| Wylie | e-texts based on the ACIP/ALL Input |
དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང། ལོ་ཙ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའོ།། །།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱེ་བ་ཕྲག་འབུམ་བྱེ་སྙེད་ཀྱིས། །རྗེས་གནང་ལས་ཀྱི་ཁྲོ་བོར་དབང་བསྐུར ་བའི། །མཐུ་སྟོབས་བདག་པོ་གདུག་པའི་གཉེན་པོ་ལ། །དང་བས་ཕྱག་འཚལ་སྒྲུབ་པའི་གོ་རིམ་བྲི། །དང་པོར་གནས་དང་དཀྱིལ་འཁོར་བཤམ། །མཆོད་རྟེན་སྔོན་པོ་བུམ་པ་བཅས། །གཏའ་བཅས་མཆོད་རྫས་ཏཁྲུས་བྱས་ལ། །མཆོད ་རྟེན་སྔོན་པོ་བུམ་པ་དང། །གཏའ་གཏོར་མཆོད་ཡོན་བྱིན་གྱིས་བརླབ། །སེམས་བསྐྱེད་སྣོད་བཅུད་སྔགས་ཀྱིས་སྦྱང། །ཚོགས་བསགས་མགྲོན་གྱི་ལྷ་རྣམས་གཤེགས། །བགེགས་བསྐྲད་མཚམས་བཅད་ཚད་མེད་བསྒོམ། །སྟོང་ཉིད ་བསྒོམས་ལ་འབྱུང་རྣམས་བསྐྱེད། །རི་རབ་སྟེང་དུ་སྲུང་འཁོར་བསྒོམ། །དེ་དཀྱིལ་གཞལ་ཡས་ཁང་དང་གདན། །ཡིག་འབྲུ་རྣམས་ལས་ལྷ་རྣམས་བསྐྱད། །ཐུགས་ཀར་ཡེ་ཤེས་འཁོར་ལོ་བསྒོམ། །བྱིན་བརླབས་ལུས་བསྲུང ་བརྟན་པར་བྱ། །ཡེ་ཤེས་འཁོར་ལོ་དགུག་གདན་དབུལ། །ཕྱག་འཚལ་མཆོད་བསྟོད་སྡིག་བཤགས་བསྟིམ། །བྱིན་རླབས་འོད་ཟེར་གསུམ་འཕྲོ་འདུ། །དབང་བསྐུར་ལྷ་རྣམས་སྤྱན་དྲངས་མཆོད། །སྡིག་བཤགས་གཟུངས ་ལྟར་རྗེས་གནང་བྱ། །དབང་བསྐུར་བྱིན་བརླབས་དེ་ཉིད་བསྟིམ། །ལྕེ་ནི་བྱིན་བརླབས་སྐྱོན་སྤངས་བཟླས། །བསྙེན་དུས་ལྷར་གཏད་སྤྲོ་བསྡུ་བྱ། །ཐུན་མཚམས་ཕྱེ་ལ་མཆོད་གཏོར་བཏང། །གཤེགས་གསོལ་བསྐྱེད་བསྡུ་མི་དམིགས ་བསམ། །བསྙེན་པ་རྟགས་ལྡན་དངོས་གྲུབ་བླང། །རྟ་གཏོར་ནམ་གུང་ཐོ་རངས་དུས། །དབང་བསྐུར་རྒྱས་གདབ་བུམ་ལྷ་གཤེགས། །ལུས་བསྲུང་སྤྱོད་ལམ་རྣལ་འབྱོར་བྱ། །རྟགས་རྣམས་སྒྱུ་མ་ལྟ་བུ་གཟུང། །དེ་དོན་གཞན་ལ་སྨྲ ་མི་བྱ། །སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་འདི། །ཚིག་རྐང་སུམ་ཅུས་དེ་ཉིད་དོན་བསྡུས་ནས། །ཤེས་པར་བྱེད་པའི་དོན་འགྲོལ་སྒྲོན་མ་འདི། །བྱས་པའི་དགེ་བ་སེམས་ཅན་ཀུན་ལ་བསྔོ། །ནོངས་པ་མཆིས་ན་འཕགས་པས་བཟོད་པར ་གསོལ། །སློབ་དཔོན་གསུང་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་གཤེགས་སྐུ་གསུམ་སྲས་བཅས་ཀྱིས། །རྗེས་གནང་ལས་ཀྱི་ཁྲོ ་བོར་དབང་བསྐུར་བའི། །ཁྲོ་བོའི་རྒྱལ་པོ་དུག་དགྲ་དྲེགས་འཇོམས་ལ། །དད་བས་ཕྱག་འཚལ་སྒྲུབ་ཐབས་གོ་རིམ་བྲི། །གྲངས་དང་དུས་དང་མཚན་མ་ཡི། །བསྙེན་རྫོགས་དངོས་གྲུབ་བླང་བའི་ཕྱིར། །གནས་དང་ཕྱོགས་དང་སྔོན་འགྲོ་བྱ། །བྲིག?་དང ་ཚོན་དགྱེས་ཕྱག་འཚལ་དགོད། །ཁྱད་པར་རྫས་གསོག་བུམ་པ་བཅའ་། །དངོས་གྲུབ་རྟེན་དང་མཆོད་རྫས་བཤམ། །སྡོམ་བསྲུང་སྨྱུང་གནས་ཆོས་གོས་བརྒྱན། །ཚོགས་བསག་སྔོན་འགྲོ་རྗེས་འཇུག་དང། །བསྐྱེད་རིམ་མཆོད་པ་བསྙེན་དུས་བཞིན།། ་བུམ་ནང་ལྷ་བསྐྱེད་སྤྱན་དྲངས་མཆོད། །དབང་བསྐུར་བྱིན་བརླབས་བུམ་ནང་ཐིམ། །གཟུངས་ཐག་བཏགས་ཏེ་རིག་སྔགས་བཟླས། །སྟེང་དང་འོག་གི་ལམ་གཉིས་ལས། །ཐུན་མོང་ཁྱད་པར་སྤྲོ་བསྡུ་བྱ། །ཁྲི་ཕྲག་བདུན་དུ་དངོས་གྲུབ་བླང། །དབང ་བསྐུར་མཆོད་བསྟོད་གཤེགས་སུ་གསོལ། །བསྐྱེད་བསྡུ་སྤྱོད་ལམ་རྣལ་འབྱོར་བྱ། །དེ་རྗེས་སྒྲུབ་པ་ཐོན་པ་དང། །ཞི་དང་བསྐྲད་དང་འཁྲུལ་འཁོར་དང། །སྦྱོར་བ་བདུན་པས་ལས་ལ་སྦྱར། །སྒྲུབ་པའི་གོ་རིམ། སློབ་དཔོན་སུ་བཱ་གཱི་ཤྭ་ར་ཀིརྟིས ་མཛད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། ཀ་ལ་ཤ་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། བུམ་པའི་སྒྲུབ་ཐབས་ཞེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གདུག་པའི་དགྲར་གྱུར་མི་ཤིགས་འཛིན།། ་