CLOSE WINDOW

N2492: dpal phyag na rdo rje gos sngon po can gyi gzungs kyi gtor ma'i cho ga zhes bya ba
Wyliee-texts based on the ACIP/ALL Input

པའི་དི་པཾ་ཀ་ར་ལ། སྒྲ་སྒྱུར་བོད་ནམ་མཁས་པའི་རྒྱལ་པོ་བརྩོན་སེང་གེས་བཀའ་བས་ཉམས་སུ་བླངས་ནས་རིན་ཆེན་གསེར་གྱིས་ཞུས།། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་ཀལྤཾ་བ་ལིཾ་ཏ་བི་དྷི་ནཱ་མ་། ་བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སློབ་དཔོན་དང་ནི་སྒྲུབ་པ་པོ། །བསྙེན་པ་དང་ནི་སྒྲུབ་བ་དང། །དཀྱིལ་འཁོར་དང་ནི་སྦྱིན་སྲེག་དང། །གཞན་ཡང་ལྷ་རྣམས ་མཉེས་བ་དང། །བགེགས་ཞི་བ་དང་ཉམས་པ་བསྐང། །འཁྲུལ་འཁོར་ཚོགས་ཀྱི་འཁོར་ལོ་དང། །ཕན་གདགས་པ་དང་ཚར་བཅས་དང། །དགར་དང་གསང་དང་དགུག་པ་དང། །གཟིར་དང་བཅིང་དང་མནན་པ་དང། །རྒྱས་དང་བསྡུས ་དང་ཤིན་ཏུ་བསྡུས། །ཞི་དང་ལོངས་སྤྱོད་འཕེལ་བ་དང། །རྒྱས་དང་དབང་དང་མངོན་སྤྱོད་ཀྱིས། །ལས་རྣམས་ཉེ་བར་འགྲུབ་བ་དང། །ཐུན་མོང་མཆོག་དང་དངོས་གྲུབ་དང། །བསོད་ནམས་ཆེན་པོ་ཐོབ་བྱའི་ཕྱིར། །ཡར་ངོ་མར་ངོའི་ཚེས་བཅུ ་དང། །བརྒྱད་དང་བཅུ་བཞི་ཉ་སྟོང་ངམ། །ཡང་ན་རྒྱུན་ནམ་དུས་དྲུག་ཏུ། །རྟག་ཏུ་གཏོར་མའི་ལས་རྣམས་བྱ། །རྩ་བ་ལྔ་དང་ཡན་ལག་ལྔ། །འབྲུ་དང་ཤིང་རྟོག་སྨན་རྣམས་དང། །ཆན་ཐུག་ཁུར་བ་དཀར་གསུམ་མངར། །ཤ་ཁྲག་རུས་པ ་སྙིང་སྣ་རྣམས། །དགྲ་འམ་འབྱུང་པོ་བགེགས་ཀྱི་གཟུགས། །སྦྲུལ་དང་སྦལ་ལྗོང་ཉ་ཤ་རྣམས། །དེ་སོགས་དྲག་པོའི་ཐུན་རྫས་སོ། །ཆོ་ག་གསུམ་འཾ་སྐད་ཅིག་མས། །འདོད་པའི་ལྷ་རྣམས་བསྐྱེད་བྱས་ལ། །ཚོགས་བསགས་སྔོན་འགྲོ་རྗེས ་འཇུག་རྣམས། །བསྙེན་སྒྲུབ་དུས་དང་མཐུན་པར་བྱ། །བདག་མཆོད་ལྷ་རྣམས་མཉེས་བྱའི་ཕྱིར། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །རྫས་རྣམས་ཀུན་གྱིས་བཀང་བྱས་ཏེ། །ཡཾ་ལས་རླུང་སྟེང་རི་མེ་སྤར། །དེ་སྟེང་ཨ་ལས་ཀ་པཱ་ལར། །དེ་འོག་ཡེ ་ཤེས་ལྔ་ལྡན་གསུམ། །གོ་ཀུ་ད་ཧ་ན་ལས་ནི། །ལྕགས་ཀྱུ་ལྔ་པོ་བསྐྱེད་པར་བྱ། །བི་མུ་མ་ར་ཤུ་ལས་ནི། །བདུད་རྩི་ལྔ་ཡི་རང་བཞིན་བསྐྱེད། །དཔའ་བོ་ལྔ་ཡིས་རབ་སྦྱངས་ཏེ། །ཟླ་སྟེང་ཨོཾ་ལས་རྡོ་རྗེ་ཧཱུཾ། །དེ་གྱུར་རྩེ་ལྔ་དེ་ཉིད་ཅན། ། ་སྔ་བསྐྱེད་མེད་སྤར་རྫས་རྣམས་བསྐོལ། །འོད་ཀྱིས་རི་བོང་རྩེ་ལྔ་ཞུ། །ཐིམ་པས་བདུད་རྩིའི་ངོ་བོར་གནས། །ཡེ་ཤེས་ལྔ་ཡི་ཡིག་འབྲུ་ལས། །འོད་ཀྱིས་གང་གའའི་ཀླུང་སོགས་ཀྱི། །བདུད་རྩི་དྲངས་ཏེ་གཉིས་མེད་བསྟིམ། །འབྲུ་གསུམ་སྔགས ་ཀྱིས་བྱིན་གྱིས་བརླབས། །ལྷག་པའི་ལྷ་དང་བླ་མ་དང། །དཀོན་མཆོག་གསུམ་དང་ཆོས་སྐྱོང་རྣམས། །ལྕེ་ཡི་རྡོ་རྗེས་བདུད་རྩི་ལེན། །ོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་ནི་པཱ་ཎི་བ་ལིཾ་ཏ་ཨི་དཾ་གྷིཧྣ་གྷིཧྣ་ཁཱ་ཧི། བཱ་ཧི་བྷུཾ་ཛ་ཧོ་བ་ལིཾ་ཏ་ཁཱ་ཧི། ཨོཾ་ཨ་ཀཱ་རོ་མུ ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏཔནྣ་ཏྭཱ་ཏ་ཨོཾ(རྒྱུད་འགྲེལ་བསྐྱེད། །ཀེཾ་ལས་རུས་པའི་ཕོ་བྲང་ལས། །ར་ལས་རཀྟའི་རྒྱ་མཚོ་བསྐྱིལ། །ཤ་ཁྲག་རུས་པར་བྱིན་བརླབས་ལ། །དུག་གསུམ་དམར་གྱི་མཆོད་པ་འདི། །དྲག་པོའི་སྔགས་འདིས་དབུལ་བར་བྱ། །ོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ནི། མ་མ ་སརྦ་ཤ་ཏྲུཾ་ཨ་མུ་ཀའི་མཛཛ་མེ། པཱ་ས་མཾ་ས་ཛཱི་བཾ་བུ་གཾ་རུ་བྷི་ར་པྲཱི་ཡ་ཀུ་རུ་བྷཀྵ་ནི་ཨི་དཾ་བ་ལིཾ་གྲིཧྞ་གྲིཧྞ་ཁཱ་ཧི་ཁཱ་ཧི་བྷུཾ་ཛ་ཧོ། རཀྟ་པཱི་བ་ཏ་ཨ་ཏི་ཀྲ་མ་ས་མ་ཡེ་སྭཱ་ཧཱ་ཞེས་སྒྲུབ་པའི་དུས་སུའོ། །ལས་སྦྱོར་དྲག་པོའི་དུས་དག་ཏུ། །རྟ་ཡི ་གཏོར་མ་དབུལ་བ་ནི། །སྦལ་ལྕོང་ཉ་ཤའི་གཏོར་མ་བཤམ། །གཟས་པ་པོ་ཡི་ལིང་ག་ལ། །སྔགས་དང་ཕྱག་རྒྱའི་ཏིང་འཛིན་གྱིས། །རྫུས་སྐྱེས་ཚུལ་དུ་བསྐྱེད་བྱ་སྟེ། །བཀུག་སྟེ་གྲུ་གསུམ་ཁ་བཅད་གཟིར། །འཇིག་རྟེན་འདས ་དང་མ་འདས་པའི། །ལས་ཀྱི་གནོད་སྦྱིན་ཚོགས་ལ་དབུལ། །ཡཀྵ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཆེ་མོའི་སྲོག་ལ་ཤག་ཤག་མ་མ་སརྦ་ཤ་ཏྲཱུཾ་ཨ་མུ་ཀ་ཞེས་དབུལ་ལོ། །དེ་ནས་བསྟོད་ཅིང་སྨོན་ལམ་ ་བཏབ། །ཐོད་ཆེན་རྔ་བརྡུང་ཕྲིན་ལས་བཅོལ། །རྡོ་རྗེ་སེམས་དཔའ་ཨི་སྙིང་པོ་ཡིས། །རང་རང་གནས་སུ་གཤེགས་སུ་གསོལ། །གོ་བགོ་ལུས་བསྲུང་བརྟན་པར་བྱ། །རང་ཉིད་ང་རྒྱལ་ཅི་བདེར་གནས། །ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི ་གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ། སློབ་དཔོན་སུ་བཱ་གི་ཤྭ་ར་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནོ་པ་ཀ་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ། ་