CLOSE WINDOW

N2475: de bzhin gshegs pa 'jig rten dbang phyug lha lnga'i sgrub thabs
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙ་བ་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། པཉྩ་དེ་ཝ་ཏ་ཐཱ་ག་ཏོ་ལོ་ཀེ་ཤོ་ར་སཱ་དྷ་ནཾ། བོད་སྐད་དུ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་ལྷ་ལྔའི་སྒྲུབ་ཐབས། རྒྱལ་བ་ལྔ་ལ་ཕྱག་འཚལ ་ལོ། །ཤིན་ཏུ་རྣམ་དག་དང་བའི་མཚོར། །རབ་མཛེས་སྡོང་བུ་ལྔ་ལྡན་སྟེང། །རྣམ་སྣང་རྡོ་རྗེ་སེམས་དཔས་དང། །རིན་འབྱུང་འོད་དཔག་མེད་དོན་གྲུབ། །ས་རིགས་རྣམ་དག་སྣ་ཚོགས་གཟུགས། །དངོས་གཅིག་རྒྱལ་བ་ལྔ་ལ་འདུད། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཁྱད ་པར་ཅན་ལ་གནས་པྲ། སྙིང་རྗེ་ཆེན་པོ་མདུན་དུ་བྱས་ལ། །ཐོག་མཁོ་ནར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་བསྒོམ་པར་བྱའོ། །འདོད་ནས་མ་སྐྱེས་འོད་གསལ་བ། །གང་ཤར་ཉིད་ན་ངོ་བོ་མེད། །ཆོས་རྣམས་ཀུན་གྱི་མཚན་ཉིད་དེ། །བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །གང ་འདི་ལྟར་ངོ་བོ་ཉིད་མེད་པའི་ཆོས་འདི་དག་ནི་ཟབ་པའི་ཕྱིར་རྟོགས་པར་དཀའ་བས་མི་ཤེས་པའི། འགྲོ་བ་ལྔ་པོ་ནི་ངེས་པར་སྡུག་བསྔལ་བའོ་ཞེས་བརྟགས་ནས། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་རླུང་གི་དཀྱིལ་འཁོར་མངོན་བར་བསྐྱོད་གྱུར་པས། །སྐྱེ་བོ་ཉོན་མོངས་སྒྲིབ་ཚོགས་སྤྲིན ་ཀྱི་ཕུང་པོ་ཤིན་ཏུ་མཐུག་པོ་གཏུམས་གྱུར་ལ། །ཚམ་ཚོམ་མེད་པར་དྲག་པོའི་ཤུགས་ཀྱིས་ཀུན་ཏུ་དྲལ་ཞིང་ཡོངས་སུ་གཏོར། །དེ་ཡི་ཐབས་གྱུར་ཐུགས་རྗེའི་དབྱིངས་སྐྱེས་སྣ་ཚོགས་མཛད་པ་དབྱེར་མེད་ཅིག་ཆར་སྒྲུབ་པ་ཡི། །མགོན་པོ་དམ་པར་རིགས་ཀྱི་ལྷ་ལྔ་དྲིམ ་ལྔ་སྤྱོད་ལས་ལྔ་བསྒྲུབ་ཅིང་སྟོབས་ལ་སོགས། །དེ་ལ་དབུས་སོགས་སྡོང་འདབ་བཅས། །ཟླ་བའི་འཁོར་ལོ་གསལ་བ་ལ། །མེ་ལོང་གཟུགས་ལྟར་འབྲུ་ལྔ་བསམ། །འཕྲིན་ལས་ལ་སྦྱར་སྐུར་བསྐྱེད་དོ། །རྣམ་པར་སྣང་མཛད་ནི་ཁ་བའི་མདོག་ཅན། །ཇི་སྐད་འབྱུང་བའི་ཕྱག ་རྒྱ་ཅན་ཧྲཱི(རྒྱུད་འགྲེལ་རིན་པོ་ཆེས་མཚན་པའོ། །འོད་དཔག་མེད་ནི་མེ་ལྕེ་འབར་བའི་མདོག་ཅན། ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན། ཧྲཱི(རྒྱུད་འགྲེལ་འདི་དག་དབུས་བཅས་ཕྱོགས་རྣམས་སུ། །རིམ་བཞིན་ལས་ལྔ་མཛད་པ་ལ། །བརྩོན་པས་ཏིང་ངེ་འཛིན་བཞུགས་པ། །བདག་སྤྱང་བ་དང་གཞན་སྦྱང་གཉིས། །ོཾ་ཨ་སྭ་པ་ར་ཛྙཱ་ན་བི་ཤུདྷ་ཀྲ་ས་ཧཱུཾ། འཁོར་ལོ་ལྷ་བུའི་སྔགས་སོ། །ཐུགས་རྗེ་ཆེན་པོ་ལྷ་ལྔའི་སྒྲུབ་ཐབས ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མི་ཏྲ་ཨ་ནན་ཏའི་གདམས་པ་རྫོགས་སོ།། །།གནུབས་ལོ་ཙ་བས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེངྒེ་སྒྲའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང ་