| Wylie | e-texts based on the ACIP/ALL Input |
སྙིང་རྗེ་ལ་བསྟོད་པ། དགེ་བསྙེན་ཀུན་སྦྱིན་གྱིས་མཛད་པ་རྫོགས་སོ།། (།།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།)་།རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ ་ཤྭ་ར་ས་ཧ་པྲ་བྷུ་ཛ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །འདས ་པའི་དུས་སུ་མངོན་པར་སངས་རྒྱས་ཀྱང། །ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་སྟོན་པ། །ཐབས་ཚུལ་དཔག་མེད་རིག་ལ་ཕྱག་འཚལ་ལོ། །དེ་ལ་དང་པོ་རེ་ཞིག་འཇིག་རྟེན་དབང་ཕྱུག་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །འཇིག་རྟེན ་གྱི་བྱ་བ་ཐམས་ཅད་སྤངས་ལ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་བསྐྱེད་པ་རི་ལྟ་བུའི་རྣལ་འབྱོར་པས་ས་ཕྱོགས་ཤིན་ཏུ་ཉམས་དགའ་བ་མེ་ཏོག་དང་འབབ་ཆུ་དང་ལྗོན་ཤིང་དང་འབྲས་བུ་སྣ་ཚོགས་ཡོད་པའི་སར་གནས་ཁང་ཤིན་ཏུ ་ཉམས་དགའ་བར་སྐུ་གསུང་ཐུགས་ཀྱི་རྟེན་ཅི་རིགས་པར་བཀོད་པའི་སར་སྟན་ནང་ཆངས་ཅན་ལ་ཁ་ནུབ་ཕྱོགས་སུ་བལྟས་ནས་ཁྲུས་ཀྱི་རྣལ་འབྱོར་རྣམས་བྱས་ལ། །ོཾ་ཨཱ(རྒྱུད་འགྲེལ་རྣམས་བསལ་བར་བྱའོ། །དེ་ནས་རང་གི་དོན་ཡོངས་སུ་དོར་བའི་བསམ་པས་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འཛིན་པ་ནི་བྱམས ་པའོ། །ཀྱེ་མའོ་སེམས་ཅན་འདི་དག་ནི་འཁོར་བའི་རྒྱ་མཚོར་ནུབ་ཅིང་ཡུན་རིང་དུ་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏེ་ཞེས་བསམས་ལ། །འདི་ནས་ལག་ཚར་དུ་ང་ཡིས་འཁོར་བ་སྡུག་བསྔལ་གྱི་མཚོ་ལས་གདོན་པར་བྱའོ། །སྙམ་པ་སྙིང་རྗེ ་ཆེན་པོའོ། །སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བ་རྒྱུན་མི་འཆད་པ་ལ་འཇིག་པར་འདོད་པ་ནི་དགའ་བའོ། །བདེ་བ་དང་སྡུག་བསྔལ་བ་དང་གྲགས་པ་དང། མ་གྲགས་པ་དང། རྙེད་པ་དང། མ་རྙེད་པ་དང། བསྟོད་པ་དང། སྨད་པ་སྟེ། ་འཇིག་རྟེན་གྱི་ཆོས་བརྒྱད་པོ་མགོ་མཉམ་པར་རྟོགས་པ་ནི་བཏང་སྙོམས་སོ། །དེ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྱན་རས་གཟིགས་ཀྱི་དབང་པོའི་གོ་འཕང་ཐོབ་པར་བྱས་ལ། །མངལ་ནས་སྐྱེས་པ་དང། སྒོ་ང ་ལས་སྐྱེས་པ་དང། བྲོད་གཤེར་ལས་སྐྱེས་པ་དང། རྫུས་ཏེ་སྐྱེས་པའི་སེམས་ཅན་འདི་དག་ཐམས་ཅད་སངས་རྒྱས་ཀྱི་ས་ལ་གཞག་པར་བྱའོ་ཞེས་པ་བསམ་པ་བརྟན་པོ་བསྐྱེད་ལ། །དེ་ནས་རང་གི་སྙིང་ཁར་ཆོས་ཀྱི་དབྱིངས་སྐྱེ་མེད། །སྟོན་པ་བ་བྱེད་པའི ་ཡི་གེ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་ཧྲཱི(རྒྱུད་འགྲེལ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཕྱག་སྟོང་པ་འཁོར་དང་བཅས་པ་དང་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསམས་ལ་།དེ་རྣམས་ལ ་ཕྱག་འཚལ་བའི་སྔགས། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩི་ཏྟ་པ་ཎཱ་མ་ན་བཛྲ་བནད་ནཱཾ་ཀཱ་རོ་མི་ཞེས་བརྗོད་དོ། །དེ་ནས་གདན་དབུས་བའི་སྔགས། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་སྭ་སྠཱ་ནཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི(རྒྱུད་འགྲེལ་འོད་ཟེར་འཕྲོས་པས་མེ་ཏོག་ཐོགས་པའི་ལྷ་མོ་དཀར་མོ་དཔག་ཏུ་མེད་པས་མཆོད་པར་བསམས་ལ། །ོཾ་བཛྲ་པུཥཔེ་ཨཱ(རྒྱུད་འགྲེལ་ལང་ཚོ་ལྡན་པ་ནམ་མཁའ་ཁེངས་པས་མཆོད་པར་བྱའོ། །དེའི་རྗེས་ལ་ཨོཾ་བཛྲ་དཱི་པེ་ཨཱ(རྒྱུད་འགྲེལ་བརྗོད་པས་དྲི་མཆོག་ཐོགས་པའི་ལྷ་མོ་སེར་མོ་དཔག་ཏུ་མེད་པས་མཆོད་པར་བྱའོ། །དེ་ནས་ཨོཾ་བཛྲ་ནེ་བི་ཏྱ་ཨཱ(རྒྱུད་འགྲེལ་བི་ཤི་སྠཱ་པཱུ་ཛ་མེ་ཀྟ?་པྲ་ས་ར་ས་མུ་དྲ་ཨཱ(རྒྱུད་འགྲེལ་དེ་ནས་སྡིག་པ་བཤད་པར་བྱ་སྟེ། ཐོགས་མེད་འཁོར་པའི་འགྲོ་བར་གཏོགས་པ་ཡིས། །བྱས་པའི་ཉེས་བྱས་མ་ལུས་མི་འཐད་འདི། །གང་ཞིག་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ན། །བཞུགས་པའི་རྒྱལ་བའི་སྤྱན་སྔར་གཤགས ་བར་བགྱི། །ོཾ་སརྦ་པ་པཾ་ཤོ་དྷ་ད་ཧ་ན་བཛྲ་སྭཱཧཱ། སྡིག་པ་བཤགས་པའོ། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ནི། །སྣ་ཚོགས་ཐབས་མཁས་པ་ཡིས་ཕན་མཛད་དང། །ཕྱོགས་བཅུའི་ལོ་ཀ་དག་ན་གང་དག་གཞན། །བསོད་ནམས ་བྱེད་པ་དེ་ལ་ཡི་རང་ངོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཤཱུ་ནྱ་ཛྙཱ་ན་ཨ་ནུ་མོ་ད་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། རྗེས་སུ་ཡི་རང་བའོ། །སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ནི། །འགྲོ་བའི་སྐྱབས་གྱུར་བ་ལ་གསོལ་པ་ནི། །ཕྱོགས་བཅུའི་སེམས ་ཅན་ཇི་སྙེད་ཐམས་ཅད་ལ། །ཆོས་ཀྱི་སྤྲིན་ལས་ཆར་ཆེར་དབབ་ཏུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། བསྐུལ་བའོ། །སོ་སོའི་སྐྱེ་བོའི་ས་དང་ཉེས་བྱས་རྣམས། །མ་ལུས་པར་ནི་མྱུར་དུ་སྤངས་ནས་ནི། ་བསྐྱོན་མེད་ཆོས་ཀྱི་སྐུ་ནི་རྣམ་དག་པར། །བཤད་པ་མྱུར་དུ་རྟོགས་པ་ཉིད་མཛོད་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ན་ཡ་དྷི་ས་མ་ཡ། སརྦ་སཏྭ་ཧེ་དཱ་ནར་དྷརྨཱ་དྷཱ་ཏུ་སཋི་ཏི?་བ་ཏུ(རྒྱུད་འགྲེལ་བདག་གི་དགེ་བ་གང་དག་ཅི་བསགས་པ། སྐྱེ་བ་ལ་སོགས་།སྡུག་བསྔལ་ཐམས་ཅད་ནི། །ཉེ་བར་ཞི་ཕྱིར་བདག་གིས་བསྔོ་བར་བགྱི། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཎྱ་ནིརྱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། བསྔོ་བའོ། །སྐྱེ་སོགས་སྡུག་བསྔལ་རྣམས་ཀྱིས་ཉེར་གཙེས་ཤིང། །མི་ཤེས་ལོག་བས་ཉེར་བཅོམ་བདག་ཉིད་ཅན། །སྲོག་ཆགས་རྣམས་ལ་ཕན་ཕྱིར་བྱང་ཆུབ་སེམས། །རིན་ཆེན་མཆོག་གྱུར་བདག་གིས་བསྐྱེད་པར་བགྱི། །རྟག་ཏུ་སྲོག་ཆགས་རྣམས་ཀྱི་སྐྱབས་དང ་ནི། །གནས་དང་དཔུང་གཉེན་སྐྱོབ་པ་ཉིད་གྱུར་ཅིག། །ོཾ་བོ་དྷི་ཙིཏྟཾ་ཨུ་པཱ་ད་ཡཱ་མི། བོ་དྷི་ཙིཏྟཾ་མུད་པཱི་ཏ་ཏཾ་ཏ་ཐཱ་ཏ་ས་མ་པི་ཏ་བོ་དྷི་ཙིཏྟ་ཨུ་?་ཏ་ཡ་མི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དེ་ནས་རང་གི་དགོས་པའི་དོན་ཐམས་ཅད ་གསོལ་བ་གདབ་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ཀྱི་བུ་ལེགས་སོ་ཤེས་གསུངས་ནས་རང་རང་གི་གནས་སུ་གཤེགས་པར་བསམ་མོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ ་བ་བི་ཤུདྡྷོ་ཧཾ་ཞེས་བརྗོད་པས་ཆོས་ཐམས་ཅད་རང་བཞིན་དེ་བཞིན་དེ་ཉིད་ལས་མི་འདའ་བར་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཤཱུ་ནྱཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་པས་ཆོས་ཐམས་ཅད་སྤོས་བྲལ་ནམ་མཁའ་ཨི་ངོ་བོ་ལྟ ་བུར་བསམ་མོ། །དེ་ནས་སྟོང་པ་ཉིད་དུ་གནས་པས་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྲུབ་པས་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བས་བཾ་ལས་པདྨ་འདབ་མ་བརྒྱད་པ་ཡང་ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་དབྱིངས་མཛའ་དང་དབུས ་མེད་པར་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བས་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་བསམ། །དེའི་སྟེང་དུ་ཧྲཱི(རྒྱུད་འགྲེལ་ཀྱི་སེམས་ཅན་ཐམས་ཅད། །སྤྱན་རས་གཟིགས་ཀྱི་དབང་པོར་གྱུར་ནས། །ཧྲཱི(རྒྱུད་འགྲེལ་ནས་ཐིམ་པས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་པ་སྐུ་མདོག་དཀར་ལ་འཚེར་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྷའི་པཉྩ་ལི་ཀའི་དར་དམར་པོས་ཤམ་ཐབས་པ་རི་དགས་ནག་པོའི་པགས་པས་ནུ་མ་གཡོན་པ་བཀབ་པ་རིན ་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་དུ་མས་བརྒྱན་པ་ཁྱད་པར་དུ་ཡང་ལྷའི་རིན་པོ་ཆེ་རྣམ་པ་བདུན་གྱིས་བརྒྱན་པ། །རྩ་བའི་ཞལ་ཀུན་ནས་དཀར་བ་སྤྱན་གསུམ་མངའ་བ་གཡས་པ་ལྗང་གུ། གཡོན་པ་དམར་བ། ཞལ་ཐམས་ཅད་ཀུན་ནས་འཛུམ་བའི ་ཉམས་ཅན་དེའི་སྟེང་མ་ལྗང་གུ། དེའི་གཡས་དཀར་བ། གཡོན་པ་དམར་བ། དེའི་སྟེང་མ་དམར་པོ། དེའི་གཡས་ལྗང་གུ། གཡོན་དཀར་པོ། །དེའི་སྟེང་ན་ཁྲོ་བོའི་ཞལ་མཐིང་ནག་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་ཞལ་བཅུ་པ་ནི་ཕ་རོལ་ཏུ་ཕྱིན ་པ་བཅུའོ། །དེའི་སྟེང་མ་བནདུ་ཀའི་མེ་ཏོག་ལྟར་དམར་བ་མགྲིན་པ་ཡན་ཆོད་འཐོན་པ་ཚངས་པར་སྤྱོད་པའི་ཆ་ལུགས་རྒྱན་སྤངས་པ་དབུའི་ཐོར་ཚུགས་དང་ལྡན་པའོ། །དེས་ནི་སྐྱེ་བ་རྣམ་པ་བཞིས་སངས་རྒྱས་སྒྲུབ་པར་བྱེད་པའོ། །རྩ་བའི ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། །དེའི་འོག་མ་གཡོན་པ་གསེར་གྱི་པདྨ་རྩ་བ་དང་བཅས་པ་འཛིན་པ། །གཡས་ཀྱི་འོག་མ་བགྲངས་ཕྲེང་འཛིན་པ། །གཡོན་གྱི་གསུམ་པ་ན་རིལ་པ་སྤྱི་བླུགས་འཛིན་པ། །གཡས་ཀྱི་གསུམ ་པ་ན་ཡི་དགས་ཀྱི་བཀྲིས་བསྐོམ་གྱི་གདུང་བ་སེལ་བའི་མཆོག་སྦྱིན་མཛད་པ། །གཡས་ཀྱི་བཞི་པ་ན་འཁོར་ལོ་འཛིན་པ། །གཡོན་གྱི་བཞི་པ་ན་གཞུ་འཛིན་པའོ། །དེ་ན་གཡས་ཀྱི་ཕྱག་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་ཡིད་བཞིན ་གྱི་ནོར་བུ་རིན་པོ་ཆེ་དང། །སྤྲུལ་པའི་སྐུ་རྒྱལ་བ་ཤཱཀྱ་ཐུབ་པ་དང། མེ་ལོང་དང། ཤེལ་གྱི་གདུ་བུ་དང། དགྲ་སྟ་དང། ཕུབ་དང། རིལ་བ་བྷྲིཾ་ག་ར་དང། རྔ་ཡབ་དཀར་པོ་དང། རིན་པོ་ཆེ་མེད་པ་དང། རིན་པོ་ཆེ་ཆུ་ཤེལ་དང། སྐྱབས ་སྦྱིན་པ་དང། རིན་པོ་ཆེའི་ཁ་ཊཝཱཾ་ག་དང། རྡོ་རྗེ་དང། རལ་གྲི་དང། ལྷུང་བཟེད་དང། རྡོ་རྗེའི་ཞགས་པ་དང། རིན་པོ་ཆེ་བསྣམས་པའོ། །གཡོན་པའི་ཕྱག་རྣམས་སུ་གོ་རིམ་ཇི་ལྟ་བ་བཞིན་དུ་རྒྱུན་འབྲུམ་གྱི་སྣོད་ཐོགས་པའི་ཕྱག་དང། ། ་པདམོའི་སྟེང་དུ་འོད་དཔག་མེད་པ་དང། །རིན་པོ་ཆེའི་ཟ་མ་ཏོག་དང། རིན་པོ་ཆེའི་ཤིང་དང། རིན་པོ་ཆེའི་གཞལ་མེད་ཁང་དང། རིན་པོ་ཆེའི་དུང་གཡས་སུ་འཁྱིལ་བ་དང། འཁར་སིལ་དང། རིན་པོ་ཆེའི་མདའ་དང། རིན་པོ་ཆེའི་དྲིལ ་བུ་དང། ཐོད་པའི་འཁར་བ་དང། རིན་པོ་ཆེའི་ལྕགས་ཀྱུ་དང། རིན་པོ་ཆེའི་མདུང་དང། པདྨ་ལེ་བརྒན་དང། སྤྲིན་རྣམ་པ་ལྔ་དང། རིན་པོ་ཆེའི་ཕྱག་རྒྱ་དང། རིན་པོ་ཆེའི་གླེགས་བམ་དང། པདྨ་སྔོན་པོ་བསྣམས་པའོ། ། ་ཕྱག་སྟོང་གིས་ཉེ་བར་མཛེས་པ་དེ་ལས་གཞན་པའི་ཕྱག་ཐམས་ཅད་མཆོག་སྦྱིན་པ་ཕྱག་གི་མཐིལ་ན་སྤྱན་རེ་མངའ་བའོ། །འཇིགས་པ་ཐམས་ཅད་སྐྱོབ་པའི་སྤྱན་རས་གཟིས་དཔག་ཏུ་མེད་པ་འཕྲོས་གཡས་སུ་དོན་ཡོད་ཞགས་པ་དང། ་ཚོང་དཔོན་གྱི་བུ་ནོར་བཟངས་འདུད་པའོ། །གཡོན་དུ་རྟ་མགྲིན་དང་སྒྲོལ་མ་འདུད་པའོ། །ཕྱོགས་བཞིར་རྒྱལ་པོ་བཞི་རང་རང་གི་འཁོར་དཔག་ཏུ་མེད་པ་དང་བཅས་པའོ། །སྟེང་གི་ཕྱོགས་སུ་ལྷའི་བུ་དང་དྲང་སྲོང་མཆོད་པ་ཐོགས་པ་དཔག ་ཏུ་མེད་པ་ལྷགས་པའོ། །དེ་ནས་ཐུགས་ཀའི་ཧྲཱི(རྒྱུད་འགྲེལ་བྱའོ། །དེ་ནས་ཐལ་མོ་སྦྱར་ལ་པདྨ་ཁ་ཕྱེ་བའི་བྱས་ཏེ་སྙིང་གར་གཞག་པ་འདི་ནི་པདྨ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ོཾ་པདམོ་?་བཱ་ཡ་སྭཱཧཱ། དེ་ནས་ཧྲཱི(རྒྱུད་འགྲེལ་བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ་མཛད་པ། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དིང་བདག་སྩོལ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ལྔ་ཡུམ་དང་བཅས་པས་དབང་བསྐུར་བར་བསམ ་ཞིང་ཚིག་ཏུ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །གསང་བ་གསུམ་གྱི་གནས་ལས་བྱུང། །ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །དི་རིང་ཁྱོད་ལ་སྦྱིན་པར་བྱ། །ོཾ་སརྦབ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩཾ་ཏུ་མཱཾ་ཞེས་བརྗོད་པས། །དེ་བཞིན་གཤེགས་པ་འོད ་དཔག་ཏུ་མེད་པ་སྤྱི་བོའི་སྟེང་དུ་བསམ། །དེ་ནས་ང་རྒྱལ་བརྟན་པར་བྱ་བའི་ཆེད་དུ། ཨོཾ་ཡོ་ག་དྷརྨམཱ་དྷཱ་ཏུ་སྭ་བྷཱ་བ་སརྦབ་ཨཱཏྨ་ཀོཉཧཾ། ཞེས་བརྗོད་པས། ང་རྒྱལ་བརྟན་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། ་གསང་སྔགས་འདི་འབུམ་ཕྲག་གཅིག་བཟླས་པར་བྱའོ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏ་ཤྭམ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎཱི་ཀཱ་ཡ། སརྦབ་བནདྷ་ན་ཙྪེ་ད་ན་ཀ་རཱ་ཡ། སརྦབ་བྷ་བ་ས་མུ་དྲོ་ཙྪོ་ཥ་ཎ་ཡ་ཀ་རཱ་ཡ། ་སརྦབ་བྱཱ་དྷི་པྲ་ཤ་མ་ན་ཀ་རཱ་ཡ། སརྦབེ་ཏྱུ་བ་དྲ་བ་བི་ནཱ་ཤཀ་རཱ་ཡ། སརྦབ་བྷ་ཡེ་ཥུ་ཏྭཱ་ཎཱ་ཡ། ཏསྱ་ན་མ(རྒྱུད་འགྲེལ་སརྦབ་སཏྭ་ནཱཾ། ?་པ་མཱ་རྒ་བི་ཤོ་དྷ་ཀཾ། ཏདྱ་ཐཱ་ཨ་བ་ལོ་ཀེ་ལོ་ཀ་མ་ཏི། ལོ་ཀ་ག་ནཾ། ཨཱ་དི་བ་ཏི། ལོ་ཀཱ་ཏི་ཀྲ་ནྟེ། ཨེ་ཧཡ་ཧི། མཧཱ་བོ་དྷི་སཏྭ། ཧེ་བོ་དྷི་སཏྭ། ཧེ་མཧཱ་བོ་དྷི་སཏྭ་ཧེ་མཧཱ་བོ་དྷི་སཏྭ། ཧེ་པྲི་ཡ་བི་དྷི་སཏྭ། ཧེ་ཀཱ་རུ་ཎི་ཀ ་སྨ་ར་ཧྲི་ད་ཡཾ། ཨེ་ཧཡེ་ཧི། ཨཱརྱཱ་པ་ལོ་ཀི་ཏེ་ཤྭ་ར། པ་ར་མ་མི་ཏྲི་ཙིཏྟ་ཀཱ་རུ་ཎི་ཀ། ཀུ་རུ་ཀུ་རུ་ཀརྨ། སཱི་དྷ་ཡ་བི་དྱཱཾ། དེ་ཧི་དེ་ཧི། མེ་ཨ་རཾ། གཱ་མཾ་གཱམ། བི་ཧཾ་གཱ་མ། སིདྡྷ་སིདྡྷ་ཡོ་གེ་ཤྭ་ར། དུ་ཧུ་དུ་ཧུ་པཱིརྱནྟེ། མཧཱ་བཱིརྱནྟེ། ་དྷ་ར་དྷ་ར་དྷ་?་ཤྭ་ར། ཛཝ་ལ་ཛཝ་ལ་བི་མ་ལཱ་མཱུརྟེ། ཨཱརྱཱ་བ་ལོ་ཤི་ཏེ་ཤྭ་ར། གྲིཥྞ་ཛི་ན་ཛ་ཏཱ་མུ་ཀུ་ཊཱ་ལཾ་ཀྲི་ཏ་ཤ་རཱི་ར་ལམྦ་པྲ་ལཾ་བ་བི་ལཾ་བ། མཧཱ་སིདྡྷ། བིརྱའཾ་དྷ་ར་བ་ལ་བ་ལ་མཧཱ་བ་ལ་མ་ལ་མ་ལ། མཧཱ་མ་ལ། ཙ་ལ་ཙ་ལ། མཧཱ ་ཙ་ལ། ཀྲིཥྞེ་བཀྵ། ཀྲིཥྞ་བརྞྞ་ཀྲིཥྞ་པཱ་ཤ་ནི?