| Wylie | e-texts based on the ACIP/ALL Input |
གཡས་ན་བགྲང་ཕྲེང་གཡོན་ན་པདྨ་བསྣམས་པ། གཞན་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་བའོ། །གཡས་སུ་ནོར་བུ་འཛིན་པ་སྐུ་མདོག་དང་ཕྱག་ལ་སོགས་པ་ཡང་དེ་དང་འདྲའོ། །གཡོན་དུ་འབྲུ་དྲུག་པའི་རིག་སྔགས་ཆེན་མོ་ཕྱག་བཞི་པ་སྟོན་ཀའི་སྤྲིན་ལྟ་བུའོ། །དེ་ནས་ཨོཾ ་མཧཱ་བུ་ཀ་བཛྲ་སཏྭ། ཛ་ཧཱུཾ་བཾ་ཧོ་སུ་ར་ཏ་སྟཝཾ། ཨ་ལ་ལ་ལ་ལ་ཧོ། ཨ་ཨ་ཨ་ཨ་ཞེས་བྱ་བས་བྱིན་གྱིས་བརླབས་པའི་སྔགས་ཀྱི་རྒྱལ་པོ་བརྗོད་པར་བྱའོ། །དེ་ལྟར་བསྒོམས་ནས་དེའི་འོག་ཏུ་འཇིག་རྟེན་དབང་ཕྱུག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཕྲེང་བ་འདྲ་བ་དཀར་པོ་ཞལ་ནས་གྱུ་ཞིང ་ལྟེ་བར་བྱུགས་ཏེ་འཁོར་ལོ་འཁོར་བའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཡིད་བཞིན་ནོར་བུའི་རྟོག་པའི་སྔགས་ཀྱི་རྒྱལ་པོ་འདི་མཆན་མ་མེད་པའི་ཚུལ་གྱིས་བཟླས་པར་བྱའོ། །དེ་ནས་ལུས་གཡོ་བ་དང་བཅས་བར་གྱུར་པ་ལ་སོགས་པར་གྱུར་པའི་རྣལ་འབྱོར་པ་དད་པ་དང་སྙིང་རྗེ་དང། བླ་མ ་ལ་གུས་པ་དང་ལྡན་པ་ནི་རིང་པོ་མི་ཐོགས་པར་འགྲུབ་པར་འགྱུར་རོ། །ོཾ་མ་ཎི་པདམེ་ཧཱུཾ་ཞེས་དེ་ལྟར་བཟླའོ། །དེ་ནས་ལྡང་བའི་དུས་སུ་སྔགས་འདི་བརྗོད་པའོ། །ོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་བོ་ཧཡོ་མེ་བྷ་བ ་སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ(རྒྱུད་འགྲེལ་རྒྱ་གར་གྱི་མཁན་པོ་ཆེན་པོ་དཱཾ་བཾ་ཀ་ར་ཤྲཱི་ཛྙཱ་ན་དང། ལོ་ཙ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨཱརྒྱ་བ་ལོ་ཀི་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ། ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་ལས་བྱུང་བ། །རྣམ་ལྔ་བྱང་ཆུབ་ཆེ་བདག་ཉིད། །སྐུ་གསུང་ཐུགས་ཀྱིས་ཐུགས?་དག་པ། །འཇིག་རྟེན་མ་བོན་པོ་མཁས་པས་སྒྲུབ། །པདྨ་ཟླ་དབུས་གཞོན་ནུའི་སྐུ། །སྐྱིལ་ཀྲུང་ཕྱེད་བརྐྱང་འགྱིང་བག་བརྟན། །ཟླ་བ་རྒྱས་པའི་ཞལ་མཛེས་པས། །ས་གསུམ་བདག ་གིར་གཟིགས་མཛད་པའོ། །མཆོག་སྦྱིན་པདམོ་གཡས་དང་གཡོན། །རྒྱལ་བའི་ཅོད་པན་རིན་ཆེན་བརྒྱན། །འོད་དཔག་མེད་ཀྱིས་སྤྱི་གཙུག་མཛེས། །དེ་ཡི་ཐུགས་ནི་པདྨར་རྒྱལ། །ཧྲཱི(རྒྱུད་འགྲེལ་དམ་ཚིག་བཞི། །སྒྱུ་མ་བྲག་ཅ་མཁས་འདྲ་བའོ། །ཐུགས་རྗེ་ཆེན་པོ་ཁ་སརྦ་ཎིའི་སྒྲུབ་ཐབས་ཚིགས་སུ་བཅད་པ་བཞི་པ་རྫོགས་སོ།། །།*། །རྒྱ་གར་སྐད་དུ། ཡོ་གཱ་སཱ་ར། རྣལ་འབྱོར་སྙིང་པོ། དཔལ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །མི་རྟག་སྡུག་བསྔལ་དྲན་བྱས་ནས། ་སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ། །སྤྱི་བོར་བླ་མ་སྙིང་ཀར་ལྷ། །རང་སེམས་མ་ཡེངས་བསྒོམ་པར་བྱ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དཱུང་མ་ཤར་བའོ། །དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེ་བའི་ཚུལ། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །དེ་ཤར་དྲན་པས ་མ་བརྗེད་ན། །གང་སྣང་སྟོང་པ་ཉིད་བདག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །མ་རྟོགས་འགྲོ་ལ་རང་དབང་དུ། །རྣམ་ཀུན་དམིགས་པ་མེད་ཡིད་ཀྱིས། །སྙིང་རྗེ་ཆེན་པོ་ངང་གིས་འགྲུབ། །དེ་ཡི་ཐབས་སྦྱངས་བྱང་ཆུབ་བཞེད། །རྣལ་འབྱོར་སྙིང་པོ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི ་ཛཀ་ཏ་མི་ཏྲའི་གདམས་པ་ཨའི་ཐཱི།། (།།སྤྱན་རས་གཟིགས་ཁ་སརྦ་ཎའི་སྒྲུབ་ཐབས་བཞུགས་སོ།)་།རྒྱ་གར་སྐད་དུ། ཤྲཱི་ཁ་སརྦ་ཎ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཁ་སརྦ་ཎ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྣལ ་འབྱོར་དབང་ཕྱུག་བྱམས་པ་དང། །སྙིང་རྗེ་དགའ་བ་བཏང་སྙོམས་ལས། །བྱུང་བའི་བྱང་ཆུབ་སེམས་ཀྱི་བདག་།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ། །དེ་ཞབས་པདྨ་མོ་ལ་རེག་པས། །འཇིག་རྟེན་སྡུག་བསྔལ་བསྒྲལ་བའི་ཕྱིར། །ཇི་བཞིན་ཇི་ལྟར་བསྒྲུབ་པའི་ཐབས། །མདོར་བསྡུས་བདག་གི ་བསྟན་པར་བྱ། །མཁའ་ལྟར་དྲི་མེད་སྟོང་ཉིད་དབྱིངས་ལས་དབང་པོ་གཞུ་ལྟར་གསལ་བའི་དངོས། །པདམོ་ཟླ་རྒྱས་ཐུགས་གསུང་འོད་ལ་དྲོ་སྒྱུ་མའི་རྣམ་ཐར་སྤྲུལ་པའི་སྐུ། །རབ་མཛེས་སྐུ་ནི་གཟི་བརྗིད་བརྟན་མཛེས་འབར་བའི་འོད་ཟེར་དཀར་འཁྲིགས་པ། །སྐྱིལ་ཀྲུང་ཕྱེད་བརྐྱང་དུལ་བའི་ཕྱག ་