CLOSE WINDOW

N2486: rdo rje byab pa'i las tshogs
Wyliee-texts based on the ACIP/ALL Input

མཚུངས། །དེ་ནས་གསང་སྔགས་ལེགས་པར་སྦ། །སྣོད་ལྡན་རྣམས་ཀྱིས་འགྲུབ་པར་ཤོག། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་ཉེ་བར་བྱེད་པའི་མཆོད་རྟེན་གྱི་མན་ངག་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར ་ཤྲཱི་ཛྙཱ་ན་དང། བོད་ཀྱི་ལོ་ཙ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་གི་སྟོབས་ཀྱིས་གདུག་པ་འཇོམས་བྱེད་པ། །མཐུ་སྟོབས ་དབང་ཕྱུག་རྡོ་རྗེ་ཅན་ལ་འདུད། །འགྲོ་བ་འདི་ཀུན་ཕལ་ཆེར་གནོད་མང་བ། །དེ་སེལ་བདུད་རྩི་འདི་ནི་བརྗོད་པར་བྱ། །རིག་པ་འཛིན་པ་ཉམས་དགའ་ཨི་ཕྱོགས་འདུག་ནས། །རྣམ་པར་སྦྱངས་པའི་ས་གཞི་དག་པ་ལ། །རབ་སྔོ་མཆོད་པའི ་རྟེན་སོགས་མདུན་བྱས་ནས། །ཐུབ་དབང་རྡོ་རྗེའི་བདག་པོའི་གོ་འཚད་བ། །བསོད་ནམས་ཚོགས་བདུན་རབ་ཏུ་རྫོགས་བྱས་ནས་ནི་དེ་རྗེས་སུ། །སྔར་ཉིད་པདྨའི་རང་བཞིན་སྙིང་ཉིད་པཾ་ལས་དེར་བསམ་བྱ། །དེ་དཀྱིལ་རཾ་ལས་བྱུང་བའི་ཚ་ཟེར ་ཅན་ནི་དམར་བ་བལྟས་བྱས་ནས། །དེར་མི་སྲོག་གི་རང་བཞིན་ཡེ་ཤེས་ལྔ་ཡི་དངོས་ཉིད་ཡི་གེ་བལྟ། །འོག་ཏུ་དབུགས་ཉིད་ཡཾ་ཡིག་ལས་སྐྱེས་རབ་སྔོ་གཞུ་འདྲ་བ། གཡོ་བའི་བ་དང་གྱིས་མཚན་ཉིད་དེ་གཡོས་པ་ཡིས་ནི་རབ་དཀྲུགས་ནས། ་མེ་ཡི་རང་བཞིན་ཉི་མ་ཡང་ནི་སྦར་བྱས་ཧཱུཾ་ཡིག་གིས་ནི་འབར་གྱུར་པས། །མཐོང་དང་རེག་པའི་དུས་སོགས་རྒྱུ་ཅན་ནང་ཀྱི་དངོས་བསྲེགས་ནས། །རབ་ཏུ་ཚ་བའི་མེ་ལྷེའི་སྒྲ་ལས་རིག་པའི་སྒྲ་བསྒྲོག་ལ། །མ་ཡེངས་སེམས་ཀྱིས་སྐྱོན་? ་སྔགས་ནི་རབ་ཏུ་བཟླས་བྱས་ནས། །དབུགས་ནི་འབྱུང་དང་རྡུབ་བའི་རླུང་གིས་ལུས་ཀྱི་སྟེང་ལག་ཆ་ནི་རིམ་བཞིན་བསྲེག། ཟླ་དྲུག་གོམས་པས་ལུས་ལ་དྲོད་ཐོབ་ལ་སོགས་མཚན་མ་བཟང་བརྙེད། །གསོ་བར་དཀའ་བའི་ནད ་རྣམས་འཇོམས་འགྱུར་ས་མཆོག་རྣམས་ཀྱང་རིམ་གྱིས་འཐོབ། །ལངས་ནས་གཟའ་ཚེ་ཁ་ཟས་ཚོགས་ན་གང་གནོད་ཤར་བསམ་བསྲེག་པར་བྱ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ལག་པ ་བརྡབས་པའི་སྒྲས་འཇིགས་པའི། །རྡོ་རྗེ་བྱ་བའི་ལས་ཚོགས་ནི། །རྡོ་རྗེ་འཛིན་པར་བསྒོམ་ནས་ཀྱང། །བསམ་བརྒྱུད་རང་གི་ལག་མཐིལ་ལ། ། དང་མ་ལས་དཀྱིལ་འཁོར་བསྐྱེད། །མཾ་ལས་སྣ་ཚོགས་རྡོ་རྗེར་བསམ། །མུ་ཁྱུད་རྡོ་རྗེའི་བུམ ་དཀྱིལ་ལ། །ཐུན་མོང་ཁྱད་པར་གསང་སྔགས་བསམ། །སེར་མོ་ཧཱུཾ་ལས་བདེ་གཤེགས་སྐུ། །མཚན་རྣམས་དག་དང་ཡང་དག་ལྡན། །དཔེ་བྱས་བཟང་པོ་བརྒྱད་ཅུས་སྤྲས། །མེ་ཡི་མཁའ་ལ་རྣམ་པར་བཞུགས། །མེ་དཔུང་ཆེན་པོའི ་ཏིང་ངེ་འཛིན་གྱིས། །ནད་དང་གདོན་དང་དུག་སོགས་ལ། །ལྕགས་ཀྱུའི་ཏིང་འཛིན་སྦྱོར་བ་ཡིས། །དབྱུང་བའི་ཚུལ་དུ་ཕྱུང་ནས་ཀྱང། །ཞི་བའི་གཟུགས་བརྙན་དག་ལ་བསྟིམ། །དཀར་གསུམ་ཀླུ་སྨན་དག་དང་བཅས། །གང་གནོད་ཕྱོགས་སུ ་བསྐྱལ་བར་བྱ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་ནི། །རྫུས་སྐྱེས་ཚུལ་དུ་བསྐྱེད་བྱས་ལ། །གང་དམིགས་གཟུགས་དང་རྟེན་དུ་བཅས། །ཕྱུད་སྟེ་ཁྱད་པར་གསང་སྔགས་བཟླས། །བསྲེག་དང་སྦྱང་དང་བརྡུང་བྱས་ལ། །ལག་པ་བརྡབས ་པས་སྒྲས་འཇིགས་འགྱུར། །རྡོ་རྗེ་བྱ་བ་པའི་ལས་ཚོགས། རྗེ་བཙུན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ཡོངས་སུ་བསྙེན་པར་འདོད་པའི་རིག་པ་འཛིན་པས། །བསམ ་གཏན་གྱི་ཁང་པར་མཎྜལ་སྔོན་པོ་བྱ་སྟེ། མཆོད་རྟེན་སྔོན་པོ་དང། རྟ་གཏོར་དང། མཆོད་རྫས་དང། རྟེན་ཁྱད་པར་ཅན་བཞག་ལ། དང་པོ་ཁྲུས་བྱས་ལ། དེ་ནས་སྐྱབས་སུ་འགྲོ། རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རྐྱེན་བྱམས ་