| Wylie | e-texts based on the ACIP/ALL Input |
མན་ངག་རྫོགས་སོ།། །།འཕགས་པ་སྤྱན་རས་གཟིགས་ངན་སོང་སྤྱོད་བ་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཆེན་པོ་ཡིད་གཞུངས་པས། །སྤྱན་རས་གཟིགས་དཔལ་བསྙེན་བྱས་ཏེ། །ལུས་ཅན་མི་འདོད་བཞིན་དུ་དོད། །དེ་དག་ངན་འགྲོ་བཟློག་པར་བྱ། །སྔོན་ནས ་སྦྱངས་པ་ཉིད་དང་ནི། །གཞན་དག་བློ་བུར་བྱ་བ་ཉིད། །དེ་བཞིན་ཕྱི་ནས་གཞན་གྱིས་ཏེ། །མཆོག་དང་བར་མཛའ་གྲངས་བཞིན་འདོད། །བདག་ཉིད་གང་ལ་ལྷག་པར་དང། །མེ་ཏོག་ལྷུང་བ་ཉིད་དམ་སྔ། །གོམས་པར་བསྙེན་པར་བྱས་པའི་ལྷ། །འཇིག་རྟེན་དབང་ཕྱུག ་ཐུགས་ཀར་དགོང། །དེ་ཉིད་ལྷགས་པའི་ལྷ་ཡིན་ན། །ས་བོན་ནམ་ནི་བླ་མའི་ཚུལ། །ཡང་ཡང་གོམས་པར་རང་གི་སེམས། །དེ་ཡི་ཐུགས་བཅུག་ཏིང་འཛིན་བྱ། །མི་གཡོ་བ་དང་རྩེ་གཅིག་དང། །ཀུན་ཏུ་སྡུད་པ་ཞེས་བྱ་བའི། །མིང་ཅན་འོད་ཟེར་འདུ་སྔོན་འགྲོས།། ་གཡེང་བ་སྤངས་ལ་བརྟན་པར་གནས། །སྤྱི་བོ་སྙིང་ག་ལྟེ་བ་ནི། །ཧཾ་དང་ཧཱུཾ་དང་ཨཾ་བསམས་ནས། །བླ་མའི་མན་ངག་གིས་གཅིག་ཏུ། །བསྡུས་ནས་འཕེན་པ་ཐབས་ཡིན་ནོ། །དེ་ནས་རྟེན་ལ་ཡིད་འཕྲོག་ཅིང། །དམིགས་པ་བརྟན་པར་གྱུར་པ་ན། །འོད་ཀྱི་སྤུ ་གུའི་སྦྱོར་བ་ཡིས། །རྟེན་དེ་ཉིད་དང་དེ་ཡི་ཞིང། །མཁས་པས་བདག་དང་བདག་གིར་བྱ། །ཆོ་གའི་རྒྱལ་པོ་འདི་ཡིས་ནི། །རྣལ་འབྱོར་བར་དོར་འཇུག་པ་ན། །དྲན་པ་ཙམ་གྱིས་གོམས་པ་ཡིས། །རྟེན་ལ་བློས་འཇུག་འཇིགས་མེད་འགྱུར། །དེ་ལྟར་རིང་ནས་ལམ་གོམས་པའི ་བློ་ལྡན་དུས་ལས་འདས་གྱུར་ཚེ། །འཕགས་པ་ངན་སོང་སྤྱོད་དཔལ་གྱིས། །ཆོ་ག་བདུན་ཕྲག་བདུན་དུ་སྦྱང། །རོ་འམ་རུས་པ་འམ་གོས་སམ་མིང། །རྟེན་དེའི་མདུན་དུ་གཞག་ནས་སུ། །མ་དག་པ་དང་དག་པ་ཡི། །དཀྱིལ་འཁོར་གཉིས་ལ་རྟེན་གཉིས་གཞག་།བརྡེག ་དང་བསྲེག་དང་བཀྲུ་བ་ཡིས། །དྲི་མ་གཞིག་གཞོམ་དང་པ་དག། དཀྱིལ་འཁོར་ནག་པོ་བྱ་བས་ཏེ། །བརྟེན་དང་དབང་བསྐུར་བྱ་བ་ལའོ། །ཡུངས་ཀར་བྱེ་མ་ཐལ་ཆེན་ལ། །རིག་པ་བཟླས་ནས་བསྣུན་བྱ་ཞིང། །སྦྱིན་སྲེག་ཆོ་གའི་བྱ་བ་ཡིས། །རྟེན་བཅས་བར ་ཆགས་འབད་དེ་བསྲེག། ངན་སོང་སྦྱོང་བའི་སྐུ་གསུང་ཐུགས། །བཞུ་བའི་ཆུས་བཀང་བུམ་པ་བླུགས། །རྡོ་རྗེའི་གླུ་བླང་རིག་པ་བཟླ། །མ་ལུས་དྲི་མ་བཀྲུ་བར་བྱ། །ོཾ་ཨཱ(རྒྱུད་འགྲེལ་ཝཱཀྩི་ཏྟཱ་སརྦ་པཱ་པཾ་ཏོཥ་ཝ་ར་ཎ་བྷཾ་ག་བྷཾ། ཌ་ཧ་ཌ་ཧ། བE་ར་ཚ་བཱ་ར་ཚེ། ཤོ་དྷ་ཡ་ཤོ་དྷ་ཡ། ཕཊ་ཕཊ་སྭཱཧཱ། དེ་རྗེས་དྲི་མ་དག་པའི་སེམས། །ལྷག་པའི་ལྷ་ལ་བཅུག་ནས་ནི། །ཇི་བཞིན་དབང་བསྐུར་བྱས་ཏེ་མཆོད། །དགའ་སྟོན་ཆེན་པོ་སྦྱིན་པར་བྱ།། ་ཚེ་འདས་པ་ལ་བྱ་བའི་ཆོ་ག་རྫོགས་སོ།། །།བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་གཟི་བརྗིད་ཀུན་ནས་འབར་བ་ལ་ཕྱག་འཚལ་ལོ། །དལ་བ་དོན་ཡོད་དུས་ལས་འདས་པ་དང། སྡིག་མད་ངན་འགྲོའི་སྒོར་ཞུགས་དེ་བཞིན་དུ། །ཡ་ད ་