CLOSE WINDOW

N2360: 'phags pa spyan ras gzigs dbang phyug gi sgrub thabs brgya rtsa brgyad pa
Wyliee-texts based on the ACIP/ALL Input

པ་དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། །། !། (།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་སློབ་དཔོན་ཆེན་པོ་གུཔཏས་མཛད་པ་བཞུགས་སོ།)་། !། །རྒྱ་གར་སྐད་དུ། ཨཥྚོ་ཏྟ་རཱ་ཏ་ཨཱརྱ་བ་ལོ་ཀི་ཏ་ཤྭཱ? ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ། རྗེ་བཙུན་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གིས་ཚོགས་རབ་གཉིས་བསགས་པས། །དེ་ཉིད་ཟབ་མོ་མངོན ་གཟིགས་ཏེ། །བརྩེ་བས་འགྲོ་ལ་སྣ་ཚོགས་ཐབས། །སྟོན་མཛད་འཇིག་རྟེན་གསུམ་མགོན་འདུད། །སྟོང་ཉིད་སྙིང་རྗེ་ལས་བྱུང་བ། །རྣམ་ལྔ་བྱང་ཆུབ་ཆེ་བདག་ཉིད། །སྐུ་གསུང་ཐུགས་ཀྱི་ཐུགས་དག་པ། །འཇིག་རྟེན་མགོན་པོ་མཁས་པས་སྒྲུབ། །པད་ནོ་ཟླ་དབུས ་གཞོན་ནུའི་སྐུ། །སྐྱིལ་ཀྲུང་ཕྱེད་བརྐྱང་འགྱིང་བག་བརྟན། །ཟླ་བ་རྒྱས་པའི་ཞལ་མཛེས་ལས། །ས་གསུམ་བདག་གིར་མཛད་གཟིགས་པའོ། །མཆོག་སྦྱིན་པད་མོའི་གཡས་དང་གཡོན། །རྒྱལ་བའི་ཅོད་པན་རིན་ཆེན་བརྒྱན། །འོད་དཔག་མེད་ཀྱིས་སྤྱི ་གཙུག་མཛེས། །དེ་ཡི་ཐུགས་ནི་པད་མར་རྒྱས། །ཧྲཱི(རྒྱུད་འགྲེལ་བཅད་པ་བཞི་པ་རྫོགས་སོ།། །།ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྲིད་གསུམ་གཙོ་བོ་ཞི་བའི་ལྷ། །ཐུགས་རྗེས་མི་བརྙེལ་ཤེས་རབ་ཀྱིས། །ཆགས་བྲལ་འཇིག་རྟེན་དབང་ཕྱུག་གི་།ཞབས་ཀྱི་པད་མོར་སྤྱི་བོས་འདུད། །གསུམ་ལ ་