CLOSE WINDOW

N2345: 'jig rten dbang phyug gi bstod pa brgya pa
Wyliee-texts based on the ACIP/ALL Input

བསྟོད་པ་གྲུབ་ཐོ་བ་ཆེན་པོ་ཙརྦབ་ཊིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་བཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང། ལོཙྪ་བ་འགོས་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། །།!། །འཇིག་རྟེན ་དབང་ཕྱུག་གི་བསྟོད་པ་བརྒྱ་པ་བཞུགས། །!། །རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་ཤ་ཏ་ཀ་སྟོ་ཏྲ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་བསྟོང་པ་བརྒྱ་པ། །འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །མཐོ་རིས་མགོན་པོའི་ཡན་ལག ་མཆོག་བ་ཏུད་ཅོད་པན་འཛིན་ལ་འོད་དང་ལྡན་པའི་ནོར་བུ་ལྟ་བུའི་འོད། །མཚོ་སྐྱེས་སྟན་ལྡན་བུམ་པས་རབ་བདུད་མགོ་པོ་ལ་ནི་ཛཱ་ཏིའི་མེ་ཏོག་རྒྱས་འཕྲེང་འོད་ལྟར་ཏེ། བདེ་བྱུང་དབུ་ཡི་དབུ་རྒྱན་རི་དགས་མཚན་ལྡན་དཀར་སེར་མི་དམན ་དམན་ཞིང་ཉམས་པ་ཉིད་བགྱིད་པ། །འཇིག་རྟེན་དབང་པོའི་ཞབས་སེན་དྲི་མེད་རི་བོར་འཛིན་པའི་མཛེས་པ་ཞི་སླད་འཇིག་རྟེན་ལ་གྱུར་ཅིག་།རལ་ཁུར་འཛིན་པའི་ཟླ་བ་རབ་གསལ་རལ་པ་དམར་སེར་དང་འགྲོགས་ལྷན་ཅིག་བཀྲ་བའི ་ཟེར་རྣམས་ཀྱིས། །ངེས་པར་མི་རྗེ་འཕྲོག་བྱེད་ཀྱི་ནི་དམན་པ་མིན་པའི་ཅོད་པན་ནོར་བུའི་འོད་རྣམས་ཀྱིས་ཀྱང་མིན། །ལྷ་ཚོགས་རྣམས་ཀྱི་སྐྱ་འཕྲེང་མཛེས་པ་ནག་པོ་དག་དང་འཕྲོགས་པ་ལས་ནི་རྣམ་པར་མི ་ཉམས་པ། །མི་བཟློགས་འཇིག་རྟེན་དབང་ཕྱུག་ཞབས་སེན་འོད་ཟེར་ཁྱེད་རྣམས་དག་གི་མུན་པ་ཞི་བའི་སླད་གྱུར་ཅིག་།ཡོངས་སུ་རྫོགས་ཤིང་རྒྱ་ཆེའི་བར་མཛེད་རབ་ཏུ་གསལ་ཞིང་དཔལ་འབྱོར་ཕུན་སུམ་ཚོགས་པ་རྣམས་ཀྱི་རྒྱུ།། ་སྡུག་པ་དང་ནི་རིང་དུ་གྱུར་པའི་སྐྱེ་པོ་རྣམས་ཀྱི་མི་བཟང་འཇིགས་པའི་དོགས་པ་རྣམ་པར་སེལ། །སྤྲིན་རྣམས་ཀྱིས་ཀྱང་བསྒྲིབ་པར་མི་ནུས་མུན་ཅན་གདུག་བའི་གཟའ་ལས་བྱུང་བའི་འཇིགས་པ་ཞི་གྱུར་པ། །འཇིག་རྟེན་དབང ་པོའི་ཞབས་ཀྱི་སེན་མོ་བསིལ་ཟེར་ལྡན་པའི་སྔོན་མེད་ཟེར་གྱིས་ཁྱེད་རྣམས་དག་གྱུར་ཅིག། །།ཉོན་མོངས་ཕུང་པོའི་བུད་ཤིང་དག་ནི་ལུས་བ་མེད་བར་སྲེག་བྱེད་མེ་ཆེན་མཐོན་པོར་གྱུར་པའི་རྩེ། །འཇིག་རྟེན་གསུམ་པོ ་དག་ཏུ་རབ་དཀར་གསལ་ཞིང་གཏི་མུག་མུན་གནག་དག་གི་སྨག་རུམ་འཐིབས་པ་སེལ། །དམྱལ་བའི་ས་གཞིར་མེ་ཡི་ཕུང་པོ་རྣམས་ལ་བདུད་རྩིའི་ཆུ་པོ་རྒྱ་ཆེན་རྒྱུན་ནི་འབྲས་བཅས་པ། །པདམོ་འཛིན་ཞབས་ལས་འཁྲུངས་སེན་ཚོགས ་འོད་ཟེར་རྣམས་ཀྱིས་ཁྱེད་ཀྱི་འཁོར་བ་ཡང་དག་སེལ་གྱུར་ཅིག་།རང་གི་འདུན་པས་བཅང་པའི་འདོད་པ་སྦྱིན་ལ་ཤིན་ཏུ་མཁས་གྱུར་ཡིད་བཞིན་ནོར་བུ་བསམ་ཡས་ཤིང། །ཤིན་ཏུ་འཇིགས་པའི་དོགས་པས་གདུངས་གྱུར ་ཞི་བར་བགྱིད་བའི་བསིལ་བའི་འོད་ཟེར་ཡིད་ནི་རབ་འཕྲོག་ལ། །ཡོན་ཏན་དུ་མའི་ཚོགས་རྣམས་འཛིན་པ་གསལ་བར་གྱུར་ཅིང་མཛེས་པ་དང་ལྡན་མེ་ལོང་དག་གི་གཟུགས། །འཇིག་རྟེན་དབང་ཕྱུག་ཞབས་ལས་སྐྱེས་པའི་སེན་མོ ་ངེས་བསྐྱེད་འོད་ཟེར་མཛེས་པས་ཁྱེད་རྣམས་སྐྱོང་གྱུར་ཅིག་།འོད་ཟེར་དཔག་མེད་ལས་འཁྲུངས་ཆེ་བའི་འོད་ཟེར་རྣམས་ཀྱིས་མཛེས་པ་དང་ལྡན་གཙུག་པུད་ཆེན་པོ་ནི། །མཛེས་ལྡན་མགོན་པོའི་རབ་ཏུ་མཛེས་ཞབས་སེན་མོའི་འོད་ཟེར་ཚོགས་ནི་དེ་ལ ་མཚང་མཁས་ལྷ་རྣམས་ཀྱི། །མགོ་ཡི་རིན་ཆེན་མཆོག་གི་ཚོགས་ལས་ངེས་པར་འཕྲོས་གྱུར་ཤིན་ཏུ་རབ་བཀྲའི་འོད་ཟེར་ཚོགས་རྣམས་ཀྱིས། །བདེ་སོགས་དགའ་བའི་གཞུ་ལ་ཉེ་བར་སྤྱོད་བྱེད་འདི་དག་གིས་ནི་ཁྱེད་རྣམས་ཡུན་རིང་དར་གྱུར་ཅིག ་མངོན་པར་འདོད་པའི་ཡུལ་རྣམས་འཐོབ་པའི་སྦྱིན་པ་ལས་ནི་དཔལ་དང་ལྡན་པའི་ལོངས་སྤྱོད་ཀྱིས་མཐོ་ཞིང། ཀུན་ཏུ་རྣམ་པར་མི་གཡོའི་འོད་ནི་བསྟེན་བྱེད་སྣོད་རྣམས་དག་གི་མགུ་བ་བསྐྱེད་པར་བྱེད་གྱུར་ལ། །དྲི་མ་དང་བྲལ་མཚུངས་པ་མེད ་པའི་གཟུགས་ནི་རི་བོང་ཅན་ལས་ལྷག་ཅིང་སྐྱོན་གྱི་མུན་སེལ་པ། །ནོར་བུའི་འོད་ཟེར་ལྟ་བུ་ཕྱག་ན་པདྨའི་ཞབས་ཀྱིས་ཁྱེད་རྣམས་དག་ལ་ཚིམ་པ་སྦྱིན་གྱུར་ཅིག་།རབ་མཛེས་ཕྱག་ན་པདྨའི་ཞབས་ཀྱི་པདྨ་ལས་འཁྲུངས་སེན་མོའི་ཚོགས་རྣམས་དག ་གི་འོད་ཟེར་ནི། །རྒྱུན་ཆད་མེད་པར་སྙིང་རྗེའི་ཆུ་ཡིས་ཉེ་བར་བྲན་པ་དེ་ཡི་སྐུ་ལུས་དག་གིས་གཞི་ལ། །ཁྱད་འཕགས་ཡེ་ཤེས་ས་བོན་བཏབ་པ་ལས་སྐྱེས་མི་ཆུང་དཔག་བསམ་ཤིང་གི་མྱུའི་ཚོགས་རྣམས་དང། །མཚུངས་པ་གང་ཡིན་འདི་ཡིས ་ཁྱེད་ཀྱི་སྲིད་པའི་འཇིགས་པ་རབ་མང་མཛའ་ཚོགས་ཉམས་པར་བྱེད་གྱུར་ཅིག་།འཇིག་རྟེན་དབང་པོའི་ཞབས་པད་ལས་སྐྱེས་སེན་མོའི་འོད་ཟེར་བདུད་དང་དགྲ་སྡེ་བདག་ལ་སྐྲག་སྟེར་ཞིང། །ུཏཔལ་དམར་མདོག་དང་པོར་དོན་ཡོད་མངའ་རྣམས་མེད ་རྩེ་གྱེན་དུ་བསྟན་བཅུག?