| Wylie | e-texts based on the ACIP/ALL Input |
རྫོགས་ཤོག་།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་ལ་བསྟོད་པ། །སློབ་དཔོན་ཙནྟྲ་གོ་མིས་མཛད་པ་རྫོགས་སོ།། (།།འཕགས་པ་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་སྨྲེ་སྔགས་སུ་གསོལ་བ་བཞུགས།།) ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་བཞིན་མཛེས། །ཇི་ལྟར་མཁའ་ལ་ཉི་སྟོང་འབར་བ་བཞིན། །དཔའ་བོ་འོད་ཟེར་ཚོགས་ཀྱིས་རྣམ ་པར་མཛེས། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པོ། །ཐུགས་རྗེའི་ལྷ་ཁྱེད་བདག་ལ་དགོངས་སུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །བདག་ནི་ཐོག་མ ་མེད་པའི་དུས་མཛའ་ནས། །ལམ་སྟོད་ལམ་ལོག་སྲིད་པའི་འཁོར་བར་འཁྱམ། །སྔོན་ཚེ་ལས་ལོག་སྡིག་པ་བྱས་པས་གནོད། །སྡིག་པའི་ལས་ནི་ཅི་བྱས་རང་གནོད་འགྱོད། །དར་ཞིང་རྒྱས་པའི་ལས་དབང་དེ་བཙན་པས། །འཁོར་བའི་སྡུག ་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེ་ཡིས་རང་རྒྱུད་བསྲེགས། །གཏི་མུག་མུན་པ་ཆེན་པོས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིང། །ང་རྒྱལ་མཐོན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག ་རླུང་ནག་ཚུབ་མས་འཁོར་བར་གཡེངས། །བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་དང་འདྲ་པའི་འོབས་སུ་ལྟུང། །སྡུག་བསྔལ་དྲག་པོའི་མདའ་དྲག་ཆར་དུ་བབ། །མེ་ཁམས་ཉི་མའི་གདུགས་ནི་སྟེང་ནས་ཚ། ། ་ཆུ་ཁམས་ས་ཡི་བརླན་ནི་འོག་ནས་དྲང། །ཕྱི་རོལ་སེར་བུའི་ངང་ནི་མཛའ་ནས་ཚ། །བད་ཀན་རླུང་མཁྲིས་ནད་ནི་ཁོང་ནས་ལྡང། །དེ་འདྲའི་སྡུག་བསྔལ་དྲག་པོ་བཟོད་དཀའ་ནས། །སྡོམ་པའི་དམ་ཚིག་གཤིག་པར་ག་ལ་རུང། །སྡུག་བསྔལ་ཀུན་དང ་བསྔོས་ནས་སྡོམ་བསྲུངས་ཞིང། །མོས་ཤིང་དད་པས་འཕགས་མཆོག་མི་གཏོང་ན། །འཕགས་མཆོག་འགྲོ་དོན་མི་མཛད་ཅི་ལ་དགོངས། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །ཡེ་ཤེས་སྤྱན་ཅན་ཁྱེད་ཀྱི་སྤྱན་སྔ་རུ། །བདག་འདྲས ་སྨྲེ་སྔགས་གསོལ་བར་མི་རིགས་ཀྱང། །ཤིན་ཏུ་བསྐྲག་པའི་སྨྲེ་སྔགས་གསོལ་ལགས་ན། །ཐུགས་རྗེ་ཆེན་པོས་བདག་ལ་དགོངས་སུ་གསོལ། །བདག་འདྲའི་སྐྱེ་བོ་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས ་པས་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་རྒྱུན་འཕྲལ་ལ་ག་ལ་ཟློགས། །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོག་།ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་ཐལ། །ལས་ཀྱི ་འབྲས་བུ་ངན་པས་ཤིན་ཏུ་བསྲེག་།ལས་དབང་བསྲེག་པའི་མེ་ནི་རབ་འབར་ཞིང། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ན། །ཕུང་པོའི་སྒྱུ་མའི་ལུས་ཀྱིས་མི་བཟོད་པས། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །ཡེ ་ཤེས་སྤྱན་ཅན་ཁྱེད་ཀྱི་སྤྱན་སྔ་རུ། །སྡིག་པའི་རྣམ་གྲངས་མ་ལུས་འཐོལ་བཤགས་ན། །ཐུགས་རྗེ་ཆེན་པོས་དག་པར་མཛད་དུ་གསོལ། །ད་ནས་བཟུང་ནས་སྡིག་པ་མི་བགྱིད་སྤོང། །དཀའ་ཡི་དོན་ལ་མངོན་སུམ་ཕྱོགས་པར་བགྱིད། །ནམ ་ཡང་སྡིག་པའི་དབང་དུ་མ་གྱུར་ཅིག་།ཉི་ལྟར་འོད་གསལ་ཟླ་ལྟར་འོད་དངས་པ། །ཐུགས་རྗེ་ཆེན་པོའི་ཞལ་མཐོང་འཚལ་ལགས་ན། །ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས། །སྒྲིབས་ཤིང་ནོངས་པའི་མིག་གིས་མ་མཐོང་ན། །འགྲོ་བའི་མགོན ་ཁྱེད་ད་ལྟ་གང་ན་བཞུགས་བ་སྡུག་བསྔལ་དྲག་པོ་ཤིན་ཏུ་མི་བཟད་པས། །ཤིན་ཏུ་བསྲེགས་པས་སྐྱི་གཡའ་རབ་འཇིགས་ཤིང། །ད་དུང་གདུང་བའི་སྨྲེ་སྔགས་ཉིད་འདོད་ན། །ཉམ་ཐག་ཕོངས་པའི་ང་རོས་འོ་དོད་འབོད། །བྱམས ་མགོན་ཐུགས་རྗེ་ཅན་གྱིས་གསན་ལགས་སམ། །ཕོངས་པ་གང་གིས་ང་ཡི་མཆན་ཐོས་ན། །དེ་ཡི་སྡུག་བསྔལ་ཞི་བར་བྱའོ་ཞེས། །འགྲོ་ལ་ཉིད་ཀྱི་ཐུགས་རྗེས་ཞལ་བཞེས་ནས། །བདག་ཅག་འགྲོ་བ་སེམས་ཅན་ཐམས་ཅད་ལ། །དུག ་ལྔ་དུག་གསུམ་ནད་ཀྱི་བཟིར་ལགས་ན། །མི་བཟད་ནང་ནི་ཐུགས་རྗེས་ཞི་བར་མཛོད། །ཐུགས་རྗེའི་ཐུགས་ཀྱིས་བདག་ལ་དགོངས་སུ་གསོལ། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །ཐུགས་རྗེའི་གསུང་གིས་བདག ་ལ་སྒྲོག་ཏུ་གསོལ། །བདག་ནི་ཤི་འཕོས་ལུས་སེམས་བརྗེས་པའི་ཚེ། །གཉེན་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་འཁྲིད། །དེ་དུས་འཇིག་རྟེན་ཉེ་དུས་མི་ཕན་པས། །ལས་ཀྱི་མནར་བས་བདག་རང་གཅིག་པུར་འཁྱམ། །དེ ་དུས་བདག་ལ་མགོན་སྐྱབ་མ་མཆིས་ན། །ཐུགས་རྗེ་ཆེན་པོས་མགོན་སྐྱབས་མཛད་དུ་གསོལ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་ནས་ཕྱིན་ཅི་ལོག་རྟོག་པས། །ཁམས་གསུམ་འཁོར་བའི་འདམ་ལས་མ་ཐར་སྟེ། ་སྐལ་པ་དཔག་མེད་སྐྱེ་བ་གྲངས་མེད་དུ། །གདོས་བཅས་ལུས་བླངས་སྐྱེ་བ་དཔག་མེད་ཞིག་།ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །སྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་མཛའ་ཡས་བརྗོད ་མི་ལང། །ཁམས་གསུམ་གྲངས་ཤིང་སྐྱེ་བའི་ཁ་རྒྱུད་ཀྱང། །བྱས་པའི་ལས་རྣམས་དོན་མེད་ཆུང་རེ་གསན། །བཀའ་ཡི་གཏན་ཚིགས་ཟབ་མོ་མ་ཁྲོལ་ཅིང། །ཤེས་རབ་ཟབ་མོའི་མིག་བུ་མ་བྱེ་བས། །སྲིད་པའི་ཡོ་བྱད་གཏོང་བར ་མ་ཡོད་ཅིང། །ཕུང་པོ་སྒྱུ་མའི་ལུས་ལ་ཆགས་ཤིང་ཞེ་ན། །ལས་ཀྱི་དབང་བརྩན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་དྲ་བའི་ལུས་བླངས་འཁོར་བར་ཁྱམས། །སྡུག་བསྔལ་དྲག་པོའི་མི་བཟད་འདི་ལྟ་བུའི། །ཉེས་པ་ཐམས་ཅད་རང་གི་ལས་ལས་བྱུང།། ་ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རྒྱུན་ནི་བཟློག་དུ་གསོལ། །ཉོན་མོངས་ལས་ཀྱི་རྒྱུན་ནི་དབང་བཙན་པས། །མ་རིག་མུན་པའི་ནང་དུ་གཏན་འཁྱམས་ཏེ། །ཡེ་ཤེས་ཉི་མའི་འོད་ཀྱིས་བསལ་དུ་གསོལ། །ཉེས ་བྱས་ལས་ཀྱི་འབྲས་བུ་མི་ཟད་ན། །ཐུགས་རྗེ་ཆེན་པོས་འཕྲིན་ལས་མཛད་དུ་གསོལ། །དུག་གསུམ་སྡུག་བསྔལ་ནད་ཀྱིས་གཟིར་ལགས་ན། །ཐབས་མཁས་ཐུགས་རྗེའི་སྨན་གྱིས་གསོལ་བར་གསོལ། །ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས ་ན། །མྱུར་འགྱོད་ཐུགས་རྗེའི་ཕྱག་གིས་གཟུང་དུ་གསོལ། །སྲིད་པའི་ཆུ་བོས་བདག་ཅག་ཁྱེར་ལགས་ན། །ཟག་མེད་ཡེ་ཤེས་གྲུ་ཡིས་བསྒྲལ་དུ་གསོལ། །རྒྱལ་བའི་མཚན་བརྗོད་ཡོན་ཏན་བསམ་མི་ཁྱབ། །ཡོན་ཏན་གཞུང་ལས་ཇི་ལྟར་བྱུང ་བ་བཞིན། །མ་ལུས་བདག་ལ་མྱུར་དུ་སྩལ་དུ་གསོལ། །རྒྱལ་བའི་ཐུགས་ཀྱིས་བདག་ལ་བྱིན་གྱིས་རློབས། །ཕྱག་འཚལ་བསྟོད་དང་སྡིག་བཤགས་སྨྲེ་གསོལ་དང། །དགེ་བའི་ལས་ནི་ཅུང་ཟད་ཅི་བསགས་པ། །ཐམས་ཅད་བླ་མེད་བྱང་ཆུབ ་ཆེན་པོར་བསྔོ། །མི་དམིགས་བསྔོ་དང་གསོལ་བཏབ་སྨོན་ལམ་དང། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བྱིན་བརླབས་ཀྱིས། །ཞིང་རབ་དམ་པའི་གནས་སུ་སྐྱེ་བར་ཤོག་།ཞིང་རབ་དམ་པའི་གནས་སུ་སྐྱེས་ནས་ཀྱང། །རྒྱལ་བ་སྲས ་བཅས་ཞལ་མཐོང་གསུང་ཐོས་ཤོག་།ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །མཆོད་པའི་ཡོ་བྱད་བདག་ལ་མ་མཆིས་པས། །སྨྲེ་སྔགས་ཆེན་པོས་ཁྱེད་ལ་གསོལ་འདེབས་ན། །མཆོག་གི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །གང་དང་གང་ལ་མགོན་དང་སྐྱབས་མེད་པ། །དེ་དང་དེ་ཡི་མགོན་སྐྱབས་ཞལ་བཞེས་ནས། །སྐྱབས་མེད་སྡིག་ཅན་རྣམས་ལ་སྐྱབ་ཏུ་གསོལ། །སྐྱབས་མེད་ཚེ་འདས་རྣམས་ལ ་སྐྱབ་ཏུ་གསོལ། །སྐྱབས་མེད་འཁོར་བར་འཁྱམས་ལ་སྐྱབ་ཏུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཉིན་རེ་བཞིན་དུ་སྡིག་པས་ཟིལ་གྱིས་ནོན། །ལས་ངན་སྒྲིབ་པ་ཅི་མཆིས་བསལ་དུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས ་པ་སྤྱན་རས་གཟིགས། །བདག་ནི་ཉོན་མོངས་དབང་དུ་མི་འགྲོ་བར། །སྡིག་པའི་ལས་ནི་གང་ཡང་མི་བྱེད་ཅིང། །ཉིན་དང་མཚན་དུ་ཆོས་ལ་སྦྱོང་བ་རུ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ ་སྤྱན་རས་གཟིགས། །མཚན་ནས་བརྗོད་པ་ཙམ་གྱིས་སྡུག་བསྔལ་རྣམས། །ཞི་བར་མཛད་པ་ཁྱེད་དང་འཇལ་གྱུར་ན། །བདག་གིས་འབད་ཀྱང་འབྲས་བུ་མ་མཆིས་ན། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཁྱེད་ཀྱི་གཟུངས ་སྔགས་བརྗོད་པའི་ཕན་ཡོན་ནམ། །ཡོན་ཏན་བཞུང་ལས་ཇི་ལྟར་བཤད་པ་བཞིན། །མ་ལུས་བདག་ལ་མྱུར་དུ་སྩལ་དུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །བདག་གིས་ཁྱེད་བསྒོམས་སྙིང་པོ་བཟླས་པ་དང། ། ་ཕྱག་འཚལ་བསྟོད་དང་སྡིག་བཤགས་སྨྲེ་གསོལ་བས། །མགོན་པོ་ཁྱེད་ཀྱི་ཞལ་མཐོང་གསུང་ཐོས་ནས། །ཁྱོད་ཀྱི་གོ་འཕང་མྱུར་དུ་ཐོབ་ནས་ཀྱང། །བདག་ཀྱང་ཁྱེད་ལྟར་འགྲོ་དོན་བྱེད་པར་ཤོག་།ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས ་གཟིགས། །ཇི་སྲིད་བདག་ནི་འཁོར་བའི་ཚེ། །དེ་སྲིད་བདག་གིས་ལུས་བསྐྱེད་པས། །ལུས་ཀྱི་མགོན་པོ་མཆོད་བྱེད་ཅིང། །ལུས་ཀྱི་ཚོགས་ནི་རྫོགས་པར་ཤོག་།ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཇི་སྲིད་བདག་ནི་འཁོར་བའི་ཚེ། །དེ ་སྲིད་བདག་གིས་གང་སྐྱེས་པས། །ངག་གི་མགོན་པོའི་མཚན་བརྗོད་ཅིང། །ངག་གི་ཚོགས་ནི་རྫོགས་པར་ཤོག་།ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཇི་སྲིད་བདག་ནི་འཁོར་བའི་ཚེ། །དེ་སྲིད་བདག་གི་ཡིད་སྐྱེས་པས། །ཡིད་ཀྱི་མགོན་པོ་རྗེས་དྲན ་ཞིང། །ཡིད་ཀྱི་ཚོགས་ནི་རྫོགས་པར་ཤོག་།དེ་ལྟར་ལུས་ངག་ཡིད་གསུམ་གྱིས། །ཐུགས་རྗེའི་དབང་ཕྱུག་བསྟེན་བགྱིས་པས། །ལུས་ངག་ཡིད་གསུམ་སྐྱོན་བྲལ་ནས། །ཡོན་ཏན་ཕུན་སུམ་ཚོགས་པར་ཤོག་།དེ་ལྟར་ལུས་ངག་ཡིད་གསུམ ་གྱི། །ཐུགས་རྗེའི་དབང་ཕྱུག་སྐུ་གསུང་ཐུགས། །རྟག་ཏུ་དད་གུས་བགྱིས་བས་ནི། །ཐུགས་རྗེས་དབང་ཕྱུག་སྤྱན་རས་གཟིགས། །སྲིད་གསུམ་རེ་བའི་གནས་གཅིག་པོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པ། །དེ་འདྲ་བདག་ཀྱང་འགྲུབ་གྱུར་ནས། ། ་སྲིད་གསུམ་རེ་བ་རྫོགས་པར་ཤོག་།སྲིད་གསུམ་འདོད་དགུ་འཕྱུང་བར་ཤོག་།སྲིད་པ་གསུམ་གྱི་སེམས་ཅན་ལ། །དངོས་སམ་བརྒྱུད་པས་ཕན་ཐོགས་ཤོག་།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། སློབ་དཔོན་ཙནྡྲ་གོ་མིས་བསྟོད་ ་པ་སྨྲེ་སྔགས་སུ་གསོལ་བ་རྫོགས་སོ།། (།།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ་བྱིན་རླབས་ཅན་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་བཞུགས།)་། !། །ན་མོ་ལོ་ཀ་ཤྭ་རཱ་ཡ། །ཐུགས་རྗེ་ཆེན་པོ་འཕགས ་