CLOSE WINDOW

N2469: yi ge drug pa'i rgyud kyi rim pas dkyil 'khor gyi 'khor lo bstan pa'i sgrub thabs
Wyliee-texts based on the ACIP/ALL Input

ཆག་ལོ་ཙ་བ་ཆོས་རྗེ་དཔལ་གྱིས་ཉུང་དུ་བསྡུས་ཏེ་བསྒྱུར་བའོ།། (།།ཡི་གེ་དྲུག་པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་བསྟན་པའི་སྒྲུབ་ཐབས་བཞུགས་སོ།།)་།།རྒྱ་གར་སྐད་དུ། ཥཌ་ཨཀྵ་རཏནྟྲ་ཀྲ་མ་མཎྜལ་ཙཀྲ་ཨུ་པ་དེ་ཤ་སཱ་དྷ་ནཾ། བོད་སྐད་དུ། ཡི་གེ་དྲུག་པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་བསྟན་པའི ་སྒྲུབ་པའི་ཐབས། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རེ་ཤིག་དང་པོར་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་ཞུགས་ནས། ཐལ་མོ་སྦྱར་ལ་སྤྱི་བོར་བཞག་ནས་ཤར་ཕྱོགས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བནད ་ནཾ་ཀཱ་རོ་མི་ཞེས་ཕྱག་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏན་བནད་ནཾ་ཀཱ་རོ་མི། ཞེས་བྱ་བ་དང། དེ་བཞིན་དུ་ནུབ་ཕྱོགས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་བནད་ནཾ་ཀཱ་རོ་མི། ཞེས་བྱ་བ་དང། དེ་བཞིན་དུ་བྱང་ཕྱོགས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་བནད་ནཾ་ཀཱ་རོ་མི། ཞེས་བྱ་བས ་ཕྱག་བཞི་བྱས་ལ། གཡས་པའི་ཁུ་ཚུར་སྤྱི་བོར་གཞག་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུར་བྷ་བ་ཡ་སྭཱཧཱ། ཞེས་བྱ་བས་ལུས་དང་ངག་དང་སེམས་བྱིན་གྱིས་བརླབ་པར་བྱའོ། །ཁུ་ཚུར་དེ་ཉིད་ཀྱིས་ཁ་ལ། ཨོཾ་པདམོཏབྷ་བཱ་ཡ་སྭཱཧཱ། ཞེས་བྱ་བས་དག་བྱིན་གྱིས་བརླབ་པར་བྱའོ། །གཡོན་པའི ་ཁུ་ཚུར་སྙིང་གར་གཞག་ནས། ཨོཾ་བཛྲོདྡྷ་པཱ་ཡ་སྭཱཧཱ། ཞེས་བྱ་བས་སེམས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་ཆོ་ག་འདིས་བགེགས་བསལ་བར་བྱ་སྟེ། ཨོཾ་ཨ་མྲི་ཏ་ཧ་ན་ཧ་ན་སརྦ་བི་དྷཱཾ་ད་ཧ་ད་ཧ། སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་བྱ་བ་བརྗོད་ལ་ཐལ་མོ་སྦྱར་ནས། མཐེ་བོང་བར ་དུ་གཞག་པ་དེ་ལ་བཛྲ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་འབར་བའི་རྣམ་པར་བཀོད་ལ། ཐལ་མོ་དེ་ལས་ཕྱོགས་བཅུར་འབར་བའི་རྡོ་རྗེ་འཕྲོ་བར་བསམས་ནས། ཨོཾ་ཨ་མྲི་ཏ་ཧ་ན་ཧ་ན་སརྦ་བྷིགྷྲཱཾ་ད་ཧ་ད་ཧ། སརྦ་པཱ་པི་ཧཱུཾ་ཕཊ། ཅེས་བྱ་བ་འདི་ལན་བདུན་བརྗོད་ལ་ཐལ་མོ་ལན་གསུམ་བརྡབས ་ནས་སེ་གོལ་ཡང་ལན་གསུམ་བརྡབ་པར་བྱའོ། །དེའི་རྗེས་ལ་སྔར་བཤད་པའི་འབར་བའི་རྡོ་རྗེ་དྲ་བས་བགེགས་ཐམས་ཅད་བསལ་བར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རེ་པ་ལས་མེ་འབར་བའི་རྣམ་པ་བསམས་ལ། རྡོ་རྗེའི ་ཕྱག་རྒྱ་བཅིངས་ནས། རྗེ་བཙུན་གྱི་ཡི་གེ་བརྒྱ་བ་བརྗོད་པར་བྱ་སྟེ། ཨོཾ་པདྨ་སརྦ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་སཏྭ་ཏྭེ་ན་པ་ཏིཥྛ། དྲིཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མམེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ(རྒྱུད་འགྲེལ་ཧ་ཧ་ཧ་ཧོ(རྒྱུད་འགྲེལ་ཉིད་ལ་སྙིང་གའི་གནས་སུ་རེ་ཕ་ལས་མེ་སྦར་ལ་ལུས་ཐམས་ཅད་བསྲེགས་ལ་ཡང་སྤྱི་བོའི་ཟླ་བའི་བདུད་རྩི་འབབ་པར་བསམ་མོ། །དེའི་རྗེས་ལ་རྡོ་རྗེ་ཐལ་མོ་བཅིངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ན་ནཻ?་རྱཱ་ཏ་ཡ་མི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཤམ་སེ ་ཏ་སརྦ་སཏྭ་ནཾ་སརྦ་སིདྡྷ་ཡ་སཾ་པརྱནྟཾ། སརྦ་ཏ་ཐཱ་ག་ཏ་ཏཥྚ་ཨ་བྷི་ཏིཥྛ་ཏཾ། ཞེས་བྱ་བ་འདི་ཉིད་ལན་གསུམ་བརྗོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པ་རྣམས་ཀྱིས་ནམ་མཁའ་ཡོངས་སུ་གང་བར་ལྷག་པར་མོས་ལ་དེ་རྣམས་ཡིད་ཀྱིས ་མཆོད་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པར་བྱའོ། །ོཾ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་བསོད་ནམས་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང། ཞེས་བྱ་བས་སྡིག་པ་བཤགས་པ་དང། བསོད ་ནམས་?་སུ་ཡིད་རང་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱའོ་དེའི་རྗེས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ཞེས་མངོན་པར་བརྗོད་ནས། བྱང་ཆུབ་ཀྱི་སེམས་དེ་ཡི་གེ་པཾ་གྱི་རྣམ་པར་ཡོངས་སུ་གྱུར་པར་མཐོང་ནས། དེ་ལས་སྣ་ཚོགས་པད་མ་ཆེན་པོར་བསྐྱེད་ལ། དེའི་སྟེང་དུ་ཡི་གེ་ཨ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཡང་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། ་དེའི་སྟེང་དུ་བྷྲུཾ་དཀར་པོ། དེ་ལས་མཆོད་རྟེན་དཀར་པོ། དེ་ལས་ཡང། རྣམ་པ་གསུམ་དུ་སྤྲོས་པ་ཉིད་ཀྱིས་བུམ་པ་དང། ཁ་ཁྱེར་ཐམས་ཅད་ཀྱི་སྟེང་དུ་ཡང་ཡི་གེ་ཧཱུཾ་བསམས་ལ། བུམ་པ་དེའི་ནང་དུ་ཡང་ཨ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཡང། ཨ ་ལ་ཟླ་བའི་དཀྱིལ་འཁོར། དེ་ལ་ཡི་གེ་དྲུག་ལས་འདབ་མ་བརྒྱད་པའི་པད་མ་དམར་པོ། །མཚམས་གྱི་འདབ་མ་དང་བཅུ་གཉིས་པ། དེའི་སྟེང་དུ་ཡི་གེ་ཧྲཱི(རྒྱུད་འགྲེལ་ཎི་པདམེ་ཧཱུཾ། ཞེས་བྱ་བ་ཡི་གེ་དྲུག་པ་གོང་ནས་གོང་དུ་ནང་དུ་ཞུགས་པར་རྣམ་པར་བསྒོམས་ལ། དེ་གྱུར་པ་ལས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་བ་ཕྱག་དྲུག་བ་སྣང་བ་མཛའ་ཡས་ཀྱི་དབུ་རྒྱན་ཅན ་བསྒོམ་མོ། །བཅོམ་ལྡན་འདས་ཀྱི་ཕྱག་གཡས་པའི་དང་པོ་ནི་བ་དན་གསུམ་པའི་ཕྱག་རྒྱ་དེའི་རྩེ་མོ་ལ་ཆུད་ཟད་དབུ་འདུད་པའོ། །གཉིས་པ་ལ་ཕྲེང་བ། གསུམ་པའི་ཕྱག་སྐྱབས་སྦྱིན་ལ་རིན་པོ་ཆེ་ཟུར་དྲུག་པ་བསྣམས་པའོ། །ཕྱག་གཡོན་གྱི་དང་བོས་པདྨའི་སྟེང ་དུ་རིན་པོ་ཆེ་ཟུར་དྲུག་པ་གནས་བ་ལ་པདྨ་འདབ་མ་དྲུག་པའོ། །གཉིས་པ་ལ་དབྱུག་པ་གསུམ་པ་ལ་རིལ་བ་སྤྱི་བླུགས་བསྣམས་པའོ། །དེའི་གཡོན་གྱི་པདྨ་ལ་བཅོམ་ལྡན་འདས་པདྨ་སྒྲོལ་མ་ཨོཾ་པདྨ་ཏ་རི་ཧཱུཾ་ཞེས་བྱ་བ་འདིས་དེའི་རྣམ་བར་བསམ་མོ། །ཁྱད་བར ་ནི་པདྨ་དེར་ལ་ཨུཏཔ་ལའི་སྟེང་དུ་རིན་པོ་ཆེ་ཟུར་དྲུག་པའི་སྟེང་དུ་པདྨ་འདབ་མ་དྲུག་པ་བསྣམས་པའོ། །ཤར་དུ་ཨཽ་བཛྲ་པདྨ་ཧཱུཾ། ལྷོར་ཨོཾ་རཏན་པདྨ་ཧཱུཾ། ནུབ་ཏུ་ཨོཾ་མུ་ནེ་པདྨ་ཧཱུཾ། བྱང་དུ་ཨོཾ་ཀརྨ་བཛྲ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱི་རིམ་པ་འདིས། རྡོ་རྗེ་པདྨ་དང། རིན ་ཆེན་པདྨ་དང། ཐུབ་པའི་པདྨ་དང། ལས་ཀྱི་པདྨ་རྣམས་བཅོམ་ལྡན་འདས་ཉིད་ཀྱི་རྣམ་པར་བལྟའོ། །ཁྱད་པར་ནི་པདྨའི་སྟེང་དུ་རིན་པོ་ཆེ་ཟུར་དྲུག་བའི་སྟེང་དུ་རྡོ་རྗེ་དང། རིན་པོ་ཆེ་དང། འཁོར་ལོ་དང། སྣ་ཚོགས་རྡོ་རྗེའོ། །མེའི་ཕྱོགས་སུ་ཨོཾ་བཛྲ་རེ་ཧཱུཾ། ་བདེན་བྲལ་གྱི་ཕྱོགས་སོ་ཨོཾ་རཏན་ཏཱ་རེ་ཧཱུཾ། རླུང་གི་ཕྱོགས་སུ་ཨོཾ་མུ་ནེ་ཏཱ་རེ་ཧཱུཾ། དབང་ལྡན་དུ་ཨོཾ་ཀརྨ་ཏཱ་རེ་ཧཱུཾ། ཞེས་བྱ་བའི་སྔགས་འདིས་གོ་རིམས་བཞིན་དུ་བཅོ་ལྡན་འདས་ཉིད་ཀྱི་རྣམ་པར་རྡོ་རྗེ་སྒྲོལ་མ་དང། རིན་ཆེན་སྒྲོལ་མ་དང། ཐུབ་པའི་སྒྲོལ་མ ་དང། ལས་ཀྱི་སྒྲོལ་མ་དག་བཅོམ་ལྡན་འདས་ལ་མངོན་དུ་བལྟས་པའོ།། །།ཁྱད་པར་ནི་ཨུཏཔ་ལའི་སྟེང་བཞིན་དུ། རིན་པོ་ཆེ་ཟུར་དྲུག་པའི་གནས་སུ་རྡོ་རྗེ་དང། རིན་པོ་ཆེ་དང། འཁོར་ལོ་དང། སྣ་ཚོགས་རྡོ་རྗེའོ། །བརྒྱད་པོ་འདི་དག་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་ཟླ་བའི་དཀྱིལ ་འཁོར་ལ་བཞུགས་པར་བསམ་མོ། །ཕྱོགས་མཚམས་ཀྱི་འདབ་མ་ལ་ཤར་ཕྱོགས་སུ་ཨོཾ་ཡ་མཱནྟ་ཀ་ཧཱུཾ། ལྷོ་རུ་ཨོཾ་པྲཛྙཱནྟ་ཀ་ཧཱུཾ། ནུབ་ཏུ་ཨོཾ་པདམཱནྟ་ཀ་ཧཱུཾ། བྱང་དུ་ཨོཾ་བིགྷྣཱནྟ་ཀ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་བཅོམ་ལྡན་འདས་ཉིད་ཀྱི་ངོ་བོར་ཁྲོ་བོ་བཞི་བལྟ་བར ་བྱའོ། །ཁྱད་པར་ནི་གཡས་བརྐྱང་བ། མིའུ་ཐུང་གི་རྣམ་པ་ལ་ཞལ་རྣམ་པར་འགྱུར་བ། སྣ་གོང་ཉག་པ་སྨིན་མ་སེར་སྐྱ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། འོད་འབར་བའི་དབུས་སུ་གནས་པར་བསྒོམ་མོ། །ཐམས་ཅད་ཀྱི་གཡོན་པའི་རྩ་བའི་ཕྱག་དག་ནི་སྡིགས་མཛུབ ་མཛད་པའོ། །གཡས་པའི་ཕྱག་དག་ལ་ཐོ་བའོ། །གཉིས་པ་ལ་རལ་གྲི་།གསུམ་པ་ལ་ཞགས་པའོ། །ལྷག་མའི་ཕྱག་གཉིས་ལ་པད་མ་དང། སྣ་ཚོགས་རྡོ་རྗེའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ལ་སྙིང་གར་པཾ་ལས་པདྨ་དཀར་པོ། །དེའི་སྟེང་དུ་ཨ་ལས་ཟླ ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཨོཾ་མ་ཎི་པདམེ་ཧཱུཾ། ཞེས་སྔ་མ་བཞིན་དུ་ཡི་གེ་རྣམས་བསམས་ལ། དེ་ལས་འོད་ཟེར་སྤྲོས་ནས་སེམས་ཅན་ཐམས་ཅད་ཡང་དག་པར་སྦྱངས་ནས། བཅོམ་ལྡན་འདས་ཀྱི་ངོ་བོར་བསྒྲུབས་ནས། ཡང་བསྡུས་ཏེ་དེ་ཉིད་དུ་བཞུགས་སོ། །དེའི ་རྗེས་ལ་སྔགས་ཁ་ནས་བྱུང་ནས་རྡོ་རྗེའི་ལམ་ནས་རྗེས་སུ་ཞུགས་ནས་མུ་ཏིག་གི་ཕྲེང་བ་ལྟར་བསམས་ནས་བཟླས་པ་བྱའོ། །བཟླས་པ་བྱས་ནས་སྙིང་གའི་སྔགས་ལས་ཅིག་ཅར་དཀྱིལ་འཁོར་གྱི་འཁོར་ལོ་ཕྱི་རོལ་ཏུ་སྤྲོས་ནས་མཆོད་པར་བྱའོ། །འདི་དག་གི་སྔགས་ནི། ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨརྒའི་སྔགས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥཔ་པཱུ་ཛ་མེ་གྷ་ས་མུ་ཏྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག་གི་སྔགས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་རཏན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། མར་མེའི་སྔགས་སོ། །ོཾ་སརྦ་ཏ ་ཐཱ་ག་ཏ་གནདྷ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་བྱུ་ཧ་ཧཱུཾ། བྱུག་པའི་སྔགས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་རཱ་ས། ཨེ་གྲོ་པི་ཏེ་ན་ཨ་ཧ་རི་ན་སན་ཏ་ར་པ་ཡ་མེ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ལྷབ་ཤོས་ཀྱིས་སྔགས་སོ། །དེ་ལྟར་མཆོད་པ་བྱས་ནས། དཀྱིལ་འཁོར་གྱི་འཁོར་ལོ ་རང་གི་སྙིང་གར་སྔགས་ཀྱི་ཡི་གེ་ལ་གཞུག་པར་བྱའོ། །དེའི་རྗེས་ལ་བསྟོད་པ་དང། སྨོན་ལམ་ཡང་བཏབ་ནས། ལངས་ལ་རང་གི་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །ཡི་གེ་དྲུག་པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པའི་སྒྲུབ་ཐབས་རྫོགས ་སོ།། །།རྒྱ་གར་གྱི་མཁན་པོ་མཧཱ་ཛ་ན་དང། ལོ་ཙ་བ་གཞོན་ནུ་འོད་ཀྱིས་བསྒྱུར་བའོ།། (།།དཔལ་ཁ་སརྦ་ཎའི་སྒྲུ་?་བཞུགས་སོ།།)་རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཁ་སརྦ་ཎ་སཱ་དྷ་ནི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སརྦ་ཎ་སྒྲུབ་ཐབས། མགོན ་