མི་ལྡོག་པའོ། །ལྷ་ནི་ཉེ་བར་གྲུབ་གྱུར་ན། །ཡང་དག་རྟགས་དང་བདུད་ཀྱི་རྟགས། །རྣམ་པ་གཉིས་སུ་ཤེས་པར་བྱ། །དང་པོ་རྣམ་པ་གསུམ་ཡིན་ཏེ། །མངོན་སུམ ་རྨི་ལམ་ཉམས་མྱོང་ངོ། །དབང་པོའི་མངོན་སུམ་དག་ཏུ་ཡང། །ལྷ་ཡི་སྐུ་མདོག་ཕྱག་མཚན་གཟུགས། །རྟེན་དང་ལུས་ལས་འོད་བྱུང་བ། །མིག་གིས་མཐོང་ངམ་ཉམས་སུ་འབྱུང། །རྣ་བས་དག་པའི་གསང་སྔགས་ཐོས། །དེས་ནི་དངོས་གྲུབ ་གཉིས་ཀ་འབྱུང། །འབྲིང་ནི་རྨི་ལམ་གསལ་པོ་ལ། །དངོས་དང་ཕྱག་འཚལ་མཆོད་རྟེན་དང། །མེ་ཏོག་སྔོ་དང་ཁྱེ་ཆུང་སྔོ། །བླ་མ་སངས་རྒྱས་མཐོང་བ་དང། །རི་བོ་འཛེག་དང་ལྷ་ཡུལ་མཐོང། །དངོས་གྲུབ་འགྲུབ་ཏུ་ཉེ་བ་སྟེ། །བསྙེན་པའི ་རྟགས་སུ་ཤེས་པར་བྱ། །རང་གི་ཉམས་སུ་འབྱུང་བ་ནི། །ལུས་ལ་སྲོག་ཆགས་སྔར་བས་ནི། །ཕྱི་དང་ནང་དུ་ཉུང་བ་དང། །རིག་པ་ཤིན་ཏུ་བདེ་བ་དང། །ཉོན་མོངས་རྣམ་རྟག་ཤས་ཆུང་བའོ། །གོང་དུ་བསྟན་པ་དེ་རྣམས་ཀྱང། །ཡང་ན་འཇིགས་དང ་བཅས་པ་དང། །ཁ་དོག་སྐྱ་ལ་མདངས་མེད་དང། །འོད་ཀྱང་སོ་ཞིང་མི་རྟག་དང། །ནམ་གུང་མན་ཆད་རྨི་ལམ་ནི། །སད་ནས་འཇིགས་ཤིང་སྐྱི་གཡའ་བ། །བདུད་ཀྱི་རྟགས་སུ་ཤེས་པར་བྱ། །སྔར་གྱི་རྟོག་པ་སངས་པ་ནི། །ནད་རྣམས་ཕྱི་ལ་ཐོན ་པའི་རྟོགས། །གཟུགས་བརྙན་བསྲེགས་པར་ཐལ་བར་གྱུར། །དགྲ་བོ་ཡུལ་ནས་ཐོན་གྱི་རྨི། །འོག་ཏུ་བཅུག་པས་དངོས་པོ་བརླབ། །ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། །དེ་རྣམས་ལས་བཟློག་ངན་པ་ཡི། །རྟགས་སུ་ངེས་པར་ཤེས་པར་བྱ།། ་འདི་ལ་རྟེན་ནས་འདིར་ཞུགས་རྣམས། །འདི་ཡིས་དངོས་གྲུབ་ཐོབ་པར་ཤོག་།དེ་ཁོ་ན་ཉིད་སྒྲོལ་མ་ཞེས་བྱ་བ། །སློབ་དཔོན་སུ་བཱ་གཱི་ཤྭ་ར་ཀིརྟིས་མཛད་པ་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག ་འཚལ་ལོ། །བསྙེན་སྒྲུབ་རྟགས་དང་ལྡན་གྱུར་ནས། །སྤུར་ཞིང་གསང་པའི་ལས་དག་བརྩམ། །དེ་ཡང་ལས་ཚོགས་བསྡུས་པ་ལས། །ཞི་བར་མ་གྱུར་གདོན་བགེགས་ལ། །སྨག་ཤད་བལ་པོ་མེའུ་ཡི། །སྔགས་བཟླས་བཅུག་མས་བྱ་བས་སམ ་