CLOSE WINDOW

N2491: khor lo'i man ngag ces bya ba
Wyliee-texts based on the ACIP/ALL Input

*། (།ཕྱག་ན་རྡོ་རྗེའི་འཁོར་ལོའི་མན་ངག་བཞུགས་སོ།།)་།རྒྱ་གར་སྐད་དུ། ཙཀྲ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། འཁོར་ལོའི་མན་ངག་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་བསྙེན་བྱས་པས། །དྲག་པོའི་ལས་ལ ་སྦྱར་བྱ་སྟེ། །ལས་སྦྱོར་ཅིས་ཀྱང་མ་ཐུལ་ན། །འཁོར་ལོའི་ལས་ལ་འཇུག་པར་བྱ། །སྦྱོར་བ་འདི་ལ་ཞུགས་གྱུར་ན། །བརླག་པར་འགྱུར་ཏེ་ཐེ་ཚོམ་མེད། །དྲག་པོ་ལས་ཀྱི་འཁྲུལ་འཁོར་འདི། །ཏིང་ངེ་འཛིན་གྱི་མཚོན་ཡིན་ཏེ། །རྩེ་གཅིག ་བསྒོམས་པས་འགྲུབ་པ་ལས། །ཀུན་གྱིས་འགྲུབ་པར་མི་ནུས་སོ། །འདི་ནི་ཞེ་སྡང་འཁོར་ལོ་སྟེ། །དྲག་པོ་འཁྲུགས་པའི་རྫུ་འཕྲུལ་གྱིས། །དམིགས་ན་ལྷ་འང་བརླག་པར་འགྱུར། །འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་རྣམས་ཀྱི་ཐུགས་བརྟོལ ་ནས། །གཟུགས་སྔགས་དྲག་པོའི་འཁྲུལ་འཁོར་འདིས། །མྱུར་དུ་བསྒྲིམས་ཏེ་བསྒྲལ་བ་ན། །ནམ་མཁའ་ཉིད་ཀྱང་འཇིག་འགྱུར་ན། །བསྒྲུབ་བྱའི་རྣམ་ཤེས་སྨོས་ཅི་དགོས། །འདི་ནི་དགུག་པའི་འཁོར་ལོ་སྟེ། །སྒ་ཚ་ཐལ་ཆེན་གྲོག་མོའི་ཞིང། །བོང ་བུའི་སྤངས་དང་ས་གཉན་ལ། །ཀླུ་རིགས་རྣམས་ཀྱི་གཟུགས་བྱ་སྟེ། །སྙིང་པོ་ཏིལ་དང་མིང་བཅུག་ལ། །དགུག་པའི་དགོས་པ་འདི་ལྟར་བྱ། །ཐ་མའི་ཕཊ་ལས་ཛ(རྒྱུད་འགྲེལ་ཤེས་བཀུག་པར་བསམ། །ཁུགས་ནས་སྒྲུབ་པའི་ལས་ལ་འཇུག་།དེ་ནས་གསུང་བའི་འཁོར་ལོ་བརྩམ། །སྟོང་ཉིད་ངང་ལས་ཨེ་ལས་ནི། །མཐིང་ག་གྲུ་གསུམ་ཆོས་འབྱུང་དབུས། །ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ། །རི་ལས་མེ ་རི་ལྔ་ཡི་དབུས། །འབར་བའི་འཁོར་ལོ་བསྐྱེད་པར་བྱ། །བྲུཾ་བཛྲ་ཙཀྲ་རཀྵ་རཀྵ་ཧཱུཾ། བྲུཾ་ལས་སྲིད་པའི་འཁོར་ལོ་ནི། །སྤུ་གྲི་གཅོད་པའི་འཁོར་ལོ་བསྐྱེད། །བཛྲ་རྡོ་རྗེའི་འཁོར་ལོ་ནི། །མེ་འབར་དཔལ་དང་བཅས་པར་བསམ། །ཙཀྲ་ཕྱོགས ་མཚམས་འཁོར་ལོ་ནི། །རྡོ་རྗེ་ར་བའི་འཁོར་ལོ་བསྒོམ། །རཀྵ་ཞེས་པས་སྟེང་བསྲུང་བའི། །བྱིན་གྱིས་བརླབ་པའི་འཁོར་ལོ་བསྐྱེད། །ཧཱུཾ་རྣམས་ལས་ནི་བདེ་གཤེགས་སྐུ། །ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད། །ཐུགས་ཀར་ཡེ་ཤེས ་འཁོར་ལོ་བསྒོམ། །ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་རུ། །ཉི་སྟེང་དཔའ་བོ་འབྲུ་ལྔ་དགོད། །མུ་ཁྱུད་རྩ་བའི་སྔགས་ཀྱིས་བསྐོར། །བདེ་གཤེགས་བཀའ་དང་དམ་ཚིག་ལས། །མི་འདའ་བ་ཡི་འཁོར་ལོ་ལ། །ཟིལ་གྱིས་མནན་པའི་སྔགས ་རྣམས་དགོད། །ཕྱོགས་མཚམས་མཚོན་ཆའི་འཁོར་ལོ་ལ། །གནད་ལ་དབབ་པའི་སྔགས་རྣམས་དགོད། །རྡོ་རྗེ་སྲིད་པའི་འཁོར་ལོ་ལ། །ཚར་བཅད་པ་ཡི་སྔགས་རྣམས་བསམ། །བྱིན་བརླབས་སྲུང་བའི་འཁོར་ལོའི་དབུས། །མི ་བསྐྱོད་ཞེ་སྡང་རྡོ་རྗེ་སྟེ། །མཐིང་ནག་སྡིགས་མཛུབ་རྡོ་རྗེ་བཅས། །སེམས་དཔའ་ཨི་སྐྱིལ་ཀྲུང་ཉི་ཟླའི་གདན། །འཁོར་ལོ་ཡི་ནི་རྩིབས་དག་ལ། །བཅོམ་ལྡན་གཏུམ་པོ་ཁྲོས་པའི་སྐུ། །རྡོ་རྗེ་དང་ནི་སྡིགས་མཛུབ་བཅས། །ཞལ་ནས་སྔགས་ ་ཀྱི་སྒྲ་སྒྲོགས་པས། །ལོག་འདྲེན་ཚོགས་རྣམས་འཇོམས་པར་བྱེད། །དེ་ལྟར་འཁོར་ལོ་ཆེན་པོ་བསྒོམ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །མཆོད་བསྟོད་སྡིག་བཤགས་ལ་སོགས་བྱ། །ཕྱག་རྒྱ་བཞི་ཡིས་དེ་ལ་བསྟིམ། །སྐུ་གསུང ་ཐུགས་སུ་བྱིན་གྱིས་བརླབ། །རྗེས་སུ་གནང་བ་སུམ་ལྡན་གྱིས། །ཆོས་ཀྱི་རྒྱལ་བོར་དབང་བསྐུར་ཏེ། དེ་ནས་འཁོར་ལོ་བསྐོར་འདོད་ན། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་ཨི་ཐུགས་དམ་བསྐུལ། །དེ་ལས ་འོད་འཕྲོས་སྔགས་ལ་ཕོག་།སྔགས་ལས་འོད་འཕྲོས་འཁོར་ལོ་བསྐུལ། །འཁོར་ལོ་འོད་ཟེར་འབར་བ་ཡིས། །སྟེང་འོག་ཕྱོགས་མཚམས་འཁོར་ལོ་བསྐོར། །ཐུབ་ཅིང་རབ་ཏུ་བསྲེག་པར་བསམ། །བདག་ཉིད་ཀྱིས་ནི་སྔགས་བཟླས་པས། ་སྔགས་ཀྱིས་འཁོར་ལོ་རིམ་པར་བསྐོར། །གཟས་པ་པོ་ཡི་སྙིང་ག་རུ། །ཡི་ཡིས་བསྐྱོད་དེ་ཧཱུཾ་གིས་བསྡུ། །ཕཊ་ཀྱིས་རྣམ་པར་འཐོར་ཞིང་བསྲེག་།སྲིད་པ་རྡོ་རྗེའི་འཁོར་ལོས་གཏུབས། །ཕྱོགས་མཚམས་མཚོན་ཆའི ་འཁོར་ལོ་ཡིས། །ཕོག་ན་ཐམས་ཅད་བརླག་པར་འགྱུར། །ཙིཏྟ་ཐུགས་ཀྱི་སྒྲུབ་པ་སྟེ། །ཤིན་ཏུ་གནོད་ན་བརྟེན་ལ་བསྐོར། །སྐབས་སུ་གནོད་ན་དགུག་ཅིང་བསྐོར། །བསྐོར་ནས་བརླག་པར་གདོན་མི་ཟ། །འཁྲུལ་འཁོར་འདི་ཡི ་སྦྱོར་བ་ཡིས། །གཞན་གྱིས་བྱས་པའི་རིག་སྔགས་དང། །བྱད་དང་བཀའ་ཉན་ཕོ་ཉ་དང། །འཁོར་ལོའི་ཏིང་འཛིན་ལ་སོགས་རྣམས། །གནོད་སྦྱོར་ཐམས་ཅད་འཇིག་བྱེད་ཅིང། །གཞན་གྱིས་བྱས་པའི་རིག་སྔགས་གཅོད། །རིག ་སྔགས་དྲག་པོའི་གཟུངས་སྔགས་ཀྱི་འཁྲུལ་འཁོར་ཞེས་བྱ་བ། སློབ་དཔོན་སུ་བཱ་གི་ཤྭ་ར་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་བོད་གཉིས་ལ་གྲགས་པར་གྱུར་པ་ཡིས། །མདོ་སྔགས་དོན་ལ་མཁས ་པའི་དི་པཾ་ཀ་ར་ལ། སྒྲ་སྒྱུར་བོད་ནམ་མཁས་པའི་རྒྱལ་པོ་བརྩོན་སེང་གེས་བཀའ་བས་ཉམས་སུ་བླངས་ནས་རིན་ཆེན་གསེར་གྱིས་ཞུས།། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་ཀལྤཾ་བ་ལིཾ་ཏ་བི་དྷི་ནཱ་མ་། ་