| Wylie | e-texts based on the ACIP/ALL Input |
རྣམ་གསུམ་རྫོགས་པའི་རིམ་པ་ཡང། །མཁས་པས་འབད་དེ་བསྒོམ་པར་བྱ། །དཔལ་འཇིག་རྟེན་མགོན་པོ་ཡི་གེ་དྲུག་པའི་སྒྲུབ་ཐབས་རྫོགས་སོ།། །།བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཡིད་རྙོག་པ་མེད་པར་མཛད ་ལ་ཕྱག་འཚལ་ལོ། །ས་གསུམ་དབང་ཕྱུག་ལྷ་གསུམ་འཇིག་རྟེན་འོད་མཛད་ནི། །གངས་རི་ལྟར་དཀར་སྐལ་ལྡན་ཡིད་ཀྱི་ངལ་སོའི་རྒྱུ། །བདེ་གནས་མཆོག་སྦྱིན་གཅིག་པུ་རྟག་ཏུ་དབུགས་འབྱིན་བརྩོན་གྱུར་གང། །དཔལ་ལྡན་མགོན ་པོ་སྤྱན་རས་གཟིགས་དབང་ཉིད་རྟག་འདུད། །རིང་ནས་དུབ་པ་སྐྱབས་མེད་པ། །རྣམ་གཡེང་རྣམ་པར་གཟིངས་པ་ཡིས། །རྟག་ཏུ་ཉོན་མོངས་གྱུར་པ་གང། །དེ་དག་ངལ་བའི་ཐབས་འདི་བརྗོད། །ཡིད་དང་རྗེས་མཐུན་གནས་སུ་ནི། །བློ ་ལྡན་རྙོག་པ་མེད་ཡིད་ཀྱིས། །བལྟོས་པ་ཐམས་ཅད་དོར་ནས་སུ། །ལྷ་གསུམ་རྣལ་འབྱོར་བསྒོམ་པར་བྱ། །སྟོང་པ་ཉིད་སྐྱེས་པདྨ་དང། །བདེ་ཆེན་ལས་གྲུབ་ཟླ་དཀྱིལ་དུ། །ལུས་ངག་སེམས་ཀྱི་རང་བཞིན་རིམ། །ཧྲཱི(རྒྱུད་འགྲེལ་དང་དམར་པོ་སྔོན་པོ་དག་།སྐུ་གསུང་ཐུགས་དག་སྦྱར་བ་ཡིས། །བསམས་ལ་འོད་སྤྲོ་བསྡུ་བ་ཡིས། །ཕྱག་འཚལ་ཉིད་དང་སྐུ་བལྟའོ། །དེ་ལ་དབུས་སུ་འཇིག་རྟེན་མགོན། །གཞོན་དུ་དཀར་སྒེག་མཛེས་པའི་གཟུགས། །གཡས་སུ་ཁྲོ་གཉེར་དམར ་མཛེས་ཁྲོ། །གཡོན་དུ་སྒྲོལ་མ་ལྗང་དུལ་མའོ། །རང་རང་འདབ་སྐྱེས་འདབ་བཞིའི་ཐུགས། །རྩ་བའི་ཡི་གེ་བཞིན་མཚན་པ། །རང་གི་སྙིང་པོ་ས་བོན་བཅས། །གསལ་བྱས་ཡེ་ཤེས་གཞུག་པར་བྱ། །དེ་ནས་དུབ་པ་ངལ་སོའི་ཕྱིར། །ཆོ་ག་རི་སྦྱོར་བས ་འགྲོ་བ་ཡི། །སེམས་དུལ་ངལ་པ་རྙེད་པ་ལ། །བརྩོན་པས་གསང་སྔགས་བཟླས་པར་བྱ། །རང་དང་རྗེས་མཐུན་འོད་ཟེར་གྱིས། །འགྲོ་བའི་དུབ་པ་གང་གི་རྒྱུ། །ཆགས་སྡང་མ་རིག་ལས་བཅས་འཕྲོས། །སྡུག་བསྔལ་དྲི་མ་བསལ་བར་འགྱུར། །དེ ་རྗེས་མཁས་པ་དམིགས་བཅས་དང། །དམིགས་བྲལ་རྣམ་པར་མི་རྟོག་ལ། །རྣལ་འབྱོར་གཉུག་མར་གནས་ན་ནི། །མ་ལུས་མཚན་མ་རྣམ་གྲོལ་བསྒོམ། །གང་ཕྱིར་གང་དུ་གང་གིས་གང། །ཇི་ལྟར་བཅིང་བས་བདག་དུབ་པ། །དེ་ཕྱིར་དེ་ཡིས ་དེར་དེ་ཉིད། །དེ་ལྟར་གྲོལ་བས་བདག་ངལ་བའོ། །ེ་མའོ་རྣལ་འབྱོར་ཟབ་མོ་ཆེ། །ེ་མའོ་འཆིང་བ་འཆིང་བ་མེད། །ེ་མའོ་རྟག་ཏུ་བདེ་བ་ཆེ། །ེ་མའོ་ཨེ་མ་ངོ་མཚར་རྨད། །ཡང་ནི་དམིགས་བྲལ་ཉིད་ཡིད་ཀྱིས། །ལུས་ཅན་དམིགས་མེད ་དམིགས་བྱས་ལ། །སྟོང་ཉིད་འོད་ཟེར་དབུགས་འབྱིན་པའི། །སྦྱོར་བས་དུབ་བ་ངལ་སོ་བྱ། །ནམ་མཁའ་ཨི་མཛའ་གཏུགས་སྲིད་ནི་འདི་དག་མི་དལ། སེམས་དུབ་རྣམ་པ་ཀུན་ཏུ་ཉོན་མོངས་དབང་གྱུར་སྡུག་བསྔལ་ནི། །སྣ་ཚོགས་ཀུན་རྟོག་བག་ཆགས ་ལས་བཅས་འཛིན་པའི་བློས་བསླད་མངོན་ཞེན་འཆིད་པ་དམ་པའི་མདུད་པས་ཉེར་བཅིངས་པ། ཚོག་གང་གིས་དེ་ཤེས་གྱུར་ན་སྐད་ཅིག་དེ་ལ་དཔག་མེད་རྒྱལ་བའི་ཕྱག་གིས་རྗེས་བསྐྱབས་དྲི་རྡུལ་མེད། །སྙིང་གི་དབུས ་སུ་བདེ་བ་ཆེ་ཐོབ་གཞའ་ལུས་འདི་དང་ཚངས་པའི་དག་ཐོབ་འགྲོ་བའི་གཉེན་གཅིག་བླ་མར་གྱུར། །གང་ཚེ་སྐྱོ་བས་ལྡང་འདོད་ན། །དྲན་པས་བརྟན་པར་བྱེད་པ་ཡི། །ཏིང་ངེ་འཛིན་ལ་མཉམ་གཞག་ནས། །བརྩེ་ལྡན་དལ་བུས་ལྡང་བར་བྱ།། ་ཁ་ན་མ་ཐོ་མེད་དྲན་བཅས། །རྣལ་འབྱོར་རྣམ་པར་མི་རྟོག་དང། །བྱམས་ལྡན་ཀུན་ཏུ་ཡིད་བཞུགས་པ། །རྗེས་སྤྱོད་དགེ་ཚོགས་བརྩམ་པར་བྱ། །སེམས་ངལ་སོ་བའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། །།སྤྱན་རས ་