CLOSE WINDOW

N2350: thugs rje chen po'i gsol 'debs
Wyliee-texts based on the ACIP/ALL Input

པ་སྨྲེ་སྔགས་སུ་གསོལ་བ་རྫོགས་སོ།། (།།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ་བྱིན་རླབས་ཅན་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་བཞུགས།)་། !། །ན་མོ་ལོ་ཀ་ཤྭ་རཱ་ཡ། །ཐུགས་རྗེ་ཆེན་པོ་འཕགས ་པ་སྤྱན་རས་གཟིགས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ལྟར་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབར་བཞིན། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས ་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་བདག་ལ་དགོངས། །བདག་ནི་ཐོགས་མ་མེད་པའི་དུས་མཛའ་ནས། །ལམ་ལོག་ལམ་གཏོར་སྲིད་པའི་འཁོར་བར ་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རང་གནོང་འགྱོད། །དར་ཞིང་དྲག་པའི་ལས་དེ་དབང་བཙན་པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང ་འབར་བའི་མེ་ཡིས་རང་རྒྱུད་བསྲེགས། །གཏི་མུག་མུན་པའི་ཆོ་གས་ཀྱིས་ཤེས་རྒྱུད་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིང། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་ཚུབ་མས་འཁོར་བར ་གཡེངས། །བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང། །སྡུག་བསྔལ་དྲག་པོའི་འདམ་རྫབ་ཆར་ལྟར་བབ། །མེ་ཁམས་ཉི་མའི་གདུགས་ནི་སྟེང་ནས་ཚ། །ཆུ་ཁམས་ས་ཡི་རླན ་ནི་འོག་ནས་གྲང། །ཕྱི་ཡི་སེར་བུའི་ངང་ནི་ཐད་ནས་ཚ། །ཀུན་ནས་འཁྲུགས་པའི་རླུང་ནི་ཁོང་ནས་ལྡང། །དེ་ལྟའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཡང། །སྡོམ་པའི་ཡི་དམ་གཞིག་ཏུ་ག་ལ་རུང། །སྡུག་བསྔལ་ཀུན་དང་བསྡོམས ་ནས་སྡོམ་བསྲུང་ཞིང། །མོས་པའི་དད་པས་འཕགས་མཆོག་མི་འདོར་ན། །འཕགས་མཆོག་འགྲོ་དོན་མི་མཛད་ཅི་ཞིག་དགོངས། །བྱམས་མགོན་ཅི་ཀླད་བདག་ལ་ཐུགས་མི་བརྩེ། །བདག་འདྲའི་གླུན་རྨོངས་ལས་ངན་སྡིག་པོ་ཆེ། ། ་ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆད། །ཡིད་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲེ། །ལས་དབང་ཆུ་རྒྱུན་ཟློག་པར་ཤིན་ཏུ ་དཀའ་། །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང། །སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས ་འདིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་དགོངས་ལགས་སམ། །ཉི་ལྟར་འོད་གསལ་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་བལྟ་བར་འཚལ་ལགས་ན། །ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས། །ལྡོངས་པའི་ཆུ་བུར་མིག ་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་ད་ལྟ་ག་ན་བཞུགས། །སྡུག་བསྔལ་དྲག་པོ་ཤིན་ཏུ་མི་བཟོད་པ། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུངས་པའི་སྨྲེ་སྔགས་འདི་འདོན་ཅིང། །ཉམ་ཐག་འཕོངས་པའི་ང ་ངོས་འོ་དོད་འབོད། །བྱམས་མགོན་ཐུགས་རྗེ་ཅན་གྱིས་གསན་ལགས་སམ། །ནམ་ཞིག་འཆི་འཕོ་ལུས་སེམས་བརྗེ་བའི་ཚེ། །གཉེན་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ། །ལས་ཀྱི་དབང ་གིས་བདག་རང་ཅིག་པུར་ཁྲིད། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །བྱམས་མགོན་ཁྱོད་ཀྱིས་འཁོར་བར་བདག་གཏོང་ངམ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལམ་ལོག་པས། ། ་ཁམས་གསུམ་འཁོར་བའི་གནས་ལས་མཐར་ཏེ། །བསྐལ་པ་དཔག་མེད་སྐྱེ་བ་ཇི་སྙེད་དུ། །སྔོན་ཆད་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ།། ་ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང། །ཁམས་གསུམ་བགྲང་ཞིང་སྐྱེ་བ་མང་བརྒྱུད་ཀྱང། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ། །སྐྱེ་བ་གཅིག་ཅིག་ཁོ་ན་ཙམ་གྱི་ལས། །བླ ་མེད་བྱང་ཆུབ་དོན་དུ་རབ་འབད་ན། །དེ་ཙམ་བྱས་པའི་ལས་ལའང་དོན་དེ་ཡོད། །ལས་ནི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་དྲག་པོའི་སྲིད་པའི་བཙོན་རར་ཚུད། ། ་མི་བཟོད་སྡུག་བསྔལ་དྲག་པོ་འདི་མྱོང་ན། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང། །བྱམས་མགོན་ཐུགས་རྗེ་ཅན་གྱིས་ཕོད་ལགས་སམ། །ཐུགས་རྗེ་ཆེན་པོས་ངན་སོང་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་ནི་ཟློག་ཏུ ་གསོལ། །ཉོན་མོངས་ལས་ཀྱི་རླུང་ནི་དབང་བཙན་ནས། །མ་རིག་ཕུན་པའི་གླིང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོད་མེའི་ཟེར་གྱིས་མི་གཟིགས་སམ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན། །ཐུགས་རྗེ་ཅན་ཁྱོད་ཕྲིན་ལས་མི་མཛད་དམ། ། ་དུག་གསུམ་བཟོད་དཀའ་ཨི་ནད་ཀྱིས་གདུངས་ལག་ན། །ཐུགས་རྗེས་ཐབས་མཁས་སྨན་གྱིས་མི་གསོ་འམ། །ཕྱིན་ཅི་ལོག་གི་གཡང་བསར་ལྟུང་ལགས་ན། །ཐུགས་རྗེས་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །སྡུག་བསྔལ་དྲག་པོའི ་ལས་དབང་མེ་འབར་ན། །ཐུགས་རྗེས་བསིལ་བའི་ཆུ་རྒྱུན་མི་འབེབས་སམ། །སྡུག་བསྔལ་ཆེན་པོས་མནར་རོ་ར་མངའ་མཛོད། །རེ་སས་བསླུ་བར་མ་མཛད་སྤྱན་རས་གཟིགས། །གང་ལ་གང་འདུལ་འགྲོ་བའི་དོན་མཛད་པར། །གཞལ་བཞེས ་མང་པོའི་དམ་བཅའ་མ་མཛད་དམ། །མཐོང་ཐོས་དྲན་རེག་འབྱུང་བར་མ་གསུངས་སམ། །སྙིགས་མའི་དུས་ཀྱི་ངན་སྤྱོད་མ་གཟིགས་སམ། །ངན་སོང་རྒྱུ་འབྲས་བསྒྲུབ་པ་མ་གཟིགས་སམ། །སྡུག་བསྔལ་སྦ་ཀློང་འཁྲུགས་པ་མ་མཁྱེན་ནམ ་ནུས་མཐུ་དཔག་མེད་མངའ་བ་མ་ལགས་སམ། །བྱམས་མགོན་འགྲོ་དོན་མཛད་པ་འཕྱིས་པ་ཙམ། །ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེས་ཅི་འཚལ ་དོན་མ་མཆིས། །སེམས་ཅན་ལས་འཕྲོ་རང་སར་བཞག་ནན། །འཕགས་པའི་ཐུགས་རྗེས་སུ་ལ་ཅི་ཞིག་བགྱི། །ཐུགས་རྗེས་འགྲོ་རྣམས་སྒྲོལ་བར་ཞལ་བཞེས་པའི། །དམ་བཅས་དོན་དེ་དེ་རིང་དགོངས་སུ་གསོལ། །འཕགས་མཆོག་། ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ན། །ཡལ་ཡོལ་ལེ་ལོ་བཏང་སྙོམས་མ་མཛད་པར། །སྙིང་ནས་གཟིགས་ཤིག་ཐུགས་རྗེ་རྒྱལ་བའི་ལྷ། །རེ་ས་གཞན་ན་མེད་པོ་ཐུགས་རྗེས་བཟུང། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲེ་སྔགས ་ཀྱི་སྒོ་ནས་བསྟོད་པ་བྱིན་རླབས་ཅན་འདི་ཉིད། །ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ། །མཐོང་ལམ་རྒྱུད་ལ་སྐྱེས་པའི་གང་ཟག་།སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་ཞལ་མངའ་ནས་མཛད་པ་རྫོགས་སོ།། །། ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །འགྲོ་ལ་ཉེ་རིང་མེད་པས་ཁྱད་དུ་འཕགས། །སེམས་ཅན་རྣམས་ལ་སྤྱན་རས་གཟིགས་མཛོད་ལས། །ཀུན་གྱིས་རང་ངོ་ཤེས་པར་བྱིན་གྱིས་བརློབས། །རང་དོན་དུ་ཆོས་སྐུ་རྟོགས་པ། ། ་གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱིས། །མཐོང་ཐོས་དྲན་རེག་གི་སྒོ་ནས། །འགྲོ་བ་ཡོངས་ལ་ཕན་ཐོགས་པ། །འགྲོ་བ་ཡོངས་ཀྱི་དོན་རླབས་པོ་ཆེ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ་ཨཱརྱ་པ་ལོ ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཨ། མཧཱ་ཀཱ་རུ་ནི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙ་མ་ཀྲ་བ་ཏི། ཙི་ཏྭ་མ་ནི། མ་ཧ་པདྨ་མེ་རུ། རུ་ཏི་ཤཏ། ཛཝ་ཨ་ཀརཥ་ཡ། ཧཱུཾ་ཕཊ་སྭཱཧཱ། རྩ་བའི་གསང་སྔགས་ཨོཾ་པདྨ་ཙ་ནི་ཏ་མ་ནི་ཛཝ་ལ་ཧཱུཾ་སྙིང ་པོའོ། །ོཾ་བ་ར་ཏ་པདམེ་ཧཱུཾ། ཉེ་བའི་སྙིང་པོ།། །།རྒྱ་གར་སྐད་དུ། ཀཱ་རུ་ཎ་སྟོ་ཏྲ། བོད་སྐད་དུ། སྙིང་རྗེ་ལ་བསྟོད་པ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པ་ཕྱག་འཚལ་ལོ། །པདྨས་བརྒྱན་པ་ལྷུན་པོ་ལས་བྱུང་བ།། ་