| Wylie | e-texts based on the ACIP/ALL Input |
སྤྱོད་པའི་སྨོན་ལམ་གདབ། །དམ་ཚིག་འཛིན་པའི་སྔགས་བཟླ་ཞིང། །རུས་པ་བསྡུས་ལ་མཆོད་རྟེན་བསྒྲུབ། །རོ་བསྲེག་གི་ཆོ་ག་རྫོགས་སོ།། །།སྤྱན་རས་གཟིགས་མེའི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་མེའི་ལྷ་གཙོ་བོ་སྦྱིན་བསྲེག་མཉེས། ཞེས་འབྱུང ་པའི་སྒྲུབ་ཐབས་བཤད་པར་བྱའོ། །འབར་བའི་དབུས་ན་བརྗིད་པའི་སྐུ། །མེ་ཐབ་དད་ནི་པདམོ་འཛིན། །དམར་བའི་འོད་ཀྱིས་གདུག་པ་བསྲེག། བསྒྲུབ་པོའི་དོན་མཛད་རྒྱལ་གྱུར་ཅིག། སྡིག་པ་གཞིག་དང་དཔལ་བསྐྱེད་ཕྱིར། ལས་ཀུན་སྒྲུབ་པར་བྱེད་པའི་རྒྱུ།། ་མེ་ཡི་ལས་ནི་ཕྱོགས་གཉིས་ལས། །མཁས་བས་འབད་དེ་རྣམ་པར་བརྟག་།པདམོ་ལྟ་བུའི་ཐབ་དཀར་མཛེས། །ཁྲུ་བཞི་ཁྲུ་གསུམ་ཁྲུ་གང་ཚད། ཟླུམ་པོ་བརྒྱ་ཕྱེད་སླར་བྲུས་པ། །སོར་བཞི་བྱིར་བསྐྱོབ་བྱི་དོར་བྱུག། ཁ་ཁྱེར་སྟེགས་ངོས་པདྨ་དང། ། ་རིན་ཆེན་དྲ་བ་དྲ་བ་ཕྱེད། །ཕྱི་རོལ་དཀྱིལ་འཁོར་འདབ་བརྒྱད་པ། །སྒོ་བཞིར་བཅས་དང་ཕོ་བྲང་ཉིད། །འོ་མ་?་དང་དྲི་འབྱིན་དང། །བཀྲ་ཤིས་བྱེད་པའི་ཡམས་ཤིང་ཚད། །ཅི་རིགས་དྲི་ཞིམ་སྔགས་བྱུགས་ལ། །བསངས་ནས་གཏོར་མ་སྔོན་འགྲོ ་བས། །རོལ་མོ་མཁན་དང་མེ་ཏོག་བརྒྱུད། །བྲམ་ཟེའི་ཁྱིམ་ནས་བླངས་པ་འམ། །ཡང་ན་རྡོ་རྗེ་ཡམས་ཤིང་ལ་བརྩལ་མེ། །བསིལ་ཡབ་ཀྱིས་ནི་གཡབས་ཏེ་སྦར། །མར་དང་ཏིལ་དང་འབྲས་དང་ནས། །མེ་ཏོག་སྨན་དང་འབྲས་བུ་སྦྲང། །ཞོ ་ཟན་ཡུངས་ཀར་དུར་བ་ཤིང། །མཐར་བྱེད་སྔགས་ཀྱིས་བསད་པར་བྱ། །རྒྷཾ་ལ་སོགས་བྱིན་བརླབས་ལ། །ལྷ་ཡི་སྦྱོར་བས་མེ་ལྷ་བསྐྱེད། །མེ་དང་ཡོ་བྱད་ཡམས་ཤིང་སྦྱངས། །ཡེ་ཤེས་བཀུག་པ་དབུལ་བར་བྱ། །ོཾ་བཛྲ་ཨག་ན་ཡེ་སྭཱཧཱ། །མར་དབུལ ་བའོ། །ོཾ་བཛྲ་སརྦ་པཱ་པ་ད་ཧ་ན་བཛྲ་སྭཱཧཱ། །ཏིལ་དབུལ་བའོ། །ོཾ་བཛྲ་པུཥྚ་ཡེ་སྭཱཧཱ། །འབྲས་བུ་དབུལ་བའོ། །ོཾ་བཛྲ་སན་ཏུཥྚ་ན་ཡེ་སྭཱཧཱ། མེ་ཏོག་དབུལ་བའོ། །ོཾ་བཛྲ་ནི་ར་བྱཱ་དི་སྭཱཧཱ། །སྨན་དབུལ་བའོ། །ོཾ་བཛྲ་སརྦ་ཕ་ལ་ཡེ་སྭཱཧཱ། །འབྲས་བུ ་དབུལ་བའོ། །ོཾ་བཛྲ་ཨ་ནུ་མྲི་ཏེ་སྭཱཧཱ། །སྦྲང་དབུལ་བའོ། །ོཾ་བཛྲ་སཾ་བ་ད་ཡེ་སྭཱཧཱ། །ཞོ་ཟན་དབུལ་བའོ། །ོཾ་བཛྲ་ཨ་བིགྷྣ་ནཱ་སྭཱཧཱ། །བགེགས་བསལ་བའོ། །ོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། །དུར་བ་དབུལ་བའོ། །ོཾ་བཛྲ་བོ་དྷི་བྷིཀྵ་ཡེ་སྭཱཧཱ། །ཡམས་ཤིང་དབུལ ་བའོ། །ོཾ་ཨཱ(རྒྱུད་འགྲེལ་ཤེས་བྱས་ཏེ། །དགང་དང་བླུགས་པའི་ཕྱག་རྒྱ་ཡིས། །མཉེས་བྱས་ཁྲུས་དང་བཅས་པས་མཆོད། །མཐར་བཟོད་པར་གསོལ་བ་དངོས་གྲུབ་བླངས་ལ་གཤེགས་སུ་གསོལ་ནས་བདེ་བ་ལ་རེག་པར་གནས་པར་བྱའོ། །སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །། ་