| Wylie | e-texts based on the ACIP/ALL Input |
ལྡན། །སླར་ཟུམ་སྤྱི་བོའི་ཕྲག་ནས་བདུད་རྩི་བླང། །དཔལ་སྤྱན་རས་གཟིགས་ཀྱི་ནད་བསྲུང་བའི་ཆོ་ག་རྫོགས་སོ།། །།འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །མ་ལུས་ནད་རྣམས་ཀུན་གྱི་གཞི། །ཆགས་སྡང་གཏི་མུག་ཕྲག་དོག ་དང། །སེར་སྣའི་དུག་འཇོམས་སྤྱན་རས་གཟིགས། །བདུད་རྩིའི་བུམ་འཛིན་ལ་ཕྱག་འཚལ། །ནད་མེད་ནད་ཀྱིས་འཇིགས་པ་དང། །ནད་བཅས་སྡུག་བསྔལ་གྱིས་གཟིར་བ། །དེ་དག་འཕགས་པ་ནད་འཇོམས་ཀྱིས། །སྦྱོར་བས་འཇིགས་པ་བསྐྱབ ་པར་བྱ། །རིན་ཆེན་སྦྱངས་པའི་སྣོད་དག་པར། །ནམ་མཁའ་ཨི་ཆུ་ཡིས་གང་བྱས་པ། །བདེ་གཤེགས་རིང་བསྲེལ་སྙིང་པོ་ཅན། །མདུན་བཞག་ཡིད་ཀྱི་དཀྱིལ་འཁོར་བསམ། །ད་ལ་དཀྱིལ་འཁོར་རྣམ་གསུམ་སྟེ། །མ་ངག་དག་པར་བྱེད་པ་ནི། །ཟླ་བའི ་དཀྱིལ་འཁོར་ལ་གནས་པ། །ནད་འཇོམས་མགོན་པོ་དཀར་མཛེས་སོ། །དེ་ནི་མཚན་མོ་ཟླ་ཤར་དུས། །ཤེལ་མདོག་ཧྲཱི(རྒྱུད་འགྲེལ་ལོ་ལ། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །ནད་སེལ་མགོན་པོ་དམར་མཛས་ཏེ། །ཉིན་མོ་རྟ་བདུན་འཆར་ཆེ་ཡིན། །དྲི་མང་ཕྱིར་མི་ལྡོག་པ་ཡི། །འཁོར་ལོ་དེ་ནི་ཕྱེད་གསུམ་དུས། །སྣ་ཚོགས་པདམོ་ལ་གནས་པ། །ནད་བྲལ་མགོན ་པོ་ཨིནྡྲའི་མདོག་།བུད་མེད་བྱིས་པ་བདེ་སྟེར་ཏེ། །ཟླ་ཚེས་ཟླ་རྒྱས་ནད་འཇིག་དུས། །ཉི་ཤར་ཉི་ཟེར་ནད་མེད་པ། །དེ་བཞིན་ཕྱེད་གསུམ་ནད་སྤངས་སོ། །དེ་ཕྱིར་མཁས་པ་ནད་མེད་ལུས། །དོན་གཉེར་འདོད་པས་འདི་དག་དུས། །སྟོན་མོ་ཉེ་བའི་སྟོན་མོ་དང། ་དགའ་སྟོན་ཆེན་པོ་སྦྱིན་པར་བྱ། །གང་ཡང་རྣལ་འབྱོར་ལུས་སྦྱིན་གྱི། །གཏོར་མ་རྒྱ་ཆེན་བྱ་བ་དང། །མི་འཇིགས་སྦྱིན་པ་ཞེས་བྱ་བའི། །མཆོད་པ་རིམ་བཞིན་བརྩམ་པར་བྱ། །སྤྱན་རས་གཟིགས་ཀྱི་བདུད་རྩིའི་རྒྱུན། །སྙིང་རྗེ་ལྡན་པ་རྣམས་ཀྱིས་བསྒྲུབ ་