་ཏ་ན། ཧེ་པདྨ་ཧ་སྟ། ཙ་ར་ཙ་ར་ནི་ཤཙ་རེ་ཤྭ་ར། ཀྲིཥྞ་སརྦབ་ཀྲི་ཏ་ཡ་ཛྙཽ་པ་བཱི་ཏ། ཨེ་ཧཡེ་ཧི་བཱི་ར་མུ་ཁ། ཏྲི་བུ་རད་ཧེ་ནེ་ཤྭ་ར། ནཱ་རཱ་ཡ་ནཱ། བ་ལ་རུ་པ་བེ་ཥ་རཱི། ཧེ་ནཱི་ལ་ཀཎྛ། ཧེ་མཧཱ་ཧཱ་ལ་ཧཱ ་ལ་བི་ཥ་ནི་རྫི་ཏཱ། ལོ་ཀ་སྱ་རཱ་ག་བི་ཥ་ནཱ་ཤ་ནི། དྭེ་ཥ་བི་ཥ་ནཱ་ཤ་ནཾ། མོ་ཧ་བི་ཥ་ནིར་མོཀྵ་ནཾ་ཧུ་ལུ་ཧུ་ལུ་མ་ལ། ཕ་ལ་ཕ་ལ་ཧ་རེ། མཧཱ་པདྨ་ནཱ་བྷ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། བུདྡྷཡ་བུདྡྷཡ། བོ་དྷཡ་བོ་དྷཡ། ་བོ་དྷ་ཡཱ་མི། མི་ཏི་ནཱི་ལ་ཀཎྛ་ཨེ་ཧཡེ་ཧི་ནཱི་ལ་ཀཎྛ། ཨེ་ཧཡེ་ཧཡི་བཱ་མསྠི་ཏི། སི་ཧ་མུ་ཁ་ཧ་ས་ཧ་ས། མུཉྩ་མུཉྩ་མཧཱ་ཊཊ་ཊཊ་ཧཱ་ས་ནི་རྣཱ་དེ་ནི། ཨེ་ཧཡེ་ཧི་བྷོ་བྷོ་མཧཱ་སྲིདྡྷ་ཡོ་གཱི་ཤྭ་ར། བནདྷ་བནདྷ། བ་ཙཾ། སཱ་དྷ་ཡ་སཱ་དྷ་ཡ། བིདྷཡཾ། སྨ་ར ་སྨ་ར་ཏྭཾ། བྷ་ག་བནྟི། ལོ་ཀ་བི་ལ་ཀི་ཏྭཾ། ཏ་ཟླ་ག་ཏཱ། ད་ནཱ་ཧི་མེ་ནརཥ་ནཾ། ཀ་མ་སྱ་དརཥ་ནཾ། པྲ་ཧལཱ་ང་ཡ་མ་ན་སྭཱཧཱ། སིདྡྷ་ཡ་སྭཱཧཱ། མཧཱ་སིདྡྷཱ་ཡ་སྭཱཧཱ། སིདྷ་ཡོ་གེ་ཤྭོ་རཱ་ཡ་སྭཱཧཱ། ནཱི་ལ་ཀཥྛཱ་ཡ་སྭཱཧཱ། བ་རུ་ཧ་མུ་ཁཱ་ཡ་སྭཱཧཱ། སིདྷ་མུ་ཁཱ་ཡ ་སྭཱཧཱ། མཧཱ་མ་ནཱ་རི་སི་ཧ་མུ་ཁཱ་ཡ་སྭཱཧཱ། སིདྡྷ་བིདྱཱ་དྷེ་རཱ་ཡ་སྭཱཧཱ། པདྨ་ཧསྟཝཱ་ཡ་སྭཱཧཱ། མཧཱ་པདྨ་ཧ་སྟཱ་ཡ་སྭཱཧཱ། བཛྲ་ཧ་སྟཝཱ་ཡ་སྭཱཧཱ། ཀྲིཥྞ་སརྦ་ཀྲི་ཏ་ཡ་ཛྙོ་བ་བཱི་ཏ་ཡ་སྭཱཧཱ། མཧཱ་ཀཱ་བ་མུ་ཀུ་ཊ་དྷ་རཱ་ཡ་སྭཱཧཱ། ཙཀྲ་ཨ་ཡུ ་དྷ་དྷ་རཱ་ཡ་སྭཱཧཱ། ཤཾ་ཁ་ཤབད་ནི་རྣཱ་ད་ན་ཀ་རཱ་ཡ་སྭཱཧཱ། ནི་བོ་དྷ་ན་ཀ་རཱ་ཡ་སྭཱཧཱ། བཱ་མ་སྐནདྷ་དེ་ཤ་སྠི་ཏ་གིཥྞ་ཛ་ནཱ་ཡ་སྭཱཧཱ། བཱ་མ་ཧ་སྟ་བྱ་གྷྲ་ཙ་རྨ་ནི་བས་ནཱ་ཡ་སྭཱཧཱ། ལོ་ཀེ་ཤྭ་རཱ་ཡ་སྭཱཧཱ། མཧཱ་ལོ་ཀེ་ཤྭ་རཱ་ཡ་སྭཱཧཱ། སརྦ ་སིདྡྷེ་ཤྭ་རཱ་ཡ་སྭཱཧཱ། ན་མོ་བྷ་ག་བ་ཏེ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བྷོ་དྷི་སཏྭ་ཡ་མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། སིདྡྷཡནྟུ་མེ་མནྟ་པ་དཱ་ནི་སྭཱཧཱ། ཨོཾ་ཧྲི(རྒྱུད་འགྲེལ་སྭཱཧཱ། ཨོཾ་པདམོཥྞཱ་ཥ་བིམ་ལ་ཧཱུཾ་སྭཱཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏཱ་ར་སྭཱཧཱ། །གཟུངས་འདི་ལན་ཅིག་བརྗོད་བས་རྩ་བའི་ལྟུང་བ་བཞི་བྱུང་བ་ཡང་མ་ལུས་བར་འབྱང་བར་འགྱུར་རོ། །འདི་འཛིན་པའི་གང་ཟག་དེ་ལ་འཕགས་པ་སྤྱན ་རས་གཟིགས་ཀྱི་དབང་པོ་རྒྱུན་མེ་འཆད་པར་མིག་སྟོང་དང་ལྡན་པའི་ཐུགས་རྗེས་གཟིགས་པར་འགྱུར་རོ། །ཕྱག་སྟོང་གིས་སྐྱོབ་བར་འགྱུར་རོ། །མཚམས་མེད་པ་ལྔ་དང། དེ་དང་ཉེ་བ་ལྔ་དགེ་འདུན་གྱི་དཀོར་རྐུ་འཕྲེག་བྱས་བ་རྣམས་ཀྱང་བན་ཅིག ་བརྗོད་བས་མ་ལུས་བར་ཟད་བར་འགྱུར་རོ། །ཐེ་ཚོམ་ཟ་བ་ནི་མ་གཏོགས་སོ། །གཤིས་དན་དུ་འཆི་བའི་འཆི་ལྟས་བཅོ་ལྔ་འབྱུང་བར་མི་འགྱུར་རོ། །སྐྱེ་བ་བཟང་པོ་བཅོ་ལྔ་ཡོངས་སུ་འཛིན་བར་འགྱུར་རོ། །སུམ་སྙིང་པོ་འདིའི་མིང་ཐོས་པ ་དེ་ནི་བསྐལ་བ་དུ་མའི་སྐྱེ་བ་དད་འཆི་བའི་བསགས་པའི་ལས་ལྕི་བ་རྣམས་ཀྱང་བྱང་བར་འགྱུར་ན་བརྗོད་ཅིང་འཛིན་པ་ལྟ་ཅི་སྨོས། །རྒྱུན་མ་འཆད་པར་བཟུང་ནས་བཅུའི་འབྲས་བུ་ཐོབ་པ་ལ་དཀའ་བ་མེད་ན། །འཇིག་རྟེན་བའི་བསོད་ནམས ་ཀྱི་འབྲས་བུ་ཐོབ་བ་ལྟ་ཅི་སྨོས། །ཡུལ་གང་དུ་ཡམས་ཀྱི་ནད་བྱུང་ལ་ཡུལ་དེར་རྒྱལ་བོས་ཆོས་ཀྱི་ཡུལ་སྲུང་ཞིང་རྒྱ་ཆེ་བ་དང་གཙང་མར་བྱ། །སེམས་ཅན་ཐམས་ཅད་གཏམས་ལས་མི་གཅད་དོ། །ཉེས་བ་བྱུང་བ་རྣམས་ལ་བཟོད་བར་བྱའོ། ། ་ཞག་བདུན་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་འདི་བཟླས་བརྗོད་བྱས་ན་ཡུལ་དེར་ཡམས་ཀྱི་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཡུལ་གནས་བའི་མི་མ་ཡིན་བ་རྣམས་ལ་གཏོར་མ་བྱིན་ལ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག ་བ་སྟོད་དང་ལྡན་པའི་སྐུ་གཟུགས་ལ་མཆོད་བ་རྒྱ་ཆེན་པོ་བྱས་ལ། །རིག་པ་ལན་ཉི་ཤུ་རྩ་གཅིག་བརྗོད་ནས་རོལ་མོ་སྣ་ཚོགས་ཀྱི་ལན་གསུམ་དུ་བསྐོར་བ་བྱས་ན་རིམས་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཚོན་སྐུད་སྣ་ལྔ་ལ་ལན་ཉི་ཤུ་རྩ་གཅིག ་བཟླས་བརྗོད་བྱས་ལ་མགུལ་དུ་གཏགས་སོ། །གལ་ཏེ་ས་རིས་སོ་སོར་དགྲ་རྒྱུན་དུ་འོང་ཞིང་ཡུལ་དུ་གནས་པའི་སེམས་ཅན་རྣམས་ལ་གནོད་བར་བྱེད་བ་དང་ཡུལ་དེར་ནད་བྱུང་བ་དང། །ཆར་ཆུ་དུས་སུ་མི་འབབ་པ་དང། །ཟླ་བ་དང་ཉི་མ་དྲང་པོར་མི ་འགྲོ་བ་དང། ལྟས་ངན་བ་དེ་སྙེད་བྱུང་ན་རྒྱལ་པོ་དེས་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་ལྡན་པའི་གཟུགས་བྱས་ལ་གང་དུ་ཡམས་ཀྱི་ནང་བྱུང་བ་དེའི་ངོས་སུ་བཞིན་བསྟན་ལ་གཞག་གོ་།ཤིན་ཏུ་དུད་པ་བདུག ་པ་དང་མེ་ཏོག་དང་གདུགས་དང། རྒྱལ་མཚན་ལ་སོགས་བ་ཅི་འབྱོར་པས་མཆོད་བར་བྱའོ། །དེ་ནས་སྒྲུབ་པ་པོས་ཞག་བདུན་དུ་བརྩོན་འགྲུས་བརྟན་བོར་བྱས་ནས་སོ་སོའི་དགྲུ་ཐམས་ཅད་ཕྱག་འཚལ་བར་འགྱུར་རོ། །སེམས་མཐུན ་པར་འགྱུར། ཕན་ཚུན་གྲོགས་པོར་འགྱུར། སྐྱེ་པོ་ཡོངས་དང་རྒྱལ་བུ་རྣམས་ཀྱང་བྱས་བས་གཟོ་ཞིང་ལེགས་པར་བྱེད་པར་འགྱུར་རོ། །རྒྱལ་པོའི་བཙུན་མོའི་འཁོར་རྣམས་ཀྱང་དེ་ལ་དགའ་བ་བསྐྱེད་པར་འགྱུར་རོ། །ནད་དང་གནོད་པ་གང ་བྱུང་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་མིག་སྟོང་དང་ལྡན་པའི་མདུན་དུ་མཆོད་པ་བྱས་ལ་གཟུངས་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་རོ། །སུ་ཞིག་ཧ་ལ ་ཧ་ལའི་དུག་ཟོས་ན་དེ་གུ་གུལ་གྱི་བདུག་པ་དང། ག་བུར་ཆ་བསྙམས་ཏེ། །བྲོན་པ་ཆུ་ལྷག་མར་མ་གྱུར་པ་བསྐོལ་ལ་ཁྱོར་གང་ལུས་བ་དང། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ ་འཐུངས་ན་དུག་ཞི་བར་འགྱུར་རོ། །སུ་ཞིག་མིག་ཉམས་ཏེ་འོང་བར་གྱུར་བ་དང། མིག་གི་འབྲས་བུའི་སྟེང་དུ་ལིང་ཏོག་བྱུང་བ་དང། མིག་ཏུ་རུ་སྐྱེས་ཏེ་མི་མཐོང་བར་གྱུར་པ་དེས་ཨ་རུ་ར་དང་བ་རུ་ར་གཅིག་དང། སྐྱུ་རུ་ར་གཅིག ་ཞིབ་ཏུ་གདགས་ལ་སྦྲང་རྩི་དཀར་པོ་དང། ཁྱེའུའི་ནུ་མའི་འོ་མ་དང་སྦྱར་བར་བྱ་སྟེ། སྦྱོར་བའི་ཚེ་སངས་རྒྱས་ཀྱི་མཚན་ནས། བརྗོད་ཅིང་བྱིས་པ་གསར་པ་བཙས་པའི་བུད་མེད་དང། ཁྱི་དང་ཕག་གིས་མ་མཐོང་བར་རིལ་བུ་བྱས་ཏེ། ་བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། དབེན་པ་རླུད་མི་འོང་བར་འདུག་སྟེ། ཉི་མ་བདུན་གྱི་བར་དུ་སྨན་འདི་མིའི་འོ་མ་དང་སྦྲང་རྩི་དང་སྦྱར་ཏེ་མིག་གི་ནད་དུ་བླུགས་ན་མིག་གི་འབྲས་བུ་སྐྱེ ་བར་འགྱུར་རོ། །ལིང་ཏོག་མེད་ཅིང་ལེགས་བར་མཐོང་བར་འགྱུར་རོ། །སུ་ཞིག་འབྱུང་པོའི་གདོན་ནམ་མི་མ་ཡིན་པའི་ནད་ཀྱིས་བཏབ་བར་གྱུར་ན་གུ་གུལ་གྱི་དུད་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་སྣར་བདུག་གོ། །ཡང་ན་རི་བོང ་གི་སྡུག་པ་ཙམ་གྱི་རིལ་བུ་བྱས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་བཟའ་ཨོ། །ཤ་དང་ཆང་དང་སྒོག་པ་དང་འཐབ་མོ་སྤོང་ངོ། །འོན་ཀྱང་སོས་བར་འགྱུར་རོ། །ཤུ་དག་དཀར་པོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། །དབུང་པ ་གཡས་པར་གཏགས་ན་འཐབ་མོ་ལས་རྒྱལ་བར་འགྱུར་རོ། །བ་ལང་དཀར་པོའི་གིའུ་ཝད?་ལག་འཐིལ་དུ་བཅུག་ལ་བྱང་ཆུབ་སེམས་དཔའ་ཨི་དྲུང་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་ཡན་ལག་རྣམས་བསྐུས་དཔྲལ་བར་ཐིག་ལེ ་བྱས་ན། ལྷ་དང་ཀླུ་དང་འབྱུང་པོ་དང། མི་ཐམས་ཅད་དགའ་བར་འགྱུར་རོ། །ཁྱོ་ཤུག་མེ་དང་ཆུ་ལྷར་མི་མཐུན་པར་གྱུར་ན་བྱང་ཆུབ་སེམས་དཔའ་ཨི་མདུན་དུ་དུར་བའི་མཇུག་སྒྲོལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ནས་ལུས་ལ་བཏགས་ ་ན་མཇའ་བར་འགྱུར་རོ། །རིན་པོ་ཆེ་སྣ་ཚོགས་ཕུན་སུམ་ཚོགས་ཤིང་ཕྱག་བར་འདོད་ན་ཡིད་བཞིན་གྱི་ནོར་བུ་ཐོགས་པའི་ཕྱག་ལ་མཆོད་པར་བྱའོ། །མི་བདེ་བ་རྣམ་པ་སྣ་ཚོགས་ཀྱིས་གཙོས་པར་གྱུར་ན་ཞགས་པ་ཐོགས་བའི་ཕྱག་ལ ་མཆོད་དོ། །ཁད་པར་ནད་རྣམས་ཡོད་བར་གྱུར་ན་རིན་པོ་ཆེའི་ལྷུང་བཟེད་ཐོགས་བའི་ཕྱག་ལ་མཆོད་དོ། །འདྲེག་དོན་ཐམས་ཅད་གདུལ་བར་འདོད་ན་རིན་པོ་ཆེའི་རལ་གྲི་ཐོགས་པའི་ཕྱག་ལ་མཆོད་དོ། །ལྷའི་བུའི་བདུད་ཐམས་ཅད་གདུལ ་བར་འདོད་ན། རྡོ་རྗེ་ཐོགས་པའི་ཕྱག་ལ་མཆོད་དོ། །ཕས་ཀྱིས་རྒོལ་བར་དགྲ་གཞོམ་བར་འདོད་ན་རྡོ་རྗེའི་ཐོ་བ་ཐོགས་པའི་ཕྱག་ལ་མཆོད་དོ། །འཇིགས་ཤིང་བག་ཚ་བའི་གནས་ཐམས་ཅད་ལ་ཐར་བར་འདོད་ན ་འཇིགས་པ་མེད་པའི་སྦྱིན་པའི་ཕྱག་ལ་མཆོད་དོ། །མིག་མི་གསལ་ཏེ་འོད་དང་མི་ལྡན་པར་གྱུར་ན་མེ་ཤེལ་གྱི་ནོར་བུ་ཐོགས་པའི་ཕྱག་ལ་མཆོད་དོ། །ཚ་བའི་རིམས་ཀྱིས་ཐེབས་ཏེ་བསིལ་བར་འདོད་ན་ཆུ་ཤེལ་གྱི་ནོར་བུ་ཐོགས ་བའི་ཕྱག་ལ་མཆོད་དོ། །བློན་ཐབས་མཐོན་པོར་འདོད་ན་རིན་པོ་ཆེའི་གཞུ་ཐོགས་པའི་ཕྱག་ལ་མཆོད་དོ། །གྲོགས་པོ་མཛའ་བཤེས་དང་མྱུར་དུ་ཕྲད་པར་འདོད་ན་རིན་པོ་ཆེའི་མདའ་ཐོགས་པའི་ཕྱག་ལ་མཆོད་དོ། །ལུས་ལ་ནད་སྣ ་ཚོགས་ཀྱིས་ཐེབས་པར་གྱུར་ན་ལྕུག་མ་ཐོགས་པའི་ཕྱག་ལ་མཆོད་དོ། །ལུས་ཀྱི་བགེགས་མ་ལུས་པ་བསལ་བར་འདོད་ན་རྔ་ཡབ་དཀར་པོ་ཐོགས་པའི་ཕྱག་ལ་མཆོད་དོ། །ཐམས་ཅད་མཐུན་པའི་འཁོར་དུ་འགྱུར་བར་འདོད་ན ་བུམ་པ་ཐོགས་པའི་ཕྱག་ལ་མཆོད་དོ། །སྟག་དང་འཕར་སྤྱང་དང་དོམ་དྲེད་དང་གཅན་ཟན་མ་རུངས་པ་ཐམས་ཅད་སྤོང་བར་འདོད་ན་ཕུབ་ཐོགས་པའི་ཕྱག་ལ་མཆོད་དོ། །གནས་དང་དུས་ཐམས་ཅད་དུ་རྒྱལ་པོའི་བགེགས་ལ ་ཐར་པར་འདོད་ན་དགྲ་སྟ་ཐོགས་པའི་ཕྱག་ལ་མཆོད་དོ། །བུ་དང་བུ་མོ་དང་གཡོག་འཁོར་གྱི་ཕྱིར་ཤེས་གྱི་གདུབ་འཁོར་ཐོགས་པའི་ཕྱག་ལ་མཆོད་དོ། །ཡོན་ཏན་རྣམ་པ་སྣ་ཚོགས་ཀྱི་ཕྱིར་ནི་པདྨ་དཀར་པོ་ཐོགས་པའི་ཕྱག་ལ ་མཆོད་དོ། །ཕྱོགས་བཅུའི་ཞིང་ཡོངས་སུ་དག་པར་འདོད་ན། །པདྨ་སྔོན་པོ་ཐོགས་པའི་ཕྱག་ལ་མཆོད་དོ། །ཤེས་རབ་ཆེན་པོ་དང་ལྡན་པར་འདོད་ན། །རིན་པོ་ཆེའི་མེ་ལོང་ཐོགས་པའི་ཕྱག་ལ་མཆོད་དོ། །ཕྱོགས་བཅུའི་དེ་བཞིན ་གཤེགས་པ་རྣམས་མངོན་སུམ་དུ་མཐོང་བར་འདོད་ན། པདྨ་ཐོགས་པའི་ཕྱག་ལ་མཆོད་དོ། །ས་གཏེར་འབྱིན་པར་འདོད་ན། རིན་པོ་ཆེའི་ཟ་མ་ཏོག་ཐོགས་པའི་ཕྱག་ལ་མཆོད་དོ། །དྲང་སྲོང་གི་ལམ་མངོན་པར་བསྒྲུབ་པར་འདོད་ན། སྤྲིན ་རྣམ་པ་ལྔ་ཐོགས་པའི་ཕྱག་ལ་མཆོད་དོ། །ཚངས་པར་སྐྱེ་བར་འདོད་ན། རིལ་པ་ཐོགས་པའི་ཕྱག་ལ་མཆོད་དོ། །ལྷའི་གཞལ་མེད་ཁང་དུ། སྐྱེ་བར་འདོད་ན། པདྨ་ལེ་བརྒན་ཐོགས་པའི་ཕྱག་ལ་མཆོད་དོ། །ཕྱོགས་གཞན་གྱི་ཕྱིར ་རྒོལ་བ་བསལ་བར་འདོད་ན་རལ་གྲི་དང་མདུང་ཐོགས་པའི་ཕྱག་ལ་མཆོད་དོ། །དགེ་བའི་ལྷ་འདྲི་ཐམས་ཅད་དགུག་པར་འདོད་ན་རིན་པོ་ཆེའི་དུང་ཐོགས་པའི་ཕྱག་ལ་མཆོད་དོ། །ལྷ་འདྲེ་ཐམས་ཅད་འཁོར་བར་འདོད་ན་ཐོད་པའི་ཁར ་བ་ཐོགས་པའི་ཕྱག་ལ་མཆོད་དོ། །ཕྱོགས་བཅུའི་སངས་རྒྱས་མྱུར་དུ་གཤགས་ནས་ཕྱག་གིས་བྱུག་པར་འདོད་ན་བགྲང་ཕྲེང་འཛིན་པའི་ཕྱག་ལ་མཆོད་དོ། །ཚངས་པའི་སྒྲ་དབྱངས་མཆོག་ཐམས་ཅད་མངོན་པར་འགྲུབ་པར་འདོད་ན་རིན་པོ་ཆེའི་དྲིལ ་བུ་ཐོགས་པའི་ཕྱག་ལ་མཆོད་དོ། །ཚིག་གི་སྤོབས་པ་གྱོ་ནམ་པ་དང་ལྡན་པར་འདོད་ན་རིན་པོ་ཆེའི་ཕྱག་རྒྱ་ཐོགས་པའི་ཕྱག་ལ་མཆོད་དོ། །དགེ་བའི་ལྷ་རྣམས་དང་ཀླུ་རྣམས་རྟག་པར་འོངས་ཏེ་བསྲུང་ཞིང་ཡོངས་སུ་སྐྱབ་པར་འདོད་ན་ལྕགས་ཀྱུ་ཐོགས ་བའི་ཕྱག་ལ་མཆོད་དོ། །བྱམས་པ་དང་སྙིང་རྗེས་སེམས་ཅན་ཐམས་ཅད་སྐྱོབ་པར་འདོད་ན་འཁོར་གསིལ་ཐོགས་བའི་ཕྱག་ལ་མཆོད་དོ། །སེམས་ཅན་ཐམས་ཅད་ཀྱིས་རྟག་པར་ཕན་ཚུན་གུས་པར་བསྙེན་བཀུར་བརྩེ་བར་སེམས་པར ་འདོད་ན་ཐལ་མོ་སྦྱོར་བའི་ཕྱག་ལ་མཆོད་དོ། །སྐྱེ་བའི་སྐྱེ་གནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་དང་མི་བྲལ་བར་འདོད་ན་སྤྲུལ་པའི་སངས་རྒྱས་ཐོགས་པའི་ཕྱག་ལ་མཆོད་དོ། །སྐྱེ་བའི་ཚེ་རབས་ཐམས་ཅད་དུ་རྟག་ཏུ ་རྟག་པར་དེ་བཞིན་གཤེགས་པའི་ཕོ་བྲང་དུ་གནས་ནས་མངལ་གྱི་སྙིང་པོར་སྐྱེ་བར་མི་འདོད་པར་གྱུར་ན་གཞལ་མེད་ཁང་ཐོགས་པའི་ཕྱག་ལ་མཆོད་དོ། །མང་དུ་ཐོས་པའི་ཤེས་རབ་རྒྱ་ཆེན་པོ་དང་ལྡན་པར ་འདོད་ན་རིན་པོ་ཆེའི་མདོ་སྡེའི་གླེགས་བར་ཐོགས་པའི་ཕྱག་ལ་མཆོད་དོ། །ད་ལྟར་གྱི་ལུས་འདི་ནས་སངས་རྒྱས་ཀྱི་སྐུ་ལ་ཐུགས་པའི་བར་དུ་རྟག་ཏུ་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་མི་འགྱུར་བར་འདོད་ན་ཕྱིར་མི་ལྡོག་བའི ་གསེར་གྱི་འཁོར་ལོ་ཐོགས་པའི་ཕྱག་ལ་མཆོད་དོ། །མི་འཇིགས་པ་ལ་སོགས་པ་སྦྱིན་པ་རྣམ་པ་བཞིས་འགྲོ་བ་ཚིམ་པར་འདོད་ན་མཆོག་སྦྱིན་པའི་ཕྱག་ལ་མཆོད་དོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མྱུར་དུ ་གཤེགས་ནས་སྤྱི་བོ་ནས་ཕྱག་གིས་བྱུགས་ཏེ་ལུང་བསྟན་པར་འདོད་ན་སྤྱི་བོ་ནས་སྤྲུལ་པའི་སངས་རྒྱས་ཐོགས་པའི་ཕྱག་ལ་མཆོད་དོ། །ཤིང་ཐོགས་དང་འབྲས་བུ་རྣམས་འགྲུབ་པར་འདོད་ན་རྒུན་འབྲུམ་ཐོགས་པའི ་ཕྱག་ལ་མཆོད་དོ། །དེ་ལྟར་མངོན་པར་སྒྲུབ་པའི་མཆོག་རྣམས་སྟོང་ཡོད་ཀྱང། །དེ་མངོན་བསྡུས་ནས་བསྟན་པ་ཡིན་ནོ། །ལུས་དྲང་པོར་སྲང་སྟེ་སྙིང་གར་ཐལ་མོ་སྦྱར་ནས་སོར་མོ་ཐམས་ཅད་ཕན་ཚུན་ཐད་ཀར་བསྣོལ་ལ་གཡོན་པའི ་སོར་མོ་རྣམས་ཀྱིས་གཡས་པའི་སོར་མོ་རྣམས་ལ་འཁྱུད་དེ་མཛུབ་མོ་གྱེན་དུ་བསྒྲེངས་ལ་རྩེ་མོ་གཉིས་སྦྲང་ངོ། །མཐེ་བོ་གཉིས་ཀྱི་ཚིགས་དང་པོར་རིག་པར་བགྱི། །ལག་མཐིལ་ལ་མ་འབྱར་བར་བགྱིའོ། །འདི་ནི་གཟུང་སྔགས ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་ནོ། །བསྐལ་པ་དུ་མར་ཚེ་རབས་སུ་བསགས་པའི་ལས་ཀྱི་སྒྲིབ་པ་མི་དགེ་པ་རྣམས་བྱང་བར་འགྱུར་རོ། །ཚེ་ཕྱི་མ་ལ་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བར་འགྱུར། །སངས་རྒྱས་བཅོམ་ལྡན་འདས ་ཤཱཀྱ་ཐུབ་པས་བྱང་ཆུབ་བརྙེས་པར་མཛོད་པའི་ཚེ་བདུད་ཐམས་ཅད་ཀྱི་མཐུས་བརྩམས་པས་ན་ཕྱག་རྒྱ་འདིས་བཏུལ་ཏེ། །དེའི་ཚེ་ཞི་བ་དང་བདེ་བ་དང་བསམ་གཏན་དང་སྙོམས་པར་འཇུག་པ་ཡང་བརྙེས་པར་གྱུར་ཏོ། །དེའི་གསང་སྔགས ་ནི་འདི་ཡིན་ནོ། །ཏདྱ་ཐཱ། སརྦ་དྷརྨཱ་མཎྜ་ལཱ་ཡ་ཨེ་ཧཡེ་ཧ་སརྦ་ཤུདྡྷ་སཏྭཱ་ཡ་སྭཱཧཱ། །འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་བའི་དཀྱིལ་འཁོར་གྱི་ཆོག་བརྗོད་པར་བྱ་སྟེ། ཐོག་མར་རི་རྣམས་དང་ཉེ་བ་མ་གཞིས་གཅད་ཅིང ་བཀྲ་ཤིས་པའི་ས་ཕྱོགས་བཙལ་བར་བགྱིའོ། དེར་ས་བརྐོས་ཏེ་གསེག་མ་དང་གྱོ་མོ་དང་རུས་པ་དད་མི་གཙང་པ་རྣམས་བསལ་ལ་དྲི་ཞིམ་པོ་དག་དང་བའི་ལྕི་བ་དང་འཇིམ་པ་བསྲེས་ཏེ་བྱུག་པར་བྱ། དཀྱིལ་འཁོར་དཔངས་མཐོ ་གང་གི་ཚད་དུ་སྒོ་བཞི་གདོད་དོ་།རིན་པོ་ཆེ་དུ་མས་སྤྲས་པའི་རྟ་བབས་དང་སྒོ་ཁྱུད་དང་བཅས་པ་ཚང་བར་བགྱིའོ། ཤར་གྱི་སྒོར་ནི་ཡུལ་འཁོར་སྲུང། །ལྷོའི་སྒོར་ནི་འཕགས་སྐྱེས་སོ། །ནུབ་ཀྱི་སྒོར་ནི་སྤྱན་མི་བཟང། །བྱང་གི ་སྒོར་ནི་རྣམ་ཐོས་སྲས། །དེ་དག་གཡས་གཡོན་དུ་རང་རང་གི་འཁོར་ཐམས་ཅད་དྲིའོ། །དཀྱིལ་འཁོར་གྱི་དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པ་གཞག་པར་བགྱིའོ། །དེའི་མདུན་སྒྲོལ་མ་དང་ཁྲེའུ་བཞག་སྟེ་ཁྲིའུའི ་སྟེང་དུ་གཟུངས་སྔགས་འདི་གཞག་པར་བགྱིའོ། །གཡས་ཕྱོགས་སུ་ནི་དོན་ཡོད་པའི་ཞགས་པའོ། །རྒྱབ་ཏུ་ནི་ནོར་བཟུངས་སོ། །གཡོན་དུ་ནི་རྟ་མགྲིན་ནོ། །མཚམས་བཞིར་གོ་རིམས་ཇི་ལྟ་བ་བཞིན་དུ་གཟུངས་ཀྱི་དབང་ཕྱུག་རྒྱལ ་པོ་དང། བྱམས་པ་དང། འཇམ་དཔལ་དང། ཕྱག་ན་རྡོ་རྗེའོ། །དཀྱིལ་འཁོར་དེ་ལ་བདུག་པ་སྣ་ཚོགས་ཀྱིས་བདུག་གོ་།མེ་ཏོག་སྣ་ཚོགས་དགྲམ་མཆོད་པ་རྣམ་པ་སྣ་ཚོགས་གཞག་པར་བྱའོ། །སྒོག་པ་རྣམ་དགུ་དང་ཤ་ཆེད་མོ ་དབབ་པོ། །ཞག་ཉི་ཤུ་རྩ་གཅིག་ཏུ་རྒྱུན་མི་འཆད་པར་མཆོད་པ་གསར་བ་རྣམས་?། །བསྟོད་པའི་དབྱངས་དང་རོལ་མོ་སྣ་ཚོགས་ཀྱི་མཆོད་པར་བྱའོ། དཀྱིལ་འཁོར་གྱི་མཛའ་མར་ནི་མཆོད་རྟེན་བདུན་བདུན་ལ་ཚོན ་སྣ་ལྔའི་བ་དན་བཙུགས་ལ་གཞག་པར་བྱའོ། །དེའི་ཆེ་རྩ་བའི་སྔགས་སྟོང་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་དང་ཀུན་དགའ་བོའི་གཟུགས་ཀྱིས་དེར་འོངས་ནས་སྒྲུབ་པ་པོ་དེ ་ལ་ཅི་འདོད་ཅེས་གཏམ་སྨྲ་བར་འགྱུར་རོ། །སྒྲུབ་པ་པོ་དེས་མཆོད་པ་སྣ་ཚོགས་ཀྱིས་མཆོད་ལན་གདབ་པར་བགྱི་སྟེ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་གཟུངས་སྔགས་ཀྱི་རང་བཞིན་འཚལ་ལོ་ཞེས་བརྗོད ་པར་བགྱིའོ། །ཡང་འདི་སྐད་དུ་འདི་ནི་ལུང་བསྟན་པའི་དུས་ལགས་པ་སྙམ་བགྱིད་ན་ཐུགས་རྗེ་དང་ལྡན་པས་བདག་ལ་ངེས་པར་ཐུགས་རྗེ་ཆེན་པོ་བསྐྱེད་དུ་གསོལ། །བདག་ནི་ཅི་རྙེད་པ་དང་བཀུར་སྟི་དང་གྲགས་པ་མི་འཚལ་གྱི་ནམ་ཞིག་ན་སེམས་ཅན ་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་ལྟ་བ་དང་ཡོངས་སུ་སྐྱོབ་པར་འགྱུར་སྙམ་དུ་སེམས་སོ། །ཡང་འབྱུང་པོ་གཉུག་མར་གནས་པ་ཐམས་ཅད་བདག་གིས་བསྒོ་བ་བཞིན་དུ་གནས་པར་གྱུར་ཅིག་སྙམ་དུ་སེམས་སོ་ཞེས་བརྗོད་པར་བགྱིའོ། །གལ ་ཏེ་ཡིད་ལ་བསམས་པ་འདི་ཐོབ་ཅིང་དངོས་གྲུབ་དེ་ཐོབ་ན་གཞན་ལ་མ་བརྗོད་བར་བདག་ཉིད་འཚལ་བར་བགྱིའོ། །གལ་ཏེ་ཆོས་འདི་གྲུབ་ན་བཟླས་པར་བགྱི་གཅིག་ཏུ་གཟུང་བར་བགྱིའོ། །འདི་ནི་བསླབ་པ་གཅིག་ཏུ་གསང་བའོ། །སུ་ཞིག་སྣ ་ཚོགས་འཚལ་བ་དེས་ཨ་ཀ་རུ་ནག་པོའི་ཆབ་ཀྱིས་དཀྱིལ་འཁོར་གྲུབ་བཞི་པ་བགྱིས་ལ་རྩ་བའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་བགྱིད་པ་ཕྱག་རྒྱ་བཅིང་བར་བགྱིའོ། །འོན་ཀྱང་འཆི ་བ་ཡོངས་སུ་རྫོགས་བརྙེད་པར་འགྱུར་རོ། །དེའི་ཚེ་གླེགས་བམ་འདི་བཞིན་དུ་སེམས་ཤིང་སུ་ཞིག་འདི་བཞིན་དུ་མཆོད་པར་བགྱིད་ན་གཞན་དུ་མི་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན ་ཏུ་བྱོན་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱིས་བདུད་བཏུལ་བའི་ཚེ་ལུས་ལས་མིག་སྟོང་སྦྲུལ་ཏེ་མིག་རེ་རེ་ལས་སངས་རྒྱས་རེ་རེ་སྤྲུལ་ཏེ། །དེ་དག་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་འབྱུང་ངོ། །ལག་པ་སྟོང་ལས་ལག་རེ་རེ་ལས ་འཁོར་ལོས་སྒྱུར་པའི་རྒྱལ་པོ་རེ་རེ་སྤྲུལ་ཏེ་དེ་དག་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་འབྱུང་ངོ། །བདུད་བཏུལ་བའི་ནང་ན་བྱང་ཆུབ་སེམས་དཔའ་ཨི་ལུས་ནི་མཆོག་གོ་།དེ་ནས་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ་ཟབ་པ་དང་ཕྲ་བའི ་རྫོགས་རིམ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་ནས་ཛ་ཧི་ཞེས་བརྗོད་པས་མདུན་གྱི་ནམ་མཁའ་ལ་གཤེགས་ལ་བསྟོད་པ་དང་མཆོད་པས་མཆོད་ལ། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཁོར་དང་བཅས་པ་དགོངས་སུ ་གསོལ། །བདག་ཉིད་གཅིག་པུ་སྡུག་བསྔལ་ལས་ཐར་ནས་བདེ་བ་ལ་གནས་པར་འདོད་པ་མ་ལགས་ཀྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ཆེད་དུ་འཕགས་པ་སྒྲུབ་པ་ལ་སྐུ་གསུང་ཐུགས ་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱིན་གྱིས་བརླབས་དམ་པ་མཛད་དུ་གསོལ་ཞེས་བརྗོད་ལ། །ོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན ་པར་མཛད་དུ་གསོལ་ཞེས་བརྗོད་ལ། །ོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛཱ། །དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀ་ཏོ་མེ་བྷ་བ། སརྦ་སིདྡྷེ་མམེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙཊ?་མེ། ཙིཏྟཾ་ཤྲི ་ཡ(རྒྱུད་འགྲེལ་པ། སྤྱན་རས་གཟིགས་ཀྱི་དབང་པོ་དྲན་པ་ཡིས། །ངན་སོང་སྡུག་བསྔལ་དབུལ་བའི་སྡུག་བསྔལ་དང། །ན་བའི་སྡུག་བསྔལ་འཚེ་བའི་སྡུག་བསྔལ་བ། །ཀུན་ནས་ཐར་བར་སྤྱན་རས་གཟིགས་ཀྱིས་གསུངས། །གལ་ཏེ་གསོད་བས་མེ ་ཡི་དོང་དུ་ཡང། །གསང་པར་བྱ་བའི་ཕྱིར་ནི་བོར་བ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ནས་ནི། །ཆུ་བཏབ་བཞིན་དུ་མེ་དག་ཞི་བར་འགྱུར། །རྒྱ་མཚོ་དང་ནི་མྱ་ངན་རྒལ་ན་ཡང། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ནས་ནི། །ཆུའི ་ནང་དུ་ནམ་ཡང་མི་འཆིའོ། །རབ་ཏུ་སྡང་བའི་ཡིད་ཀྱིས་གསང་བའི་ཕྱིར། རི་རབ་ལྷུན་པོའི་རྩེ་ནས་བོར་ན་ཡང། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཉི་མ་ལྟ་བུར་བར་སྣང་གནས་པར་འགྱུར། །གལ་ཏེ་རྡོ་རྗེ་ཡི་ནི་རི་དགས་དང།། ་གསང་བའི་ཕྱིར་ནི་སྤྱི་བོར་འོངས་ན་ཡང། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །བ་སྤུའི་ཁུང་ཙམ་གཙེས་པར་ནི་ནུས་སོ། །གསང་བའི་སེམས་ཀྱིས་ལག་ན་མཚོན་ཐོགས་ཏེ། །དགྲ་ཚོགས་མང་པོས་ཀུན་ཏུ་བསྐོར་ན་ཡང།། ་སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་མ་ཐག་ཏུ་བྱམས་པའི་སེམས་སུ་འགྱུར། །གལ་ཏེ་གསོང་པ་ཉེ་བར་འོངས་ནས་སུ། །གཤེད་མའི་མིའི་དབང་དུ་གྱུར་ན་ཡང། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་ཡི ་མཚོན་ཚེ་དུམ་བུ་དུམ་བུར་འགྱུར། །སྔགས་དང་སྟོབས་དང་སྨན་དང་རིགས་སྔགས་དང། །རོ་ལངས་པ་དང་འབྱུང་པོ་ལུས་འཇིགས་པ། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །གང་ནས་རབ་ཏུ་བཏང་བ་དེ་སླད་འགྲོ་།དྲི་མ ་མེད་པ་དྲི་བྲལ་བ་ཡི་འོད། །འོད་དཔག་མེད་པ་ཡེ་ཤེས་ཉི་མའི་འོད། །སྦྱིན་གྱིས་ཆོད་པ་མེད་པར་གྱུར་བའི་འོད། །འཇིག་རྟེན་དག་ན་ལྟང་ངེ་ལྷག་གེར་མཛེས། །འཕགས་པ་ལྷ་ཡིས་གསོལ་བ་ལེགས་བཏབ་ནས། །འཕགས་པ་འཇིག་རྟེན། ་མགོན་པོའི་སྒྲུབ་ཐབས་བྱས། །མི་དབང་རྒྱལ་པོ་བདེ་སྤྱོད་འཁོར་བཅས་རྣམས། །ཚེ་འདིར་འཇིག་རྟེན་མགོན་པོ་མཐོང་བར་ཤོག་།སློབ་དཔོན་འཕགས་པ་ཀླུ་སྒྲུབ་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་ས ་དྲུག་པའི་བྱང་ཆུབ་སེམས་དཔའ་ཡིན་ཡངས་དང་པོའི་བྱང་ཆུབ་སེམས་དཔར་བྱིན་གྱིས་བརླབས་པ། དཔེར་ན་དེའི་ཉེ་གནས་ཀུན་དགའ་བོ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་ཡང་སོ་སོའི་སྐྱེ་བོར་བྱིན་བརླབས་པ་ལྟ་བུའོ། །ཞེས་བཅོམ ་ལྡན་འདས་ཀྱིས་གསུངས་པ་ལ། །འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་གཤེགས་ཏེ། ས་བརྒྱད་པ་ལ་གནས་ནས་ལུས་གཉིས་སུ་བྱས་ཏེ། གཅིག་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་མཆོད་པ་བྱེད། གཅིག་ནི་དགའ་ ་ལྡན་དུ་བྱམས་པ་ལ་མདོ་འདི་ཉིད་ཀྱི་དོན་འདྲིའོ་ཞེས་གསུངས་པ། འཇིག་རྟེན་གྱི་ཁམས་དང་པའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་ལུང་བསྟན་པས་མཛད་པ་རྫོགས་སོ།། ། ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དྲཱི་པ་ཀ་ར་ཤྲཱི་ཛྙཱ་ན་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། །། *། (།འཇིག་རྟེན་དབང་ཕྱུག་གི་ཡི་གེ་དྲུག་པའི་སྒྲུབ་ཐབས་བཞུགས། །) ་