CLOSE WINDOW

N2479: don yod zhags pa'i sgrub thabs mdor bsdus pa
Wyliee-texts based on the ACIP/ALL Input

ལས། །ལྷ་མོ་ལྔ་ལ་མཆོད་པ་དང། རྫས་ཀྱི་མཆོད་པ་རྣམ་ལྔས་མཆོད། །བསྟོད་ཅིང་བསྲུང་བར་གསོལ་བ་གདབ། དེ་ཞུ་ཡིག་འབྲུའི་རྣམ་པར་གྱུར། །དེ་ལ་བྱིན་བརླབས་བྱ་ཕྱིར་སྔགས་བཟླས་པ། །ོཾ་ཨཱ(རྒྱུད་འགྲེལ་ཕཊ། ཆེ་གེ་མོ་སརྦ་ཀ་ཏེ་རཀྵ་ཀུ་རུ་ཤཱནྟི་པུཥྚི་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་ཨཱ། ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱི། ཨེ་ཨི། ཨོ་ཨཽ། ཨཾ་ཨ(རྒྱུད་འགྲེལ་ཞེས་པའི་གསལ་བྱེད་ལ་ཡང་མཾ་དང་ལས་སྔགས་སྦྱར་ཏེ། སྔགས་དེ་རྣམས་བརྒྱ་དང་རྩ་བརྒྱད་དམ། །ཉི་ཤུ་རྩ་གཅིག་གམ་ཐེབས་བདུན་བཟླས་པ་ལ་གཏོར་མ་བཏང་བསྲུང་བར་གསོལ་བ་གདབ། །དེ་ནས་དྲིལ་ཏེ་གདག་པར་བྱའོ། །དེ་ཡི ་རྗེས་ལ་བྱ་བ་ནི། །རང་གི་ཡེ་ཤེས་བཅུག་གྱུར་ན། །མཆོད་དེ་བཟོད་གསོལ་གཤེགས་པར་བྱ། །རང་ལ་བྱེད་དམ་གཞན་ལ་འང། །བསྲུང་བ་བཏགས་པའི་ཕན་ཡོན་ནི། །ཚེ་རིང་བསོད་ནམས་ཆེ་བ་དང། །སྡིག་པ་ཐམས་ཅད་བྱང་བ་དང། །བགེགས ་དང་ལོག་འདྲེན་འཚོ་སྐྱོབ་དང། །རྗེ་བཙུན་བསྲུངས་འཁོར་བྱས་པ་ཡི། །དགེ་དེས་སེམས་ཅན་བར་ཆད་ཞི། །རྗེ་བཙུན་སེང་གེ་སྒྲའི་བསྲུང་འཁོར་བླ་མའི་ཞལ་ནས་འོངས་པ་རྫོགས་སོ།། (།།འཕགས་པ་དོན་ཡོད་ཞགས་པ་བཞུགས་སོ། །) ་རྒྱ་གར་སྐད་དུ། སཾ་ཀྵི་ཏ་ཨ་མོ་གྷ་པཱ་ཤ་སཱ་དྷ་ནཾ། བོད་སྐད་དུ། དོན་ཡོད་ཞགས་པའི་སྒྲུབ་ཐབས་མདོར་བསྡུས་པ། འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །མགོན་པོ་ཧྲཱི(རྒྱུད་འགྲེལ་བརླན་པ། །དོན་ཡོད་ཞགས་པ་ཞེས་བྱ་བའི། །འཇིག་རྟེན་མགོན་ལ་བདག་ཕྱག་འཚལ། །སྡིག་པ་བཤགས་སོགས་བྱས་ནས་ནི། །སྟོང་པ་ཉིད་སོགས་མཐར་ཐུག་པས། །སྐད་ཅིག་རྣམ་པས་རྗེ་བཙུན་ནི། །ཇི་ལྟའི་གཟུགས་སུ་རྣམ་པར ་བསྒོམ། སྣ་ཚོགས་ཆུ་སྐྱེས་སྟེང་བཞེངས་ནས། །ཞལ་གཅིག་པ་ལ་ཕྱག་བརྒྱད་པ། །མི་འཇིགས་པ་དང་མཆོག་སྦྱིན་དང། །ཞགས་པ་བགྲང་ཕྲང་རབ་མཛེས་གཡས། །དབྱུག་པ་རྩེ་གསུམ་གླེགས་བམ་དང། །པད་མའི་སྤྱི་བླུགས་འཛིན་པ་གཡོན། །དཀའ་ཐུབ ་ཆོས་འཛིན་མཛད་པ་ཡིས། །སྟག་གི་ལྤགས་པས་སྨད་དཀྲིས་པ། །གཡས་གཡོན་ནོར་བཟངས་རྟ་མགྲིན་དང། །སྒྲོལ་མ་ཁྲོ་གཉེར་ཅན་ཡང་ངོ། །མགོན་པོ་ཡན་ལག་ཀུན་དཀར་པོ། །རབ་དཀར་ན་བཟས་རྣམ་པར་སྤྲས། །འོད་ཟེར་དཀར་པོས་མཉམ་པར ་འཁྲིགས། །དེ་བཞིན་གཤེགས་པ་ལྔ་འཕྲོ་བ། །འོད་དཔག་མེད་དམར་ཅོད་པན་ཅན། །སེམས་ཅན་དོན་མཛད་པ་ལ་བརྩོན། །དེ་ལྟར་བསྒོམ་པར་བྱས་ནས་ནི། །གསང་སྔགས་བཟླས་པས་འདུད་འབྱོར་རོ། །ོཾ་ཨ་མོ་གྷ་པཱ་ཤ་ཧྲཱི(རྒྱུད་འགྲེལ་ཡོད་ཞགས་པའི་སྒྲུབ་ཐབས་མདོར་བསྡུས་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙ་བ་དགེ་སློང་རབ་མཆོག་དཔལ་བཟང་པོས། དྲང་སོང་སྲིན་པོ་རིར་བསྒྱུར་རོ།། །།གཏོར་མ་ནི་རང ་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས། །སྣོད་གཙང་མར་ཤ་ཁྲག་དང་བྲལ་བའི་གཏོར་མ་ལེགས་པར་བཤམས་ལ། སྟོང་པའི་ངང་ལས་ཡི་གེ་པཾ་ལས་བྱུང་བའི་རིན་པོ་ཆེ་པད་མའི་སྣོད་དུ། གཏོར་མའི་རྫས་རྣམས་ཡི་གེ་ཨཱ(རྒྱུད་འགྲེལ་རྫས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་ཨཱ(རྒྱུད་འགྲེལ་དྲངས་ལ། ཕྱག་བཙལ་ཞིང་མཆོད་པ་སྔོན་དུ་འགྲོ་བས། །ལྷ་རྣམས་ཀྱི་སྟོང་པའི་རང་བཞིན་ལས་ནི་ཡི་གེ་ཧཱུཾ་ལས་དེ་ཉིད་ཀྱིས་མཚན་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཟེར་གྱི་སྤུ་གུ་དང་ལྡན་པས་བདུད་རྩིའི་གཏོར་མ་འདྲེན་པར་བསམས་ཞིང། ཨོཾ་ཨ་མོ ་