| Wylie | e-texts based on the ACIP/ALL Input |
ཐུགས་རྗེ་ཆེན་པོ་བཀྲ་ཤིས་ཀུན་ཏུ་སྣང་བ་ལ་ཕྱག་འཚལ་ལོ། །དེ་ནས་ཀུན་ཏུ་སྣང་བ་བཀྲ་ཤིས་བྱེད་ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །སློབ་དཔོན་གང་ཞིག་གདུལ་བྱའི་དོན་མཐོང་བས་བློ་རབ་ཏུ་ཕྱོགས་ཏེ། །བསིལ་ཁང་གི་རྔ་ཡབ ་ལྟ་བུར་གཞན་གྱི་དབང་གིས་གཡོ་ཞིང་མི་བརྟན་བ་ཐོབ་པ་ན། དེས་བདག་ལ་དད་ཅིང་ལྟོས་བ་བོར་བ་རྣམས་ཀྱི་དོན་དུ་འཕགས་པ་ཟླ་བའི་ཁ་དོག་ཅན་ཡིད་ལ་བྱས་ལ། །དཀར་པོའི་ཚེས་བརྒྱད་དང་བཅུ་དང་བཅོ་ལྔ་ལ་ཇི་སྙེད་འབྱོར་བའི་ཡོ་བྱད་དང་ལྡན་པས་ཡིད་དང ་མཐུན་པའི་གནས་བྱིན་གྱིས་བརླབས་པར་བྱའོ། །བཀྲ་ཤིས་བཟང་དང་བཀྲ་ཤིས་ནོར་འབྲུ་སྨན། །བཀྲ་ཤིས་མཆོད་རྫས་དང་ནི་བཀྲ་ཤིས་རྒྱན། །དཔལ་ལྡན་བཀྲ་ཤིས་དཀྱིལ་འཁོར་ཆེར་བྲི་ལ། །བཀྲ་ཤིས་རྒྱལ་པོ་སྤྱན་རས་གཟིགས་དབང་དགུག། གང་དག ་གང་གིས་ཕྱིར་དང་གང་དུ་ཇི་ལྟར་བྱ་བའི་རང་བཞིན་ཐམས་ཅད་ལ་བཀྲ་ཤིས་ཅེས་སྦྱར་རོ། །ཤིས་བ་བརྗོད་པའི་དབྱངས་དང་སེམས་དང་རྗེས་སུ་མཐུན་པའི་རོལ་མོ་དང་གླུས་མཆོད་དོ། །མེ་ཏོག་དཀར་དམར་དང་ཙན་དན་དཀར་དམར་དང་ནི་བརྒྱན་དང་དྲིའི་ཁྱད ་པར་ངེས་བའོ། །ཡོ་བྱད་གློ་བུར་པ་དང་གསར་དུ་སྐྱེས་པ་མཛའ་དག་ལ་རྒྱལ་བར་གྱུར་པའི་ཚིག་སྔོན་དུ་སོང་བས་སོ། །སྦྱིན་བདག་གམ་སློབ་མའི་ལུས་བཀྲུས་ལ་བཀྲ་ཤིས་ཀུན་ཏུ་སྣང་བའི་རྒྱས་གདབ་བོ། །དགེ་བའི་དཀྱིལ་འཁོར་ཟླུམ་པོ་དཀར། །ཀུན ་ཏུ་འོད་མཛད་ཐུགས་རྗེ་ཆེ། །བཀྲ་ཤིས་བརྒྱད་ལྡན་པདམོ་འཛིན། །ས་གནོན་ཏིང་འཛིན་མཆོག་གིས་བརྗིད། །དེ་ནས་འཁོར་ལོའི་རྩིབས་བརྒྱད་ལ་གདུགས་ལ་སོགས་པ་བརྒྱད་དོ། །མུ་ཁྱུད་ལ་གྲུབ་པ་ཉི་ཤུའོ། །སྟེང་ནས་བཀྲ་ཤིས་ཀྱིས་རྫས་སྣ ་ཚོགས་བའི་ཆར་འབེབས་པའི་ལྷའི་སྐུ་བརྒྱ་སྟོང་ཕྲག་མང་པོའོ། །མཆོད་པའི་སྤྲིན་རུམ་ལས་འབྲུ་སྒྲ་དལ་བུས་སྒྲོགས་པ་དང། གློག་འབྱིན་པ་ཡང་དགོད་པར་བྱའོ། །འོག་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པས་བུམ་པ་ནོར་བུས་གད་པ ་འབུལ་བའི་ཚུལ་ལོ། །རྡོ་རྗེ་སློབ་དཔོན་ཀུན་ཏུ་སྣང། །བཀྲ་ཤིས་རྣམ་པར་སྣང་མཛད་ཀྱི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། སྔགས་བརྗོད་བུམ་པ་དགུ་གང་བྱ། །བུམ་པ་གང་བ་དགུ་ལ་སྔགས་ཀྱི་ཕྲེང་པ་དགུ་དགུ་བཞུ་བས་བྱིན་གྱིས་བརླབ་པ། ་རྫས་སྣོད་དང་བཅུད་མ་ལུས་པ་ལ་ནི་ལྷ་རྫས་ཀྱི་ནོར་བུ་རྡོ་རྗེ་མཚན་པ་རེ་རེས་བརྒྱན་པར་རོ། །ཕྱག་དང་བསྐོར་བ་བྱས་ནས་བགེགས་བསལ་ཏེ། བཀྲ་ཤིས་སྦྱིན་པར་བྱའོ། །རྡོ་རྗེ་དྲིལ་བུ་དཔའ་བོ་གསལ། །སྙིང་རྗེས་ཀུན་ཏུ་བསྐོར ་ཞིང་བརྒྱུག་།གནས་དང་གང་ཟག་རྣལ་འབྱོར་རྣམས། །མ་ལུས་བསྲུང་པས་བཀྲ་ཤིས་གསོལ། །ོཾ་ཨཱ(རྒྱུད་འགྲེལ་སུ་མཾ་ག་ལ་པྲ་ཏི་མཾ་ག་ལ་སིདྡྷི་སིདྡྷི་ཧཱུཾ་ཧཱུཾ་སྭཱ་ཧཱ། །བཀྲ་ཤིས་ཀྱི་ཆོ་ག་རྫོགས་སོ།། །།དཔལ་སྤྱན་རས་གཟིགས་སྐུ་གདུང་རྣམ་པར་སྣང་བ་ལ་ཕྱག་འཚལ་ལོ། །དེ་ནས་གཞན་ཡང་བཤད་བྱ་བ། །མཆོད་རྟེན་གྱི་ནི་ཆོ་ག་བརྗོད། །ཇི་བཞིན་བརྟགས་ཤིང་སྦྱངས་པའི ་