་འོད་ཟེར་ལྟར་མཛེས་ལ། །འཇིགས་རུང་འཁོར་བའི་དོང་དུ་རྟག་ཏུ་ལྷུང་བའི་སྐྱེ་བོ་འདྲེན་བྱེད་སྲ་མཁྲེགས་ཐག་པའི་དཔྱད་ཐག་འདིས། །ཤིན་ཏུ་རྙེད་དཀའ་ཨི་ཕུན་སུམ་ཚོགས་པ་ཆེན་པོ་མཐོ་བའི་གོ་བཟད?་དག་ལ་འཁྱེན་རྣམས ་འགོད་གྱུར་ཅིག། འོད་དང་ལྡན་ཞིང་ཉོན་མོངས་ལས་ཀྱིས་རང་དབང་མེད་དུ་བ་འགྲོ་བའི་སྡུག་བསྔལ་རྣམ་བར་གཅོད་ལ་དཔའ་། །སྐྱོན་གྱི་དམིགས་པ་ལས་རིང་གསལ་ཞིང་མཁས་བའི་བླ་མ་སྐྱེ་བོ་རྣམས་ཀྱི་སྒྲོལ་བར་བྱེད་གྱུར་ལ ་ཀུན་དུ་དགའ་བ་རབ་སྡུག་སྟེར་ཞིང་རི་བོང་འཛིན་དཔལ་མཛའ་དག་འཛིན་གྱུར་དྲི་མ་དང་བྲལ་བ། བསམ་ཡས་ཕྱག་ན་པདྨའི་ཞབས་འཁྲུངས་སེན་མོ་གང་ཡིན་དེ་ཡིས་ཁྱེད་ཀྱི་བསམ་པ་རྒྱལ་གྱུར་ཅིག། ཅི་ཞིག་བདེ་འབྱུང་གིས་འདི་ཟླ་དུམ་རྣམས ་ཀྱིས་མཆོད་པར་བཀོད་བྱས་འོད་དང་ལྡན་པའི་དུམ་བུ་འམ། །ཡང་ན་ངེས་པར་ཁྱད་འཕགས་ཡིད་གྱུར་བྱང་ཆུབ་དཔལ་མོས་རིན་ཆེན་ཕྲེང་བ་བཀོད་དམ་ཅི་ཞིག་ཡིན། །ལྷ་རྣམས་ཀྱིས་ནི་ལྷ་ཡི་མེ་ཏོག་རྨད་བྱུང་མཚུངས་པ་མེད་རྣམས་ཕྲེང་བ་རྒྱུས ་དབྱངས་པ་མིན་ནམ་ཞེས་བློ་གྲོས་བསྐྱེད་པ་འཇིག་རྟེན་མགོན་པོའི་ཞབས་ལས་འཁྲུངས་པ་སེན་མོའི་ཕྲེང་བས་ཁྱེད་རྣམས་དགྱེས་གྱུར་ཅིག། གང་དུ་འདི་ནི་པདམོ་ལས་སྐྱེས་ཕྱག་བགྱིད་འཆི་མེད་མགོ་བོར་ནོར་བུའི་ཁྲི་སྟན་མཐོན་པོ་ལ། །ཞབས ་རྡུལ་དག་ནི་རྒྱུན་དུ་གཟིམས་ཤིང་གང་དུ་ཡང་ནི་འཛིན་བྱེད་གཞི་ལ་མགོ་འཕྱང་རབ་འདུད་པ། །དེ་ལྟར་རབ་བསྐྱེད་འོད་ཟེར་ཚོགས་ཀྱི་སོ་རིང་གསལ་ཞིང་བཞད་གང་བགྱིད་འདྲ་འཇིག་རྟེན་དབང་ཕྱུག་གི་ཞབས་སྐྱེས་སེན་མོ་གང་ཡིན་དེ་དག ་རྣམས་ནི་ཁྱེད་ཀྱི་མཛའ་བྲལ་མུན་པ་གཞིལ་བའི་སླད་གྱུར་ཅིག། ཚ་གདུང་སེལ་བྱེད་དཔའ་བོ་དཀར་བསིལ་མཆོག་ལྡན་བདུད་བརྩིའི་ཐིགས་པའི་ཆར་གྱི་རྒྱུན་ནི་འབེབས་མཛད་ཅིང། །མི་བཟང་མདའ་ཆེན་ཆར་གྱི་རྒྱུན་ནི་དྲག་པོ་རབ་འགྲེམས ་བདུད་ལ་གནོད་བྱེད་ཕྱིར་ལྟར་གྱུར་པ། །ཕྱག་ན་པདྨའི་ཞབས་ཀྱི་སེན་མོའི་འོད་ཟེར་དཔལ་མཛད་དག་གིས་ཁྱེད་ཀྱི་འཁོར་བའི་རྣམ་པ་ཡི། །ཁོངས་ཆེན་བརྩོན་རར་རྒྱ་ཆེའི་སྡུག་བསྔལ་རྣམ་མང་འཇིགས་སུ་རུང་རྣམས་ཡང་དག་འཕྲོག ་བར་བྱེད་གྱུར་ཅིག། འཇིག་རྟེན་དབང་པོའི་ཞབས་ལས་རབ་སྐྱེས་སེན་མོའི་གནས་ལ་སྣང་བ་དག་ནི་ཤིན་ཏུ་བཟློག་དཀའ་བའི། །བདུད་ཀྱིས་ཀུན་ནས་རབ་འཕངས་མདའ་ཡིས་ཁྱབ་རྣམས་སྒྲིབ་བར་བྱེད་པའི་ཡོལ་པར་འཁྲུལ་བ་བསྐྱེད་བྱེད་ཅིང། །ཀུན་ནས ་ཉོན་མོངས་དཔུང་རྣམས་བརླག་འགྱུར་བསལ་བར་གོ་བྱེད་མཇུག་རིངས་ཆེན་པོའི་ཚོགས་སུ་བརྟེག་བྱ་བ། །འཇིག་རྟེན་གསུམ་གྱིས་མི་ནུས་ནུས་པ་སྲིད་པ་གསུམ་ལས་རྒྱལ་བའི་རུ་མཚོན་ཆེན་པོས་རྒྱལ་གྱུར་ཅིག། །།ཡང་དག་རྫོགས་པའི ་བྱང་ཆུབ་སེམས་ཀྱི་ཟླ་བ་ཀུན་ནས་མཛེས་ལྡན་འོད་ཀྱི་ཚོགས་པ་ལྟ་བུ་དང། ཉོན་མོངས་ངེས་བསྲེགས་ཐལ་བའི་ཚོགས་རྣམས་གྲོལ་བའི་ལམ་གྱི་རླུང་གིས་བདས་ནས་བགྲོད་པ་ལྟ་བུ་དང། །མི་བཟད་བདུད་རྣམས་ཀྱིས་ནི་རྣམ་པར་མི་ཕྱེད་མི་ཆུང་རྡོ ་དཀར་གློགས་བུ་བཀོད་བ་ལྟ་བུ་ཡིས། །ཉེ་བར་མཚོན་འོད་ཕྱག་ན་པདྨའི་ཞབས་སྐྱེས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་བསྲུང་གྱུར་ཅིག། མཚན་མོའི་མགོན་པོ་ངེས་པ་ཁོ་ནར་ཕྱོགས་ལ་ཟང་ཅིང་རང་ཉིད་དམན་པ་སྐྱེངས་པར་གྱུར་པས་ནི།། ་སྐད་ཅིག་བརྟག་པར་བྱ་བ་མཚུངས་མེད་མུན་པ་སྤོངས་མཁས་དྲི་མ་དང་མི་ཟད་པ་མི་མངའ་ཞིང། །མི་དམན་སྒྲ་ཡི་སྲིན་པོ་ཟང་བྱེད་ཕ་རོལ་འགྲོ་སྐྱོང་རྫི་བ་མེད་པའི་བརྟུལ་ཞུགས་ཉེར་མཚོན་པ། །འཇིག་རྟེན་དབང་ཕྱུག་ཞབས་སེན་གང་དེ ་རྣམས་ཀྱིས་མི་ཁོ་མ་འཕན་པ་དག་ལས་ཁྱེད་རྣམས་བསྲུང་གྱུར་ཅིག། ཕུན་ཚོགས་དམ་པའི་སྒྲུབ་བྱེད་རབ་ཏུ་སྟོབས་ལྡན་པདྨ་འཛིན་པའི་ཞབས་ཀྱི་རྫོང་ལ་གནས་བཅས་ཤིང། །འཇིག་རྟེན་གསུམ་དཔལ་རྒྱལ་བར་བཞེང་བ་སེན་རྣམས ་མོའི་འོད་ཟེར་ཚོགས་ནི་མཚུངས་མེད་མངོན་པར་རབ་འཐོབ། །བཤེས་གཉེན་འཆར་བས་ཐོ་བ་པའི་རབ་གསལ་རྗེས་སུ་འགྲོགས་ལྡན་ཤིན་ཏུ་པུལ་བྱུང་འཕེལ་བ་རྙེད་གྱུར་པ། །རྒུད་པ་ཀུན་གྱི་དགྲར་གྱུ་ཐག་པ་ཆེན་ཡང་དག་འགྲུབ་པའི ་རྒྱུ་དེས་ཁྱེད་རྣམས་ཕོངས་ལས་སྲུང་གྱུར་ཅིག། །གཙུག་པུར་ལ་ནི་ཟླ་ཕྱེད་རྒྱན་འཛིན་བཞེད་པར་གྱུར་པའི་ཕྱུགས་བདག་འདི་ནི་ངོ་ཚ་དང་བྲལ་ལ། །ནུབ་པར་མི་འགྱུར་ནོར་བུས་མངོན་པར་མཛེས་འདོད་ཁྱབ་འཇུག་དག ་ཀྱང་ཇི་ལྟར་མཁས་པ་ལྟ་བུ་ཡིན། །དབང་པོ་ཡི་ནི་མགོ་བོ་ཚེ་ལ་ནོར་བུ་འདི་ཡང་དོན་ཡོད་མིན་ཞེས་ཕྱག་ན་པད་ཞབས་ཀྱི། །སེན་མོའི་ཚོགས་འདི་མཐོང་གྱུར་གང་ཞིག་མཛེས་པས་སེམས་ཟིན་འཇིག་རྟེན་གྱིས་བསམས་དེ་ཡིས་རྒྱལ ་གྱུར་ཅིག། རྒྱ་ཁྱོན་ཆེར་བྱས་རིང་དུ་སྟེང་དུ་འགྲོ་ཞིང་འོག་ཏུ་འང་དམྱལ་བ་རྣམས་ཀྱི་སྒྲོལ་བར་བྱེད་པར་གྱུར། །བསིལ་ཟེར་ལྡན་པ་འཆར་ཀར་གྱུར་ལྟར་དཀར་ཞིང་དགྲ་རྣམས་བཞིན་ནི་ནག་པོ་ཉིད་དུ་འགྱུར་བའི་རྒྱུ། །ནུས་མཐུ་རྣམ ་པར་ཤེས་པར་བྱ་བ་དཀར་ཞིང་མ་ལུས་འགྲོ་བས་མཆོག་ཏུ་གསལ་བར་མཐོང་ཞིང་སྣང། །དབུ་ལ་སངས་རྒྱས་ཀྱི་ནི་ཞབས་པད་ལ་གནས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱོད་རྣམས་སྲུང་གྱུར་ཅིག། ལྷ་དབང་དགྱེས་པའི་མཆོད་པ ་ལ་མཁས་ལྷ་མོས་རབ་གཏེར་ག་པུར་ཕྱེ་མ་ཀུན་ནས་འཐུལ་བ་ཡི། །འོད་ལྟར་སྣང་ཞིང་གུས་པའི་ཁུར་ཐོགས་འཕྲོག་བྱེད་ཕྱག་འཚལ་རལ་པའི་ཐལ་བར་རྣམ་པར་འཁྲུལ་པའི་ས། །དཔལ་མོ་མཆོད་པ་འབུལ་བའི་ལག་གི་པདྨའི ་གེ་སར་རྩེ་ཡི་རྡུལ་ཕྲན་ཟག་པ་ལྟར་མཛེས་པ། །ཕྱག་ན་པདྨའི་ཞབས་ལས་སྐྱེས་གྱུར་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་ཕོངས་ལས་སྲུང་གྱུར་ཅིག། །།ལྷུན་པོའི་འོད་ཟེར་སེར་པོ་མིན་བགྱིད་ལྷ་ཡི་གླང་ཆེན་ལི ་ཁྲིའི་ཚོན་གྱིས་གསལ་བྱས་དམར་པོའི་དཔལ། །ཉམས་པར་བྱེད་པ་དཔའ་ཞིང་རྟ་ལྗང་ཅན་གྱི་རྟ་ཡི་མིང་མན་ལྗང་བ་ཉིད་ནི་འཕྲོག་བགྱིད་ལ། །སྔོན་པོའི་སྣང་བ་ཉམས་བགྱིད་འཆི་མེད་བུ་མོས་འོ་མའི་ཆུ་གཏེར་ལུང་བབ་རྣམ ་བརྟགས་སྐྲག་གྱུར་པ། །པདམོ་འཛིན་པའི་ཞབས་ཀྱི་པདམོ་ལས་འཁྲུངས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་བསྲུང་གྱུར་ཅིག། ལྷ་རྣམས་ཁྱོད་ཀྱི་རྔ་ཡབ་བསིལ་ཟེར་བྱེད་ལྟར་དཀར་པ་དག་གིས་འདི་ལ་མཛེས་པར་མི་འོས་ཏེ། །ཀ་ཡེ་དམ་བྷེ ་དགོས་པ་མེད་པའི་ག་བུར་ཕྱི་མ་གུས་པའི་རྩོམ་པས་ཡོངས་སུ་འཐོར་པ་ཅི། བདེ་སོགས་ཁྱེད་ཀྱི་མེ་ཏོག་དཀར་པོ་རྣམས་ཀྱིས་རབ་ཏུ་གཏོར་བས་ཅི་ཞེས་མཐོ་རིས་ས་ཡི་རྗེ། །མཆོད་ལ་སྔགས་མཛད་ཕྱག་ན་ཆུ་སྐྱེས་ཞབས་འཁྲུངས་སེན་མོའི ་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག། །།ཀེ་ལ་ཤ་ལྟར་འབིགས་བྱེད་མཛེས་བསྐྱེད་ལྷ་མིན་ལས་རྒྱལ་ལུས་ཀྱི་ནག་པོ་ཉིད་ནི་ཉམས་པ་བགྱིད། །ནག་མོ་རྩེད་འཇོམས?་མཛེས་ལྡན་བྱུགས་ཤིང་ཉིད་མའི་རྟ་ཡི་འོད་ཟེར་ལྗང་གུ་ཉིད ་ཀྱང་དཀར་པོར་མཛད། །མཆོད་མཁས་ལྷ་ཡི་སྐྱེ་བོས་གཏོར་བའི་ཀུན་ཏའི་ཟིལ་ལས་བསིལ་ཟེར་ཅན་གྱི་དུམ་བུ་ལྟར་གྱུར་རྣམས། །ཅི་ཞིག་ལ་དགོས་འཇིག་རྟེན་དབང་པོའི་ཞབས་སེན་འོད་ཟེར་ཆེ་བའི་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར ་ཅིག། །།འཁོར་བའི་ཆུ་སྲིན་བདག་པོ་ཕ་རོལ་བགྲོད་བ་རྣམས་ལ་བསྡམས་པའི་ལམ་ཆེན་དག་དང་མཚུངས་འགྱུར་ཞིང། །བཟློག་པར་དཀའ་བའི་སྡུག་བསྔལ་མེ་འབར་ཞི་བར་མཛོད་པ་བསོད་ནམས་ཆེན་པོའི་ཚོགས་ཀྱི་ཆུ་བོ་ནི།། ་དགས་པ་བད་དགའ་དག་ཏུ་འབབ་པ་ལྟ་བུ་དབུ་ལ་སངས་རྒྱས་ཀྱི་ནི་ཞབས་ལས་འཁྲུངས་པ་ཡི། །འོད་ཟེར་མཆོག་ཏུ་རྣམ་པར་རྒྱལ་བར་གྱུར་རྣམས་ཁྱེད་ཀྱི་སྲིད་པ་མྱུར་དུ་སེལ་བར་མཛད་གྱུར་ཅིག། །།ནག་མོ་དགའ་བའི་ཟླ་བའི ་མཛེས་པའི་?་རྒྱས་གནོན་བགྱིད་ས་གཞི་འཛིན་པ་ཀེ་ལ་ཤ་ཡིན་ནི། །སྣང་བ་རྒྱས་པ་གསལ་བར་ཉམས་ཤིང་དཀར་པོ་ཉིད་གྱུར་ཁ་བ་ཅན་གྱི་དཀར་བ་ཉིད་ཀྱང་འཕྲོག། འེ་མའི་རྒྱ་མཚོ་རྒྱས་པ་ལུད་པ་དང་མཚུངས་ཕྱོགས་རྣམས་ཀྱི ་ཡང་ལྷ་ཡི་གླང་ཆེན་པོ་རྣམས་ནི། །བཅག་པའི་དུམ་བུ་ལྟར་མཛེས་འཇིག་རྟེན་དབང་ཕྱུག་ཞབས་སེན་འོད་ཟེར་རྒྱུས་པས་ཁྱེད་རྣམས་སྲུང་གྱུར་ཅིག། །།གང་ཞིག་ཡོངས་འདུའི་མེ་ཏོག་གིས་མཆོད་མཚོ ་སྐྱེས་དཔལ་ནི་འཇུམས་ཤིང་བུང་བའི་ཚོགས་རྣམས་གར་བསྒྱུར་བགྱིད། །གང་ལ་གནས་བཞིན་བསྙེན་བཀུར་ལ་ཆགས་པདྨ་ཅུང་ཟད་ཟུམ་ཞིང་རང་བྱུང་འདུག་པ་དཀའ་པར་གྱུར། །གང་གིས་ལྷ་ཡི་ཆུང་མ་བདུད་པའི་སྐྱོན་སེལ་ཉིན ་མོའི་དཔལ་ནི་ནག་མོ་མིན་པར་མཚན་མོར་གྱུར། །ཕྱག་ན་པདྨའི་ཞབས་སེན་ཟླ་བ་མཛེས་བ་དང་ལྡན་ཟླ་བའི་འོད་འདིས་ཁྱེད་རྣམས་སྲུང་གྱུར་ཅིག། །།ལྷ་ཡི་ན་ཆུང་སྐྱེ་བོ་མཛེས་མ་རྣམས་ཀྱིས་འདོད་འོས་སུ་འཁྲུལ་མིག ་ཚུགས་ལྟ་ཞིང་མཆོད་གྱུར་ལ། །སེན་མོའི་འོད་གསལ་དཀར་ཞིང་མཛེས་བར་གྱུར་པ་པདྨའི་རྩ་བའི་ཚོགས་པ་ལྟ་བུ་འཛིན་མཛད་ཅིང། །མི་ཆུང་འདོད་བ་རབ་རྒྱས་འདོད་ལྟ་བུར་གཞན་གྱི་དབང་གྱུར་མ་ཡི་སྤོང་ལ་རབ་ཏུ་འཇུག་། ་མི་དམན་ལྷ་ཡི་གྲོང་གི་ཙན་དན་གྱིས་བྱུགས་ཕྱག་ན་པདྨའི་ཞབས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག། །།ཀུན་དགའ་ཨི་ཁུར་བུ་མིང་མན་རབ་རྒྱས་ལྷ་ཡི་ལག་པས་ཡོངས་འདུའི་མེ་ཏོག་རབ་ཏུ་གཏོར་རྣམས་ལ། །བུང་བའི ་དོན་མཐུན་ནག་པོ་བརྩེགས་པ་ཤིན་ཏུ་གནག་པར་གསལ་བའི་ཚོགས་པ་ལྟ་བུ་རབ་རྒྱས་པ། །ཕྱག་ན་པདྨའི་ཞབས་ཀྱི་མཚོ་སྐྱེས་དག་གི་སེན་མོའི་འོད་ནི་དྲི་མེད་འོ་མའི་ཆུ་གཏེར་གྱི། །དབུས་ལས་འཁྲུངས་པའི་དཔལ་མོ ་གཡོ་མེད་དགའ་བའི་རྒྱུ་འདིས་ཁྱེད་ཀྱི་དགེ་ལེགས་མཆོག་ཏུ་སྒྲུབ་གྱུར་ཅིག། །།དེ་པ་རྣམས་ཆད་སྐྱོ་བས་འཕེལ་བའི་མེ་ཡི་རྩེ་མོ་བཅོད་པའི་ཆུ་ཆེན་རབ་ཏུ་རྒྱས་གྱུར་ཅིག། པདྨའི་འཛེས་པའི་རྗེས་མཐུན་གྱིས་དྲངས ་སྦྲང་རྩི་བྱེད་པའི་སྒྲིབ་བྱེད་རྣམས་ཀྱིས་བསྒྲིབས་པར་གྱུར་པའི་དཔལ། །སེན་མོའི་འོད་ཟེར་དཀར་ཞིང་རགས་ལ་སྡུག་པོར་གྱུར་པས་རང་དགར་ཁྱབ་ཅིང་ནང་ནི་ཁེངས་གྱུར་པ། །སོར་མོ་ཆུ་སྐྱེས་དཔལ་ལ་རེག་པའི་ཞབས་ཀྱིས་ཚེགས་མེད་མ་ཆད ་ཁྱེད་ཀྱི་འདོད་པ་སྦྱིན་གྱུར་ཅིག། འཁོར་ལོའི་འོད་ནི་རབ་ཏུ་མཛེས་དང་ལྡན་གྱུར་དྲི་མེད་སེན་མོས་བསྐྱེད་པ་ངོ་ཟླ་མེད་པའི་དཔལ། །མཚུངས་མེད་ཡོན་ཏན་གྲངས་མེད་བསོད་ནམས་རྣམས་ཀྱིས་འཐོབ་པའི་མཚན་གྱི་ཚོགས་ནི་རྣམ་པར་འཛིན ་གྱུར་ཅིང། །མ་ལུས་གླིང་རྣམས་གསལ་བའི་མཐུ་ལྡན་ཤིན་ཏུ་ཆེ་བར་ཕུན་སུམ་ཚོགས་པས་ས་ཡི་བདག་པོ་རྣམས། །ཕྱག་བགྱིད་མགོ་ཡི་འཁོར་ལོ་སྒྱུར་བ་དབུ་ལ་སངས་རྒྱས་ཞབས་ཀྱིས་ཁྱེད་རྣམས་ཡུན་རིང་སྲུང་གྱུར་ཅིག། མཐོ ་རིས་གངྒཱའི་གསེར་གྱི་པད་ལྗོན་མེ་ཏོག་ཅུང་ཟད་བྱེད་པས་འདི་ལ་གཏོར་བའི་ཡོན་ཏན་ཅི། །གསལ་ལྡན་མཚོ་སྐྱེས་སུ་འཁྲུལ་བུར་བའི་ཕྲེང་བས་གླུ་བླངས་ཉིད་ལ་གྲུ་རྣམས་ཀྱིས་ནི་ཅི་ཞིག་བྱ། །རབ་མཛེས་སེན་མོ་འདི་ལ་ནོར་བུའི་ཕྲེང་བ ་རྣམས་ཀྱིས་མཛེས་པ་ཉིད་དུ་བགྱི་བར་ནུས་མིན་ཞེས། །གང་ཞིག་མཆོད་པ་ལྷ་ཡི་དབང་པོས་གསུངས་གྱུར་ཕྱག་ན་ཆུ་སྐྱེས་བསྡམས་པའི་ཞབས་དེས་རྒྱལ་གྱུར་ཅིག། །གང་ཞིག་མགོན་པོ་ཁོ་ནའི་བདེ་བར་གཤེགས་པའི་རྒྱུར་གྱུར ་འབའ་ཞིག་མ་ཡིན་སྐྱེ་བའི་སྣོད་ཀྱི་ཡང། །གང་དུ་པདམོ་མངོན་འདོད་སྦྲང་རྩི་འཐུང་བའི་ཚོགས་ཉིད་འདབ་བསྐྱོང་མ་ཡིན་སྐྱེ་བོ་རྣམས་ཀྱི་ཡང། །གང་གིས་རབ་ལྕི་མ་ཉིད་ཤིན་ཏུ་བླ་མར་གྱུར་ཅིང་འདུད་རྙེད་མ་ཡིན་འཇིག་རྟེན་གསུམ་པ ་ཡང། །དབུལ་བདེ་གཤེགས་རི་བོང་འཛིན་པའི་འོད་ཀྱིས་རྣམ་པར་གསལ་ལྡན་ཞབས་ངེས་འཇིག་རྟེན་སྲུང་གྱུར་ཅིག། །།གང་ཞིག་སྟོན་བྱེད་བུང་བ་རྣམས་ལ་བཏུང་བའི་སྦྱིན་བས་དགའ་མགུ་རངས་པའི་ཚོགས་ནི་བསྐྱེད ་མཛད་ཅིང། །གང་ཞིག་རྩ་བ་མི་དམན་རེས་པ་ཁོ་ནར་ལྗང་ཁུ་ཉིད་མིན་མཆོག་ཏུ་མཛེས་པ་ཉེར་འཛིན་ལ། །རྡུལ་གྱི་ཚོགས་རྣམས་འཆི་མེད་མ་གོར་ཉལ་དཔལ་ནི་གནས་པའི་སར་གྱུར་སེན་མོ་འོད་ཟེར་བཞད་པ ་ཡི། །གེ་སར་དང་ལྡན་འཇིག་རྟེན་མགོན་པོའི་ཞབས་ཀྱི་པདྨས་ཁྱེད་ལ་ཡུན་རིངས་དགེ་ལེགས་སྦྱིན་གྱུར་ཅིག། ལུས་འཇོམས་ཉམས་བྱེད་འཇིགས་སུ་རུང་བའི་དགྲ་འཇོམས་སྒྲུབ་པ་ལུས་ཅན་རྣམས་ཀྱི་མཚོན་ཏེ་འདོད་པ་ཡི། ་དངོས་གྲུབ་འབོད་པར་བྱེད་ཅིང་ཀྱེ་མ་ཤིན་ཏུ་ཆེར་བསགས་མི་བཟད་སྡིག་པའི་ཚོགས་ཆེན་ཟང་མཛད་པ། །ཉོན་མོངས་བཀོད་པ་དགྲ་ཡི་བསམ་པའི་སྲེག་བླུགས་ཀྱིས་བསྐྱེད་སྡུག་བསྔལ་མེ་ཆེན་གྱིས་ནི་བསྲེགས་པ་དག། །སེལ ་བའི་ཆུ་ཀླུང་ཕྱག་ན་པདྨའི་ཞབས་ཀྱི་འོད་ཀྱིས་ཁྱེད་ཀྱི་རྣམ་མང་ཕན་པ་སྒྲུབ་གྱུར་ཅིག། །།དབུ་ལ་སངས་རྒྱས་རྒྱན་ལྡན་ཞབས་ཀྱི་ཉེ་འཁོར་དུ་རྒྱུ་མ་ཚད་མེད་པའི་པདམོར་འཁྲུལ་ལྡན་པ། །བུང་བའི་ཕྲེང་བ་སྒྲ་སྙན་སྒྲོགས་པ་རྣམས ་ནི་སེམས་ཅན་བསྐྱབ་པའི་བྱ་བ་གཅིག་བུར་རབ་བརྟན་ལ། །ཡུན་རིང་བཞུགས་པར་བརྟན་པར་བགྱི་སླད་སྟོབས་ཆེན་སྙིང་རྗེ་དག་གིས་སྤོམ་ཞིང་གནས་པ་ལྕགས་ཀྱི་ནི། །ལྕགས་སྒྲོགས་བཀོད་པ་ལྟ་བུས་ཁྱེད་རྣམས་དག་གི་ཕུན ་སུམ་ཚོགས་པ་ངེས་པར་གཡོ་མེད་སྒྲུབ་གྱུར་ཅིག། པདྨའི་ནང་གི་འདབ་མའི་ཕྲེང་བ་ལྟར་མཛེས་འཇམ་ཞིང་རྡོ་རྗེ་ལྟ་བུ་སྲ་ལ་རྣམ་པར་བརྟན། །གདུག་པའི་དགྲ་རྣམས་ཀྱིས་ནི་རབ་ཏུ་བསྣུན་བྱས་མཚོན་ཆའི་ཚོགས་རྣམས་རྣམ ་པར་ཉམས་པར་འགྱུར་བའི་ས། །དམར་ཞིང་ཆགས་པ་ཉེ་བར་ཞི་བ་འཁོར་བའི་ཆུ་གཏེར་དག་ལས་སྒྲོལ་བར་བགྱིད་པའི་བྱེད་པ་པོ། །ཤིན་ཏུ་སྟོབས་ལྡན་བདེ་བར་གཤེགས་པའི་རི་བོང་ཅན་འཛིན་ཞབས་ཀྱིས་ཁྱེད་ཀྱི་སྐྱོ་བ་སེལ་གྱུར ་ཅིག། དབང་པོའི་ཆུ་སྐྱེས་རབ་ཏུ་རྒྱས་ཤིང་མཛེས་པའི་ཚོགས་ལ་བུང་པ་གཡོ་ལྡན་ཡིན་ཡང་མི་གཡོ་ཞིང། །ཀུན་ཏུ་དགའ་བའི་ཀུན་ང་འཕྲོག་བྱེད་ལག་ན་གནས་པའི་ཚོགས་ལ་སྲེད་ལྡན་ཡིན་ཡང་མི་སྲེད་དེ། མདུན་དུ་ཁྱབ་འཇུག་གིས་གཏོར་མཛེས་ལྡན ་ཡོངས་འདུའི་མེ་ཏོག་དྲི་བཟངས་ལྡན་ལའང་དགའ་བ་མི་སྐྱེ་བར། །གང་དུ་བུང་བའི་ཕྲེང་བ་དགང་འགྱུར་རྒྱལ་བ་འཛིན་པའི་ཞབས་ཀྱི་པདྨ་དེས་ཁྱེད་སྲུང་གྱུར་ཅིག། །།འོད་ཟེར་རབ་ཏུ་མང་བའི་ཚོགས་ལས་གྱུར་པའི་རལ་པ་གཡོ་ཞིང་ཤིན ་ཏུ་དག་མཛེས་གསལ་ལྡན་ལ། །དམར་ཞིང་མཛེས་པས་རྗེས་འཕྲེལ་རབ་ཏུ་མཐོ་བ་སེན་མོའི་སོ་གཙིགས་ཀུན་ནས་མཛེས་ཤིང་ཡིད་དུ་འོང། །ཉེས་པར་ཞུགས་པའི་གཉིས་འཐུང་དགྲ་བོ་སྐྲག་བགྱིད་རིང་དུ་གཡོ་བའི་སྤྱན་གྱིས་ཀུན་ཏུ་གཟིགས་གྱུར ་པ། །པད་སྐྱེས་རལ་པའི་ནགས་ཉལ?་འཇིག་རྟེན་དབང་པོའི་ཞབས་ཀྱི་སེང་གེ་ཁྱེད་རྣམས་ཞི་བའི་སླད་གྱུར་ཅིག། །ཤིན་ཏུ་དྲི་མ་མེད་ཀྱང་མི་ཆུང་ཡང་བ་མིན་ཡང་མྱུར་དུ་ཕྱོགས་ཀྱི་སྒོ་ནམས་འགོད་པར་བགྱིད། །འཇིག་རྟེན་གསུམ་པ་ཀུན་ཏུ་དགའ་ ་བར་བགྱིད་ཀྱང་སྟོབས་ལྡན་ཕ་རོལ་ལུས་ཁྱབ་ཡོངས་སུ་གདུལ་བའི་རྒྱུ། མཛེས་སྡུག་འགྱུར་བྱེད་བྱུག་པར་ལྡན་ཡང་ཕུལ་བྱད་ཡིད་འོང་རྒྱས་པའི་འོད་ཟེར་དག་གིས་མེ་ཏོག་ནི། རྣམ་རྒྱལ་ཕྲེང་བའི་ཐོད་ཅན་ཞབས་ཀྱི་འོད་ཟེར་ཁྱེད་རྣམས་ཕོངས ་པའི་ཟུག་རྔུ་འགོག་པར་མཛད་གྱུར་ཅིག། གང་ལ་རྒྱལ་པོའི་རྒྱལ་པོས་མེ་ཏོག་རྣམས་དང་འཕྲོག་བྱེད་ཀྱིས་ཀྱང་ཡོངས་འདུའི་ལྗོན་ཤིང་ཡིད་འཕྲོག་རྣམས། །ཟླ་བས་ཀུན་དགའ་ལྡན་པར་ཀུན་ད་རྣམས་དང་ནོར་ལྷའི་རྒྱུད་ཀྱིས་འོད་ལྡན་ནོར་བུ་མར ་པོའི་ཚོགས། །ཞབས་ལྡན་དགའ་བས་པཱ་ལ་ཤ་སྟེ་དེ་ལྟར་ལྷ་ཡི་སྐྱེ་བོས་མཆོད་པའི་ཁྱད་པར་དག་མང་རྣམས་སོ། །རྗེས་སུ་ཁྲིད་པའི་སྙན་ངག་ལྟ་བུས་མཆོད་བགྱིད་ཕྱག་ན་ཆུ་སྐྱེས་ཞབས་དེས་ཁྱེད་རྣམས་སྲུང་གྱུར་ཅིག། འོད་རྣམས་རྣམ་པར། ་གསལ་བ་ཉི་མས་བསྟོད་བགྱིས་སེན་མོ་རྣམས་ལ་མཐོ་རིས་མགོན་པོ་ཡིས། །སོར་མོའི་རྩེ་མོའི་ཚོགས་ལ་དབང་ཕྱུག་འདྲེན་བྱེད་རྣམ་པར་མི་གཡོ་མཛེས་པའི་མཛའ་ལ་མཐར་བྱེད་ཀྱང། །ལྷ་ཡི་འཇིག་རྟེན ་རྣམས་ལ་གང་གིས་ཐུན་མོང་མིན་པའི་མཛེས་པ་ཕུལ་དུ་བྱུང་བའི་ཡུལ་རྣམས་ནི། །མ་ལུས་མཐོང་བའི་ནུས་པ་ཡོད་མིན་མགོ་ལ་སངས་རྒྱས་གཟུགས་ཀྱིས་མཚན་མའི་ཞབས་དེས་རྒྱལ་གྱུར་ཅིག། ཡང་དག་རྫོགས་པའི་སངས ་རྒྱས་འོད་ཀྱིས་རབ་གསལ་རལ་པའི་ཚོགས་ཀྱི་རྩི་ཤིང་ལྡན་པ་ཆེ་བའི་སྐུ། །འཁོར་བའི་ཆུ་གཏེར་གཏིང་དུ་འཇུག་བྱེད་སྐྱེ་བོའི་ཚོགས་ཀྱི་ཤིན་ཏུ་ལྕི་བའི་ས་གཞི་རབ་གནོན་ཞིང། །མཛའ་རྣམས་དག་ལས་ཡང་བྱུང་པ་ཡིད་འོད་ཟད་ཅིང ་དམར་བའི་ཁམས་ཆེན་ལྡན་པའི་ཆུ་རྣམས་འབབ། །གྲུབ་པའི་དོན་མཐུན་གྱིས་བསྟེན་པདམོ་འཛིན་པ་རི་བོའི་ཞེས་པ་ནི་ཁྱེད་ཀྱི་བཟང་པོའི་སླད་གྱུར་ཅིག། །།འཁོར་བའི་ལམ་ལ་རབ་བགྲོད་འགྲོ་བ་མཛའ་དག་ངལ་ཞིང་དུབ་ལྡན ་ཞི་བའི་རྒྱུ་ཡི་གྲིབ་བསེལ་ཅན། །རབ་ཏུ་མཛེས་པའི་ཡལ་ག་རབ་གསལ་སེན་མོའི་མེ་ཏོག་འཛིན་ཅིང་འདོད་དོན་འབྲས་བུ་དང་ལྡན་པ། །ལྷ་ཡི་སྐྱེ་བོས་རབ་བཏུད་མགོ་ཡི་ཕྲེང་བས་བསྐྱོར་བའི་རྩ་བར་ནོར་བུའི་བུམ་པ་གང་བ་ཡི། ། ་དྲི་མེད་འོད་ཀྱི་ཆུས་བན་འཇིག་རྟེན་དབང་པོའི་ཞབས་ཀྱི་ལྗོན་ཤིང་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག། རྩ་བ་རབ་བརྟན་ཉོན་མོངས་ཚོགས་པའི་དགྲ་བོ་སྟོབས་ལྡན་སྟོབས་རྣམས་རྩད་བཅད་སྙེད་པ་ཆེན་པོ་ཡིས། །རངས་པ ་ཐོབ་གྱུར་རྣམ་པར་སྒེག་ལྡན་སྟོབས་ལྡན་ལས་རྒྱལ་མགོ་ཡི་གནས་ལ་གཡོ་ཞིང་རྣམ་པར་རྩེ། །ཆུ་སྐྱེས་རྒྱས་པའི་རྒྱུན་ལ་ཆགས་ཤིང་ཀུན་ཏུ་སྲེད་ལྡན་དར་དིང་མང་པོ་རབ་ཏུ་སྒྲོགས་བ་ཡི། །བུད་པའི་ཚོགས་པ་མོ་བཟློགས་མཚུངས ་མེད་དྲི་བྲལ་པདྨ་འཛིན་པའི་ཞབས་ཀྱིས་ཁྱེད་ལ་སྲུང་གྱུར་ཅིང།། །།འཇིག་རྟེན་གསུམ་གྱི་དབང་ཕྱུག་དཔལ་འབྱོར་ལག་ལྡན་ཆུང་མ་གཡོ་བའི་སྡོམ་ཐག་གདགས་སའི་དབྱུག་པ་སྟེ། །ཉོན་མོངས་སྡུག་བསྔལ་སྤྲུལ་གདུག་སོས་ཟིན་འགྱེལ ་བའི་འགྲོ་བ་མཛའ་དག་སྐྱོང་བར་བྱེད་མཁན་ནམ་མཁའ་ལྡིང། །མི་ཆུང་དམྱལ་བའི་གྲོང་ཁྱེར་ནང་ན་བཟློག་དཀར་འཇུག་པའི་སྒོ་སྡོམ་རབ་བརྟན་སྲིད་པའི་ཆུ་གཏེར་ནི། །ལེགས་པར་རྒལ་བའི་གདོས་པ་གཅིག་པུ་འཇིག་རྟེན་དབང་པོའི་ཞབས་ནི ་ཁྱེད་རྣམས་འབྱོར་པའི་སླད་གྱུར་ཅིག། མདུན་ས་གང་དུ་ལྷ་ཡི་རོལ་མོ་མཁན་རྣམས་མཛེས་པས་ཡིད་གཟུང་མཆོད་པ་བགྱིད་པར་མ་ནུས་ཏེ། །གང་རྣམས་རྣམ་པ་ལས་འདས་སིལ་སྙན་རིག་བྱེད་ཁ་ན་མ་ཐོ་མེད་རྣམས་དེ་ཚེ་རྣམ་པར་ཉིས ་དམན་པ་མིན་པའི་གླུ་དབྱངས་མི་ལེན་ཉམས་རྣམས་དག་གིས་སྤྲས་པའི་དངོས་པོ་ཉིད་མིན་ངོ་བོར་གྱུར། །དེ་ལྟས་བརྒྱ་བྱིན་ནང་དུ་བཞད་གྱུར་ལྟ་བས་མི་ངོམས་གཟུགས་ཅན་མཚོ་སྐྱེས་ཅན་དེས་རྒྱལ་གྱུར་གཅིག། དཔལ་ལྡན་བར་མེད་? ་ཏུ་མཚུངས་པ་མེད་ཅིང་ཆེར་གྱུར་འདོད་པ་ཆེན་པོའི་ཁང་པ་མཆོག་གི་སར། །ལྷག་པའི་སྟོབས་ལྡན་གཡོན་གྱི་རིམ་པར་མི་བཟད་འདུད་པའི་བདུད་ཀྱི་ཡིད་རྣམས་རབ་ཏུ་འཇོམས་མཛད་ཅིང། །སེམས་ཅན་དགའ་བདེ་རབ་བཞེད་གྲགས ་བ་དང་ནི་འཇམ་པའི་ཐུགས་ལྡན་དལ་བས་སྐྱེ་བར་མི་འགྱུར་བ། །མགོ་ལ་འོད་དཔག་མེད་པས་ཁྱེད་ཀྱི་གཏི་མུག་གིས་བསྐྲུན་རབ་འཇོམས་གྱ་ཆེའི་འཇིགས་པ་འཇོམས་གྱུར་ཅིག། བརྟན་པའི་རབ་འཇིགས་སུ་རུང་བས་སྐོར་ཞིང་སྒྲ་ལྡན ་བཅིངས་བས་དམ་བཅིངས་རིང་པོར་གསལ་བའི་སྒྲ། །དྲག་པོ་ཤིན་ཏུ་འཇིགས་རུང་དམྱལ་བའི་གྲོང་ཁྱེར་ཉིད་ཀྱི་རྣམ་པར་འཛིན་པ་དགྲ་བོ་རྣམས་དག་ནི། །བཙོན་ཁང་ནར་དུ་གདུང་བ་དྲག་པོས་ཤིན་ཏུ་འཇིགས་པར་གྱུར་རྣམས་དྲན་ནས ་སྐྱབས་ལ་རབ་གཤེགས་ཤིང། བསྐུར་སྟི་སྒྲུབ་མཛད་སྙིང་རྗེ་རབ་ལྕི་འཇིག་རྟེན་དབང་ཕྱུག་གང་ཡིན་དེ་ཡིས་ཁྱེད་རྣམས་སྲུང་གྱུར་ཅིག་།བསྐལ་པའི་མཛའ་ཡིས་རྦ་རླབས་?་འཕྱོ་གཡོ་བའི་རླུང་གི་སྟོབས་ཀྱིས ་རབ་གཙུབས་རྦ་རླབས་ཕྲེང་བ་རྣམས། །སྒྲ་དྲག་སྒྲོགས་ཤིང་ཐོར་ཐོར་དང་ལྡན་ཆུ་སྲིན་ཚོགས་ཀྱིས་གང་བ་འཇིགས་རུང་ཆུ་ཡི་ཆུ་གཏེར་ནི། །གང་ཞིག་དམིགས་པ་ཉིད་ན་མཐོན་མཐིང་དྲི་མ་མེད་པའི་ཚོགས་ཆེན་བཀྲམ་བརྩེ་དགའ་དག་གི་ནད ་ཉམས་རབ་དགའ་བར་འགྲུབ་འགྱུར་པདམོ་ཅན་དེ་ཤིན་ཏུ་མྱུར་བར་འགྲོ་རྣམས་སྲུང་བའི་སླད་གྱུར་ཅིག། །།དུ་བའི་ཚོགས་ཀྱི་འཆིང་བས་བཅིངས་བས་ཟླ་བ་ཉི་མའི་འོད་ཟེར་ཉམས་ཤིང་འབྲས་བུ་མེད་པར་བྱེད། །འགོག་པ་བསྐྱེད ་པའི་བགེགས་ལ་མཁས་པའི་ལྷ་ཡི་ཆུང་མ་རྣམས་ཀྱང་བརྟན་པའི་མཐུ་རྣམས་ཉམས་འགྱུར་བའི། །དུ་བའི་རྒྱལ་མཚན་ཅན་ཡང་གང་གི་མིང་བརྗོད་རྒྱུན་འཛིན་འཛིན་བྱེད་རྣམས་ལ་རབ་ཏུ་ཉམས་འགྱུར་བ། །སངས་རྒྱས་འཛིན་པས ་ཁྱེད་ལ་ཉམས་དགར་རྒྱུན་ཆད་མེད་ཅིང་སྒྲུབ་བྱེད་དང་བཅས་ལེགས་པ་སྒྲུབ་གྱུར་ཅིག། །།ཁྲོ་བས་རབ་བསླད་ལག་པ་དུས་ཀྱི་མཚོན་ཆ་དང་འདྲ་འཇིགས་སུ་རུང་བའི་སྲུང་ཅེས་སྒྲོགས་པར་བྱེད། །ཆང་གིས་བསྒོས་པའི་འགྲམ ་པ་དག་ཏུ་བུང་བའི་ཚོགས་གཏིབས་གློ་བུར་གནག་གྱུར་བར་ཞིང་ཆེ་བའི་ལུས། །ལག་ལྡན་དབང་པོ་འོང་བ་གང་གི་མཚན་གྱི་ལྕགས་ཀྱུ་མནག་དཀས་བཏབ་ན་ཞུམ་ཞིང་སྐྲག་འགྱུར་པ། །འཇིག་རྟེན་དབང་པོའི་ཐུགས་རྗེས་རབ་འདོད ་ཡོ་བྱད་དེ་ནི་ཁྱེད་ཀྱི་འདོད་པའི་བྱ་བ་མཛད་གྱུར་ཅིག། སུད་ཅེས་དབུགས་ནི་འཇིགས་རུང་ཁྲོ་བའི་རང་གནས་ཟ་བས་བསྲེག་བྱེད་མི་ཆུང་དུག་གི་དུ་བར་ལྡན། །སོ་ཡི་བཟའ་བ་མཐོང་པས་མགོ་བོ་ཤིན་ཏུ་རབ་ཏུ་གདེངས་གྱུར་ཉེས་བྱེས ་སོ་རྩེ་ལྡན་པ་རྣམས། །རང་གི་མཚན་ནི་དུག་སོའི་དབང་པོའི་དགྲར་གྱུར་བློ་ལ་རྣམ་པར་བཞུགས་པས་ནུས་མེད་ཉམས་འགྱུར་བ། །འཇིག་རྟེན་དབང་དེ་ཀུན་གྱི་ཉོན་མོངས་ཕུང་པོ་ཤིན་ཏུ་མི་བཟང་མངོན་གྱུར་ཞི་བའི་སླད་གྱུར་ཅིག། །། ་སྤོས་དྲིས་རབ་ཏུ་བསླང་བའི་དྲེགས་པ་ཆེ་འཛིན་གླང་ཆེན་ཚོགས་རྣམས་ཟ་བར་སྒྲོགས་ཤིང་འཇིགས་པའི་ཤུགས། །ཁྲོ་བས་རྩེ་གཅིག་ཏུ་འགྲོ་མགྲིན་པའི་ཕུག་ཟབ་དག་ནས་དྲག་པོའི་ངར་སྒྲ་ཟབ་མོ་སྒྲོགས་བྱེད་པའི། །རི་དགས་དབང་པོ ་འཁོལ་བྱེད་ཀྱིས་བཀོལ་འོས་པ་ཉིད་དུ་གང་གི་ཡོན་ཏན་བརྗོད་པས་ལྡན་འགྱུར་པ། །ཡན་ལག་མཆོག་མཐོར་བདེ་གཤེགས་གནས་ཤིང་རྣལ་འབྱོར་ལྡན་ངེས་ཁྱེད་ཀྱི་ངན་པར་འབྲེལ་པ་སེལ་གྱུར་ཅིག། རབ་མང་གནོད་བ་རྗེས་སུ་དཔག ་བྱ་བརྩེ་བས་ཟད་པའི་སྙིང་ལྡན་འཇིགས་པ་སྒྲུབ་པར་བྱེད་གྱུར་པ། །མཁའ་ལ་གནས་ཤིང་རི་ཡིས་ཉེ་བར་གཞལ་བྱ་བུང་བ་མ་ཧེ་མངོན་འགྱུར་འོད་ལྟའི་ལུས་ཀྱི་ཚོགས། །སྦྱོར་ཐབས་ལེགས་ལྡན་སྒྱུ་མའི་རང་བཞིན་ལྟ་བུ་གང་ཞབས་བརྗོད ་པས་དམན་ཞིང་བརྩོན་འགྲུས་མེད་པ་དང། །རྣམ་པར་ཉམས་པར་བགྱིད་ལྡན་བདེ་བར་གཤེགས་པའི་གནས་ངེས་ཁྱེད་རྣམས་རྣམ་པར་རྒྱལ་བའི་སླད་གྱུར་ཅིག། གླང་ཆེན་ཚོགས་ཀྱི་ཆུ་སྲིན་རབ་རྒྱུ་རལ་གྲི་མདུང་རིངས་འོད་དང་ལྡན ་པའི་རྦ་རླབས་འཁྲུག་ཅིང་རྒྱུག། །།རབ་བསྐད་དཀར་ཞིང་གཡོ་བའི་ཏོག་གི་དབུ་བ་ལེགས་པར་གསལ་ལྡན་སྐྲག་པའི་གནས་ཀྱི་སར་གྱུར་པ། །མཚུངས་མེད་སྒྲ་རྣམས་ཡང་དག་འགྲོགས་པའི་སྡེ་བརྟན་ཆུ་བོ་དག་ནི་གང་ཞིག་བརྟན་པ ་ལེགས་པའི་གྲུས། །སྤྲོ་བ་དང་བཅས་ཡང་དག་རྒལ་འགྱུར་མཚོ་སྐྱེས་ཅན་ངེས་ཁྱེད་ཀྱི་བདེ་མིན་བདེ་བར་སེལ་གྱུར་ཅིག། །།ས་འཛིན་ཚོགས་རྣམས་འབྱེད་པའི་མཐུ་ལྡན་འོད་ཟེར་རབ་མང་འབྱོར་པའི་འོད་ལ་སྤྱོད་ཅིང་འཇིགས་བྱེད་པ། །རབ་ཏུ ་བཀྲ་བའི་མེ་འོད་རྣམ་འཛིན་འཇིགས་པས་མི་གནོན་འབྱུང་པོ་རྣམས་ནི་རྨོངས་ཤིང་འཁྲུལ་བསྐྱེད་པ། རྡོ་རྗེ་འཇིགས?