| Wylie | e-texts based on the ACIP/ALL Input |
དམིགས་པས་ཕུང་བར་གྱུར་རྣམས་ལ། །དམིགས་མེད་སྟོན་པ་ངོ་མཚར་ཡིན། །ནམ་མཁའ་དྲི་མེད་ཀྱི་སྒྲུབ་ཐབས་རྫོགས་སོ།། །།བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ནམ་མཁའ་ཨི་མཛོད་ལ་ཕྱག་འཚལ་ལོ། །དེ་ནས་ནམ་མཁའ་ཨི་མཛོད་ནི་མཉེས་པས་ཏེ། ་ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །ས་བཅུའི་དབང་ཕྱུག་ལྷ་དང་མི་ཡི་གཙོ། །བསོད་ནམས་ཡེ་ཤེས་ཡོན་ཏན་རྒྱ་མཚོ་ཡི། །མཐར་ཕྱིན་གཏེར་ཕྱིན་ནམ་མཁའ་མཛོད་བརྙེས་པ། །འཇིག་རྟེན་མགོན་ལ་མགོས་བཏུད་དེ་བསྙེན་བརྗོད། ་སྔགས་འཆང་བདག་དོན་གཞན་དོན་ཐམས་ཅད་དུ། །མེ་འོབས་འབར་བ་བསིལ་ཁང་ཉམས་དགའ་ལྟར། །ཤེས་ནས་མི་ཆགས་ཆགས་ཆེན་རྣལ་འབྱོར་སྤྱོད། །མཛའ་ཡས་ནམ་མཁའ་ཨི་མཛོད་གཏེར་རྒྱལ་བས་གསུངས། །ཕུན་ཚོགས་ཚལ ་ལམ་ཡང་ན་དབུལ་པོ་འམ། །ཡང་ན་དགོན་དབེན་ཡིད་དགའ་ཨི་གནས་རྣམས་སུ། །ཤིང་ཤུན་གོས་གྱོན་མེ་ཏོག་མཎྜལ་བྱས། །གདུང་བ་སྤངས་པས་མགོན་པོ་དྲན་པར་བྱ། །པད་མོ་ཟླ་སྟེང་རིན་ཆེན་བུམ་བཟང་དང། ་འདབ་སྟོང་ཨུ་དུཾ་བཱ་རའི་གེ་སར་རྩེ། །མཉམ་མེད་ས་གསུམ་ཁ་ལོ་སྒྱུར་མཛད་པ། །ཆོས་རྒྱལ་གསེར་མདོག་འབར་བར་བསྒོམ་པར་བྱ། །ཧྲཱི(རྒྱུད་འགྲེལ་ན་པདམོ་འཛིན་ཅིང་གཡས་ཀྱིས་ནོར་རྣམས་ཐམས་ཅད་སྦྱིན་པར་མཛད་པ་དང། །ཕྱོགས་གཅིག་ན་འཕགས་པ་ནོར་འཕེལ་རྔ་ཡབ་ཐོགས་ནས་ནོར་གྱི་རྒྱུན་འབེབས་པ་དང། ཕྱོགས་གཅིག་ན་ལྷ་མོ་ནོར་སྦྱིན་མ་རིལ་པ་འཛིན་པ ་ནོར་བུ་དམར་པོའི་ཕྲེང་བས་བརྒྱན་པས་ཏེ། འདི་དག་ནི་བཙུན་པ་སྤྱན་རས་གཟིགས་ནམ་མཁའ་ཨི་མཛོད་བརྙེས་པའི་བདེན་པའི་བྱིན་བརླབས་ཀྱི་རྣམ་པར་འཕྲུལ་པ་ཡིན་པར་རིག་པར་བྱའོ། །འདི་ནི་བསྒོམ་པར་བྱ་བའི་གནས། །འགྲོ་བའི་གདུང ་བ་སེལ་བྱེད་པ། །བསོད་ནམས་སྤྲིན་ཆེན་གསལ་བའི་རྒྱུ། །གསང་སྔགས་ཆར་ཆེན་ནོར་སྦྱིན་གཞན། །སྙིང་བརྩེ་དགའ་དང་ཡིད་བཞུངས་པས། །དོན་ཆེན་བྱེད་པ་རིག་སྔགས་ཆེ། །ནམ་མཁའ་མཛའ་ཡས་གཟུངས་དང་ནི། །སྤྲིན་ཆེན་མཛོད ་ཀྱི་རྟོག་པའོ། །ཇི་སྐད་བསྟན་པའི་སྙིང་པོ་བཞི། །ནུ་མ་གཉིས་ལྡན་སྔོན་འགྲོ་བས། །འབུམ་ཕྲག་ལྔར་ནི་བཟླས་ནས་སུ། །ཅི་ཡོད་ལམ་ཆེན་གནས་སུ་སྦྱིན། །ཤིན་ཏུ་ཕན་འདོད་གདུང་བ་ཡིས། །མགོན་པོ་ལ་ནི་མཆོད་པ་དང། །རང་གི་འཚོ་བ ་མ་གཏོགས་པས། །ཐམས་ཅད་ཡོངས་སུ་མི་གཟུང་ངོ། །དེ་ལྟར་ཆོག་ཤེས་གཞན་དབང་གཡོ། །སོམ་ཉི་སྤངས་དང་ཡང་མེད་དེ། །དེ་ནི་ཉིན་རེ་སྦྱིན་ན་ཡང། །འབྱོར་པས་གཏུགས་པར་མི་འགྱུར་རོ། །ཐུགས་རྗེ་ཆེན་པོ་ནམ་མཁའ་མཛོད་ཀྱི་སྒྲུབ ་ཐབས་རྫོགས་སོ།། །།དཔལ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་ལ་ཕྱག་འཚལ་ལོ། །དེ་ནས་ནམ་མཁའ་ཀུན་ཁྱབ་བཅུ་གཅིག་ཞལ་ཞེས་འབྱུང་བའི་སྒྲུབས་ཐབས་བཤད་པར་བྱའོ། །ཟླ་བ་འབྲུག་སྒྲ་ནམ་མཁའ་ལྟར ་