CLOSE WINDOW

N2477: 'jig rten dbang phyug seng ge sgra zhes bya ba'i bstod pa
Wyliee-texts based on the ACIP/ALL Input

རྗེ་བཙུན་སེངྒེ་སྒྲའི་སྒྲུབ་ཐབས། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།དཔལ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་སི་ཧ་ནཱ་ད་སྟོ་ཏྲ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་སེངྒེ་སྒྲ་ཞེས་བྱ་བའི་བསྟོད་པ། འཇིག་རྟེན་དབང་ཕྱུག་སེངྒེ་སྒྲ་ལ ་ཕྱག་འཚལ་ལོ། །བདག་གིས་འཇིག་རྟེན་ཉེས་པ་མ་ལུས་དབང་གྱུར་ཇི་སྲིད་ལེགས་པའི་ལམ་ལ་མ་བཀོད་པ། །དེ་སྲིད་ཡང་དག་འདོན་ཕྱིར་བདག་ནི་བྱང་ཆུབ་མཆོག་ཏུ་བགྲོད་པར་བྱེད་མ་གྱུར། །གང་གིས་ཁམས་གསུམ་འདི་དག་སེངྒེ་སྒྲ་ཆེན་མཆོག་གིས་གསལ་བར་གང་གྱུར་པས། །སྡུག་བསྔལ་ཅན ་དག་བསྐྱབ་ཕྱིར་ཐུགས་རྗེའི་སྤྱན་དང་སེངྒེ་སྒྲ་ལྡན་ཁྱོད་ལ་བསྟོད། །རལ་པ་རྒྱ་ཆེའི་དབྱིབས་ཅན་དྲི་མེ་ཟླ་འདྲ་ཤིན་ཏུ་དཀར་བའི་ཞལ་མངའ་བ། །བསྐལ་པ་དུ་མར་ཚོགས་བསགས་བརྟུལ་ཞུགས་ཆེན་པོ་ཤིན་ཏུ་དག་བྱེད་དང་ལྡན་པ། །འགྲོ་བ་མ་ལུས་ཕན་མཛད་ལྷ་དང་ལྷ་མིན་གྲུབ་པ ་རྣམས་ཀྱིས་རབ་བཏུད་པ། །ཤིན་ཏུ་རྒྱ་ཆེ་བ་ཡི་སྐུ་མངའ་ཁྱོད་ལ་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །པདྨ་དམར་པོ་རྒྱས་པ་ཟླ་བའི་གཟུགས་དང་ལྡན་པ་ལྔ་ཡི་གདན། །སེངྒེའི་གདན་གྱི་སྟེང་ན་རྒྱལ་པོའི་རོལ་བས་རྣམ་པར་མཛེས། །ཆོས་ཀྱི་མངའ་བདག་འབྱོར་བས་དྲི་མེད་གསུང ་ནི་བཀའ་སྩལ་པས། །འཇིག་རྟེན་མགོན་པོ་འོད་དཔག་མེད་པའི་དཔལ་གྱི་སྐུ་ལ་འདུད། །གཡས་ཀྱི་ཕྱག་ནི་པདྨ་གསལ་བ་ལྟ་བུར་འཇམ་པ་ཡིས། །ཁམས་གསུམ་ཉེས་པ་གསུམ་པོ་ཞི་བར་བྱ་ཕྱིར་རྩེ་གསུམ་པ། །འོད་ཟེར་འབར་འཁྲིགས་སྤྲུལ་དང་ལྡན་པས་རྟག་ཏུ ་གང་འཛིན་པ། །བདག་གི་ཐུབ་པ་སེངྒེ་སྒྲ་དེ་ལ་ནི་རྟག་ཏུ་བགྱིའོ། །ཁམས་གསུམ་པོ་ལ་ཐུགས་རྗེ་ཆེན་པོ་གནས་ཀྱང་སྐྱོན་གྱིས་ནི། །ཁྱོད་ལ་གོས་པ་མེད་ཀྱང་དེ་དག་སྤང་ཕྱིར་ཁྱེད་ཀྱིས་ནི། །གཡོན་པའི་ཕྱག་གིས་རལ་གྲི་དམ་རྫས་དང་བཅས ་པདྨ་བསྣམས། །རྒྱལ་བའི་སྲས་པོ་ཁྱོད་ལ་རྟག་ཏུ་བདག་ཉིད་སྐྱབས་སུ་མཆི། །ང་རྒྱལ་ལ་སོགས་ཚོགས་ཀྱིས་གཡེངས་པའི་སེམས་ཅན་རྣམས་ལ་ནི། །དམིགས་ནས་རྒྱལ་བ་ལྔ་པོ་ཡང་དག་སྤྲོས་ནས་དེ་རྣམས་ལ། །ཇི་ལྟ་ཇི་ལྟར ་དག་པའི་ཐབས་ལ་མཁས་པ་དག་གིས་མཛད་པ་ནི། །གང་ལ་དགོངས་པ་དེ་མངའ་ཕྱག་ན་པདྨ་དེ་ལ་ཕྱག་འཚལ་ལོ། །མཁས་པ་རྣམས་ཀྱིས་གང་ལ་ཚིག་གི་གོ་སྐབས་མེད་པ་ནི། །ཐོད་པ་ལ་སོགས་བྲལ་བས་ཁྱོད་ལ་མོས་དང་གུས་པ་མེད། །དེ་དག ་རྣམས་ཀྱིས་མཁས་པའི་མཆོག་ཉིད་དག་ནི་ཐོབ་པ་ཡི། །མཉམ་མེད་དཔལ་ལྡན་སེངྒེ་སྒྲ་ལ་བདག་ནི་སྐྱབས་སུ་མཆི། །སྐྱེ་བ་གཞན་གྱི་མི་དགེ་མཛེ་ཡི་རྣམ་པར་གྱུར་པ་རུས་པ་དང། །སྣ་ནས་རྐང་ལག་སྲིན་བུས་སྐད་འགགས་ལྡན་པ་དག། ཁྱོད་བསྟོད ་པས་ནི་སྐད་ཅིག་གིས་ནི་གསེར་མདོག་ལྟ་བུའི་ལུས་སུ་གྱུར། །ཐུབ་པ་སེངྒེ་སྒྲ་ཁྱོད་ལ་ནི་དེ་ཉིད་སྐྱབས་སུ་མཆི། །ཀླུ་ཡི་དབང་དུ་གྱུར་པ་ཆུ་ལྷ་དབང་དུ་མཛད་ནས་ནི། །དུས་མིན་ཆར་དང་ཆར་མེད་མཛེ་དང་སྐྱོན་དང་ཞི་དོན་དང། །འགྲོ་བའི་དོན་དང་དོན ་མེད་ཚོགས་དག་རབ་ཏུ་སེལ་བར་མཛད་པ་ཡི། །བརྩོན་འགྲུས་བརྟན་པར་རབ་བརྩམས་ཁྱོད་ལ་ཀུན་ནས་འདུད། །མང་བརྗོད་ཙམ་ཞིག་ཁྱོད་ཀྱི་མཚན་དང་སྐུ་དག་དང། །གང་ཞིག་ལ་ལ་གུས་པས་འཛིན་པ་དང་ནི་སེམས་དགའ་དང། ་སྐྱེ་བོ་དེ་ནི་ལོངས་སྤྱོད་རྒྱ་ཆེ་བ་དག་ཐོབ་པར་གྱུར་ནས་ཀྱང། །སྲིད་པའི་རྒྱ་མཚོ་བརྒལ་དཀའ་བརྒལ་ནས་མྱ་ངན་འདས་པ་ཐོབ་པར་འགྱུར། །ངག་གི་དབང་ཕྱུག་ལ་སོགས་གང་གིས་ཀྱང་ནི་རྗེ་བཙུན་གྱི། །ཡོན་ཏན་ཕྱོགས་གཅིག་ཆ་ཙམ་བསྐལ ་པ་དུ་མ་རུ། །འབད་ལས་ཀྱང་ནི་བརྗོད་པར་ནུས་པ་མ་ཡིན་ན། །ཇི་ལྟར་བདག་འདྲས་འཁྲུས་ཀྱང་གུས་བྱས་འདི་དག་བཟོད་པར་གསོལ། །འཇིག་རྟེན་གསུམ་པོའི་སྡུག་བསྔལ་སྲོག་བྱེད། །མཆོག་གི་དགེས་བྱེད་ཅན། །དཔལ་ལྡན ་སེངྒེ་སྒྲ་ཡི་བསྟོད་པ་ལས་ཐོབ་བསོད་ནམས་གང། །དཔག་མེད་ཀུན་ཏུ་ངོ་ཤལ་རྒེད་པ་དཀར་པོ་དང་འདྲ་བ། །དེ་ཡིས་སྐྱེ་བོ་བྱང་ཆུབ་འགྱུར་མེད་གོ་འཕངས་མྱུར་ཐོབ་ཤོག་།བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སེངྒེ་སྒྲའི་བསྟོད་པ། །རྒྱ་གར ་གྱི་སློབ་དཔོན་ཆེན་པོ་ཏི་ལ་ཀས་མཇད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོ་ཙ་བ་མལ་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། *། །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ང་རཀྵ་ཙ་གྲ་ནཱ་མ། བོད་སྐད་དུ། སེངྒེ་སྒྲའི་བསྲུང་བའི་འཁོར ་