CLOSE WINDOW

N2484: gos sngon po can gyi dngos grub nye ba zhes bya ba
Wyliee-texts based on the ACIP/ALL Input

སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང། ལོ་ཙ་བ་འཇམ་དཔལ་གོ་ཆས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། (།།ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབས་ཐབས་དངོས་གྲུབ ་ཉེ་བ་བཞུགས་སོ།)་།རྒྱ་གར་སྐད་དུ། ནཱ་ལཱཾ་བ་ར་དྷ་རོ་བ་སིདྡྷ་ནཱ་མ། བོད་སྐད་དུ། གོས་སྔོན་པོ་ཅན་གྱི་དངོས་གྲུབ་ཉེ་བ་ཞེས་བྱ་བ། བཅོམ་ལྡན་འདས་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐུགས་རྗེ་ཆུ་རྒྱུན་བདག ་པོ་ལ། །རྟག་ཏུ་བརྗེད་མེད་ཡིད་ཀྱིས་མོས། །མཆོད་རྟེན་སྔོན་པོའི་གདམས་ངག་བཤད། རྣལ་འབྱོར་བརྩོན་འགྲུས་དྲག་པོ་ཡི། །དབང་དང་གདམས་ངག་ཐོབ་ནས་ཀྱང། །མྱུར་དུ་ནུས་པ་འབྱུང་བ་དང། །དངོས་གྲུབ་རྣམ་གཉིས་ཉེ ་བའི་ཕྱིར། །ཉེ་བྱ་སྐུ་གདུང་མཆོད་རྟེན་བསྒྲུབ། །རྣལ་འབྱོར་དམ་ཚིག་ལ་གནས་པ། །བླ་མའི་མན་ངག་བྱིན་བརླབས་ཀྱིས། །འགྲུབ་སྟེ་ཐེ་ཚོམ་མི་བྱའོ། །རྒྱུ་དང་བྱིན་གྱིས་བརླབས་པ་དང། དབང་བསྐུར་བ་དང་མཆོད་པ་དང། ་བསྐོར་བ་བྱ་དང་ཡོན་ཏན་ནོ། །གསེར་དངུལ་ཟངས་ལྕགས་དུང་ཡང་རུང། །རྭ་ཤིང་འདགས་པ་ལ་སོགས་པ། །ཧཱུཾ་གི་བསྐྱེད་རིམ་ལྡན་པ་ཡིས། །དྲག་པོའི་ཏོར་ཚོགས་མདུན་དུ་ནི། དབང་བསྐུར་ཆས་བསྒྱུར་?་བོ་ཡིས། །བཻ་ཌཱུརྱ་འདྲ་ལེགས་པར་བྱུག ་བུམ་པའི་ནང་དུ་རྒྱ་ཤོག། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །སྙིང་པོ་ཐམས་ཅད་བྲིས་ཏེ་གཞུག། བླ་མ་གྲུབ་ཐོབ་བརྒྱུད་པ་དང། །རྩ་བའི་ལྷ་ཡི་མཚན་དག་དང། །མིང་དང་གསང་མཚན་གཞུག་པ་ནི། །སྐུ་གདུང་བྱིན་བརླབ ་སྙིང་པོ་གཞུག། སྲེག་ཤིང་ལ་སོགས་མེ་ཏོག་ཕྲེང། །མཛེས་པའི་རྒྱན་གྱིས་སྤྲས་པར་བྱ། །དབང་བསྐུར་དུ་མ་གཞུང་བཞིན་བྱ། །མཆོད་པ་ཕྱི་ནང་རྟག་ཏུ་དབུལ། །གསལ་ཞིང་མ་འདྲེས་ཐིག་ལེ་སྟེ། དེ་ལས་སཾ་བྷཡོ་ཀ་ཡ་ལྔ། །དེ་ཉིད་མཆོད་རྟེན ་དག་ཏུ་བསྟིམ། །བརྒྱུད་པའི་བླ་མའང་དེ་བཞིན་ནོ། །གཙོ་བོ་འཁོར་གྱིས་བསྐོར་བ་སྟེ། ཤིན་ཏུ་གསལ་བར་དེ་བཞིན་བསྒོམ། །བརྒྱ་སྟོང་ནུས་ཚད་བཟླས་ཤིང་བསྐོར། །ལྷ་ཚོགས་བླ་མའི་ཐུགས་ཀ་ནས། །འོད་ཟེར་བྱུང་བ་ཀུན་ཏུ ་འཕྲོས། །མཛའ་ཡས་སྒྲིབ་བསྲེགས་དག་པར་སྤྲུལ། །སླར་འདུས་རང་གི་ལུས་ལ་ཐིམ། །རྟོག་སྒྲིབ་རགས་པ་ཇི་སྙེད་པ། །སྐད་ཅིག་གིས་བསྲེགས་སྦྱངས་ནས་ནི། །རང་ལུས་ཤེལ་གྱི་ནོར་བུ་བཞིན། །གསང་བ་ཉི་ཤར་རྡོ་རྗེ་བགོ། ཕྱག་དང ་གསོལ་བསྟོད་མེ་ཏོག་མཆོད། །ཐོག་མེད་སྒྲིབ་བསྲེག་དངོས་གྲུབ་ཉེ། །ཁྱད་པར་དུ་ནི་ཡི་དམ་མྱུར། །སྒྲིབ་པ་སྦྱངས་པས་མི་འདོད་ཡལ། །རྟག་ཏུ་བཟླས་པ་བསྐོར་ལྡན་པས། བསྐོར་བས་ལུས་ཀྱི་སྡིག་པ་འདག། བཟླས་? ་དག་གི་སྡིག་པ་འདག་།དག་པས་འདོད་པ་ཕྱོགས་མེད་འཕེལ། །མདོར་བསྡུས་ཕྲིན་ལས་རྣམ་བཞི་འགྲུབ། །རང་སེམས་ཆོས་སྐུ་ལྷར་ལྡན་པ། །མཆོག་དང་ཐུན་མོང་འདི་ལ་སྦྱོར། །སྣོད་ཀྱི་བྱེ་བྲག་ལྡན་པར་སྦྱིན། །ལེགས་ཉེས་རིན་ཆེན་བདུག་དང ་མཚུངས། །དེ་ནས་གསང་སྔགས་ལེགས་པར་སྦ། །སྣོད་ལྡན་རྣམས་ཀྱིས་འགྲུབ་པར་ཤོག། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་ཉེ་བར་བྱེད་པའི་མཆོད་རྟེན་གྱི་མན་ངག་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར ་ཤྲཱི་ཛྙཱ་ན་དང། བོད་ཀྱི་ལོ་ཙ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་གི་སྟོབས་ཀྱིས་གདུག་པ་འཇོམས་བྱེད་པ། །མཐུ་སྟོབས ་