CLOSE WINDOW

N2435: bsrung ba'i 'khor lo
Wyliee-texts based on the ACIP/ALL Input

མན་ངག་རྫོགས་སོ།། །།ཐུགས་རྡོ་རྗེ་ཆེན་པོ་སྤྱན་འཁོར་ལོ་རབ་ཏུ་འབར་བ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་གདུལ་བྱ་ཡི། །དོན་དུ་ལྷོར་བལྟས་འཁོར་ལོ་བྲི། །ཉི་ཤར་ཟླ་རྒྱས་སྐར་མདའའཕྲོ། །འབྲུག་སྒྲ་དྲག་དང་ཆར་དྲག་འབབ། ་སྤྲིན་མེད་བ་དང་རྙེད་པ་ཐོབ། །དེ་ཚེ་སྔགས་གསུམ་རིམ་བཞིན་ནོ། །ག་བུར་ཙན་དན་དཀར་ཐིག་ལེ། །སྐུ་གདུང་ཁྲུས་ཆབ་སྦྱོར་བ་ཡིས། །མུ་ཁྱུད་ཨ་ཕྲེང་དཀར་ལྡན་པའི། །འཁོར་ལོ་རྩིབས་བརྒྱད་རབ་དཀར་བྲི། །ོཾ་ཨཱ(རྒྱུད་འགྲེལ་ཙན་དན་དམར་ཟླ་མཚན། །སྙིང་རྗེ་ཆེན་པོའི་མེ་ཏོག་ཆུས། །ཟེའུ་འབྲུ་དཀར་ཕྲེང་དམར་ལྡན་པའི། །པདམོ་འདབ་བརྒྱད་རབ་དམར་བྲི། །ཧྲཱི(རྒྱུད་འགྲེལ་ཐིག་ལེ་གཉིས་ལྡན་པའི། །ལྟེ་བར་བདེ་གཤེགས་སྙིང་པོ་བྲི། །སྔགས་གསུམ་རྫས་གསུམ་གོ་རིམས་བཞིན། །མིང་དང་རུས་དང་ས་བོན་དགོད། །རཀྵ་གཉིས་ཀྱིས་མཛའ་རྟོན་ལ། །མི་འགྱུར་ཐིག་ལེས་མཚན་པར་བྱ། །དེ་ནས་དཀར་ཕྱོགས ་གཟའ་སྐར་ཤིས། །ཡེ་ཤེས་བཀུག་ནས་རབ་གནས་བྱ། །མེ་ཏོག་དཀར་དམར་སྔོ་གཏོར་ལ། །མཆོད་པ་ཀུན་གྱིས་མངོན་མཆོད་གདགས། །བསྲུབ་པའི་འཁོར་ལོ་རྫོགས་སོ། །།བཅོམ་ལྡན་འདས་རྡོ་རྗེ་འབར ་