་པའི་སྣོད་ཀྱི་མངོན་དུ་ལྷུང་བ་དག་ནི་གང་ལ་གུས་པའི་མཐུ་ལས་མྱུར་ཉིད་དུ། །རྣམ ་པར་ཉམས་པའི་སར་འགྱུར་མཛེས་ལྡན་མཚོ་སྐྱེས་འཛིན་པ་དེ་ཡིས་ཁྱེད་ཀྱི་སྲིད་པ་འབྱེད་གྱུར་ཅིག། །།ཀུན་ཏུ་གཟིར་བས་བརྟན་ཉམས་འཕོ་བའི་སྒྲུབ་བྱེད་ཉེ་གྱུར་ལྷ་ངན་འཁྲོས་པས་མ་བར་རྗེ་ཞན་གྱུར་པ་། ་ཟུག་གཟེར་མནག་དཀའ་དྲག་པོས་འགེག་བྱེད་རྣམ་པ་སྣ་ཚོགས་མང་པོའི་ནད་ཀྱིས་རབ་ཏུ་གཟིར་བའི་ལུས་།གང་གིས་བསམ་གཏན་དེས་བརྗོད་བདུད་རྩི་འཛིན་བྱེད་ཀྱིས་གཟུང་འགྲོ་བ་བློ་ལྡན་ཟུག་རྡུས་མི་རྫི་བར། ་ལྷག་པར་དགའ་བསྐྱེད་མགོ་ལ་སངས་རྒྱས་དེ་ཡིས་ཁྱེད་རྣམས་གློ་ནི་བྱང་ཆུབ་སླད་དུ་སྲུང་གྱུར་ཅིག། །།རེང་ནས་བོད་བཞིན་གཤེགས་པའི་ས་བདག་མཚུངས་མེད་དགྲ་རྣམས་ཉམས་ཤིང་རབ་ཏུ་གདུང་བར་བྱེད་པའི ་ཀླུ?། དྲག་ཏུ་ལེན་ཅིང་ཁྲིམས་ལུགས་གྲགས་པ་ཐ་མེས་བདག་པོའི་གྲགས་པ་ལས་རྒྱལ་ཁྲིམས་ལུགས་དག་དང་ལྡན། །འབྱོར་པ་རྣམ་ཀུན་བརླག་བ་བསྐྱེད་པའི་རྒྱུར་གྱུར་ཁྲོས་པའི་བློ་ཅན་གང་ཞབས་བརྗོད་པའི་ནུས་པ ་ཡིས། །མཆོག་ཏུ་མཛའ་བར་འགུགས་བྱེད་རྒྱལ་བའི་ཁྱུ་མཆོག་གནས་དེ་ཁྱེད་ཀྱི་འཇིགས་པ་ཡང་དག་འཕྲོག་གྱུར་ཅིག། །།ཚངས་པད་མན་པ་ཉིད་གྱུར་བླ་མ་ཡང་ནི་བླ་མ་ཡིན་དང་མ་ཉམས་པར་བརྗོད་ཉམས ་པ་ཉིད། །ཁྱབ་འཇུག་མི་སྨྲའི་དང་ཚུལ་དབང་ཕྱུག་ཀྱང་ནི་ཚིག་རྣམས་རྣམ་པར་འགོད་པའི་ཁེངས་པ་མེད་གྱུར་ལ། །ཚིམ་ཞིང་གསལ་བར་བསྟོད་འདོད་རྣམས་ཀྱང་དེ་ལྟར་ལྷ་རྣམས་གང་གི་ཡོན་ཏན་བརྗོད་ལ་མཁས་མིན ་ཏེ། །རྒྱལ་བའི་ཐུགས་ཀྱི་སྤྱོད་ཡུལ་ནང་གི་ཡོན་ཏན་ཚོགས་མངའ་ཕྱག་ན་པདྨ་དག་གིས་རྒྱ་ལ་གྱུར་ཅིག། །།ཡབ་ཀྱིས་ཡ་མཚན་ལ་སྟེ་ལྷ་དགྲའི་དགྲ་ཡིས་སྤྱོད་པ་དང་ནི་མིག་གསུམ་ལྡན་པས་མིག་དག་ལ། །རིགས་ཀྱི་དགྲ་ཡིས་རག ་ལ་བླ་མ་ཡིས་ཀྱང་གཤེགས་པ་ལ་སྟེ་མཚན་མོའི་བདག་པོས་ཀུན་ལའོ། །གྲོགས་པ་ཡིས་ནི་བྱམས་པ་ལ་སྟི་ཨ་ཏྲེའི་བུ་ཡིས་འགྲོ་ཀུན་བུ་ལྟར་གྱུར་པའི་མཉེས་གཤིན་ལ། །འདི་བསྟོད་བསྟོད་པའི་སྦྱོད་གང་མཛའ་ཡས་སྦྱིན་མཛད་ཕྱག་ན ་བསྐྱེས་དེ་ཡིས་ཁྱེད་རྣམས་སྲུང་གྱུར་ཅིག། །།གང་ལ་ཚངས་པས་རང་གི་ཞལ་རྣམས་མང་པོ་ཉིད་ལས་མང་པོ་ལེགས་པར་བཞེད་དང་ལྡན་པས་བསྟོད། །ཀུན་དགས་ཁེངས་ཤིང་ཕུང་པོས་ཀྱང་ངོ་ཀླུ་རྣམས་དག་གི་མགོན་པོས་ཀྱང་ནི ་སྤྱི་བོས་འདུད་པར་བགྱིད། །བརྒྱ་བྱིན་འདྲེན་བྱེད་བརྒྱ་ཕྲག་བཅུ་རྣམས་བསྔགས་པ་བགྱིད་ཅིང་གང་བ་རྣམས་གཟིགས་རྒྱུན་ཆད་མེད་པར་ནི། །འདྲེན་བྱེད་དགའ་བས་ཕྱག་འཚལ་བསྟོད་པའི་སྣོད་གྱུར་འཇིག་རྟེན་གཉེན་དེས་འཇིག་རྟེན་གསུམ ་རྣམས་སྲུང་གྱུར་ཅིག། །།པདྨ་འཛིན་པའི་གདུང་མེད་རབ་གསལ་འཇིག་རྟེན་པ་རྣམས་སྣང་བའི་དོན་དུ་ཡོད་པ་མིན་ནམ་ཞེས། །མཁའ་ཡི་ལམ་ལ་ཉི་མའི་འགྲོན་པོ་འདི་ནི་ངལ་ཞིང་སྣང་བྱེད་འོད་ཟེར་འབྲས་བུ་མེད་པར་ཀློང། །བློ ་ཡི་ནོར་ཅན་བློ་ལྡན་རྣམས་ཀྱིས་བསྟོད་པ་བགྱིས་པས་འདུན་སར་རགས་པའི་སྣང་བ་སྒྲུབ་བྱེད་ལ། །གང་གི་བཀའ་དྲིན་མྱུར་དུ་དག་རྣམས་ཉམས་པར་བྱེད་པ་དེ་ལས་འགྲོ་བ་དགེ་ལེགས་ལྡན་གྱུར་ཅིག། །།ཕུག་འོས་གང་ལ་ཕྱག ་འཚལ་བཀང་བ་ལས་ཀྱང་བསོད་ནམས་སྣོད་རྣམས་ཤིན་ཏུ་མཐོ་པ་ཉིད་འགྱུར་ལ། །ཐུན་མོང་མིན་པའི་མཆོད་འོས་གཅིག་པུ་མཆོད་ཀྱང་གུས་པའི་སྣང་རྣམས་ཉེ་བར་བསགས་པ་ཤིན་ཏུ་མད། །གང་གི་བསམ་གཏན་གནས་པ་ངན་པ་ཡིས ་ཀྱང་འབྱུང་པོའི་འཇིགས་པ་དག་ནི་འཕྲལ་ལ་བརྗེད་འགྱུར་ལ། །མཛའ་ཡས་བསམ་གྱིས་མི་ཁྱབ་འཇིག་རྟེན་ཕན་པའི་སྒྲུབ་ལ་འཇིག་རྟེན་མགོན་དེས་ཁྱེད་རྣམས་སྲུང་གྱུར་ཅིག། །།དབང་པོའི་རྡོ་རྗེ་བརྫུན་ཏེ ་ལྷ་ཡི་དགྲ་རྣམས་ཉམས་བར་གང་གིས་བྱས་ཤིང་སྟོབས་ལྡན་འཕྲོག་བྱེད་ནི། །ཤིན་ཏུ་རྣོ་ཞིང་ཡིད་འཕྲོག་མངོན་པར་མེ་ཏོག་མདའ་ཅན་དག་ལ་མེ་ཏོག་ཅན་ནི་འབྲས་བུ་མེད། །ཁྱབ་འཇུག་འཁོར་ལོ་ལ་ནི་འཁོར་ལོ་དོན་ཡོད་མིན་ཞེས ་སྐྱེ་བོ་ཚོགས་ཀྱིས་ངེས་པར་བརྗོད་ཅེས་ནས། །མཚོན་ཚོགས་བཟུང་བ་མེད་པར་དགྲ་ཡིས་སྐྱེ་བོ་དགའ་བས་བཅོམ་པ་མཚོ་སྐྱེས་ལྡན་བས་རྒྱལ་གྱུར་ཅིག། །།འཇིག་རྟེན་འདས་པའི་བདེ་བ་འཛིན་པར་གྱུར་ཀྱང་འགྲོ་བའི་སྡུག ་བསྔལ་དྲག་པོ་དག་གིས་སྡུག་བསྔལ་ལྡན། །རྟག་ཏུ་རྗེས་སུ་ཆགས་པ་བཏང་བར་གྱུར་ཀྱང་སྐྱབས་མེད་སྡུག་པའི་སྲོག་ཆགས་གཏོང་པ་དག་ལས་གྲོལ། །འཇིག་རྟེན་གསུམ་གྱི་མགོན་པོ་ཉིད་དུ་གྱུར་ཀྱང་མི་མཉམ་སྲིད་ལྡན་འགྲོ་ལ ་བརྟེན་ཞིང་འདུད་པ་བགྱིད། །མཆུ་དེས་བྲལ་བསམ་ཡས་སྤྱོད་པ་སྒྲུབ་མཛད་མགོ་ལ་སངས་རྒྱས་གང་དེས་ཁྱེད་རྣམས་ཡུན་རིང་སྲུང་གྱུར་ཅིག། །།རྒྱུན་མི་འཆད་བར་འཇིག་རྟེན་གསུམ་དུ་དཔེ་མེད་མཉེས་གཤིན་སྣུམ་བླུགས ་སྦྱར་བདག་ལས་ཞི་བར་ནི། །གང་ཞིག་མི་གཤེགས་སྟོབས་ལྡན་མི་ཆུང་མུ་སྟེགས་རླུང་འཚུབ་དག་གིས་རབ་ཏུ་རྣམ་པར་མི་གཡོ་ཞིང། །གཞན་ཕན་རྒྱུ་ལ་བརྩོན་པ་རབ་བརྟན་སྡོང་བུ་མི་ཉམས་འོད་ཟེར་དང་ལྡན་སྲིད་པའི་ཁང ་པར་ནི། །གཏི་མུག་མུན་ནག་རབ་ཏུ་འཐིབས་པ་སེལ་བྱེད་འཇིག་རྟེན་དབང་པོའི་སྒྲོན་མ་དེ་ཡིས་རྒྱལ་གྱུར་ཅིག། །།གང་དུ་འདི་ནི་ཀུན་ལ་བྱམས་ལྡན་མི་བཟང་མང་པོར་གྱུར་པའི་ཉོན་མོངས་དགྲ་རྣམས་ཅི་ལ་བསྲེག་།གང་དུ ་གྲོལ?་པར་ནུས་པའི་མཐུ་ལྡན་སྙིང་རྗེའི་ཞགས་པ་བརྟན་པོས་གཡོ་བ་མེད་པར་ཅི་ལ་འཆིང། །གང་དུ་བཏང་སྙོམས་ཕྱོགས་ཉིད་ལ་བརྟེན་གཞན་ལ་ཕན་པར་བགྱིད་སླད་ཅི་ལ་འཁྲུག་སྟེ་དེ་ཡི་ཕྱིར། །རྣམ་བཀྲ་ངོ་མཚར་ཕྱག་ན་པདམོའི་སྤྱོད་པ་འགྲོ་ལས ་འདས་པས་ཁྱེད་རྣམས་དམན་ལས་རྒྱལ་གྱུར་ཅིག། །།ཀུན་ལས་ཕན་ཞིང་ཀུན་གྱི་རང་བཞིན་དུ་གསལ་རྒྱ་ཆེ་ཚུལ་ལྡན་དུས་ཀུན་དུ་ནི་ཀུན་གྱི་མགོན། །ཀུན་གྱི་དོན་ཆེན་ཐམས་ཅད་སྒྲུབ་སླད་གང་ཞིག་འདུལ་བའི་སྒྲུབ་བྱེད་རྣམས་ཀུན་ནི ་སྟེར་བར་བགྱི། །བླ་མར་གྱུར་ཅིང་ཆེ་བའི་ཡོན་ཏན་ཀུན་གྱིས་ཀུན་ལས་འདས་ཤིང་ཁེངས་བ་ཀུན་ནི་ཞུམ་པར་བགྱིད། །ཀུན་ནི་ཀུན་ལ་རབ་སྦྱིན་མགོ་ལ་ཀུན་མཁྱེན་དེས་ནི་སྲིད་ཆེན་ཁྱེད་རྣམས་འབྲས་དང་བཅས་གྱུར་ཅིག། །།དབང་པོ་རྗེ ་བོ་སྐྱེ་དགུ་རྣམས་བདག་འཆི་མེད་བླ་མ་འཇིག་རྟེན་སྐྱོང་བ་ངག་དང་དབང་པོ་ཆེ། །འོད་ལྡན་དང་ནི་དགྲ་ཐུལ་དབྱུག་པ་གཞན་པས་རྒྱལ་པའི་སྟོབས་ལྡན་ལས་རྒྱལ་ནོར་སྦྱིན་རྒྱལ་བའི་ཞབས། །དོན་ལྡན་མིང་གི་སྣོད་ནི་རྒྱལ་བ་ཉིད ་ཅེས་ཁོར་བཤད་ཀྱིས་ཁེངས་འཁོར་གྱི་སྐྱེ་བོས་སྨྲས་པ་ལས། །ལྷ་མོ་སྐྱེ་བོ་ངོ་མཚར་གྱུར་རྣམས་གང་ལ་ཕྱག་བགྱིད་ཕྱག་ན་ཆུ་སྐྱེས་དེ་ཡིས་རྒྱལ་གྱུར་ཅིག། །།གཙོ་བོ་འཕགས་པ་རྣམས་ཀྱི་མཆོག་གྱུར་བསྡོམས་པ་དག་ནི་ཕ་རོལ་ཕོངས ་པ་རབ་ཏུ་སེལ་བའི་མཆོག། རབ་ཏུ་མང་བའི་མཆོག་སྦྱིན་རྒྱ་ཆེའི་ཚོགས་ཀྱི་ཆུ་ཡི་ཆར་དྲག་གསལ་ཞིང་ཆེ་བའི་རྒྱུན་ཚོགས་ཀྱི། །སྦྱིན་པའི་མི་དམན་རྒྱུན་འཛིན་གྱུར་ཅིང་བཟློག་དཀར་རབ་བརྟན་བདུད་ཀྱི་དགྲ་ཡི་དཔའ་བོས་མི་ཐུལ་བ། །དཔག ་མེད་འོད་ཟེར་འཛིན་པའི་དང་?་ཡིས་ནི་ཁྱེད་རྣམས་དག་གི་དཔའ་བོའི་དགྲ་རྣམས་བཟློག་གྱུར་ཅིག། །།གང་དུ་ཕྱག་ན་པདམོའི་མཛེས་ལྡན་ནུས་པ་མཆོག་གྱུར་མཐུ་དང་ལྡན་ཞིང་རྟག་ཏུ་སྦྱོར་བའོ། །འཁོར་པའི་ཆུ་བདག་ལམ་ཞགས ་འཇིག་རྟེན་མགོན་པོ་མཛའ་དག་མགོན་དང་བཅས་ཞེས་རྣམ་པར་བསམས་ནས་ནི། །སངས་རྒྱས་སྙིང་རྗེ་མ་ཆུང་ཀུན་གྱི་སྒྲོན་མར་གྱུར་པར་དོན་དང་ལྡན་པ་དམ་པ་ཅའི་ཁུར་པོ་དག། རྣམ་པར་དོར་ནས་ཡང་ཞིང་མྱ་ངན་འདས་པ ་འཐོབ་པར་དགྱེས་འཕེལ་དེ་ཡིས་ཁྱེད་རྣམས་སྲུང་གྱུར་ཅིག། །།འགྲོ་བའི་བྱ་བ་ཚོགས་ཀྱི་ཁུར་ནི་བླ་མར་གྱུར་པའི་པ་དེ་གཤེགས་བཞིན་དུ་གཙུག་གིས་ལེགས་པར་བླངས། །བསྔགས་པར་འོས་པ་པདམོའི་རྒྱན་ནི་གུས་པའི ་སྣོད་ལ་རང་ཉིད་བཞིན་དུ་ལག་ཏུ་ལེགས་པར་གཏོད། །སེམས་ཅན་ཚོགས་ཀྱིས་ཞི་བ་དག་ནི་དམྱལ་བ་རྣམས་ཀྱི་དམྱལ་མེ་བཞིན་དུ་ཡུན་རིང་འཐོབ་པར་བགྱིད། །གང་གིས་ཉོན་མོངས་རབ་འཆི་བ་རྣམས་ནི་ཤིན་ཏུ་མི་བཟང་འགྲོ་བ་བཞིན ་དུ་ཞི་མཛད་དེས་ཁྱོད་སྲུངས། །གང་ཞིག་སྒྱུ་ཅན་མིན་ཡང་རང་བཞིན་སྣ་ཚོགས་མཛའ་ཡས་སྟོན་བྱེད་གསལ་བར་གྲགས་པའི་སྒྱུ་དང་ལྡན། །འཇིགས་ཀུན་ཡང་དག་ཞི་ཡང་ཤིན་ཏུ་སྙིང་རྗེ་ལྡན་པ་ཉིད་ཀྱིས་འཇིགས་པར་གྱུར་བའི་ཀུན ་སྤྱོད་མཛད། །ཁྲོ་དང་བྲལ་བ་ཡིན་ཡང་གདུག་པའི་བསམ་པ་འདུལ་ལ་མཁས་པའི་ཁྲོ་བ་རྟག་ཏུ་རྗེས་སུ་འབྲེལ། །བསམ་གྱིས་ཁྱབ་པ་མིན་ཡང་ཆེན་པོས་བསམ་བྱ་མགོ་ལ་རྫོགས་སངས་རྒྱས་མཛེས་ལྡན་དེས་རྒྱལ་གྱུར་ཅིག། །། ་ཡན་ལག་དམ་པ་ཁོ་ན་མ་ལགས་སྐུ་ལུས་མཆོག་ཀྱང་དཔག་མེད་འོད་ཀྱིས་མངོན་པར་དགའ་བ་འཛིན། །གང་གི་པདམོ་ཁོ་ན་མ་ལགས་དགྲ་སྡེ་དག་ཀྱང་ཅི་འཇིགས་བཟོད་པར་དཀའ་བདག་ཀྱང་ས་རྣལ་མ། །གང་གིས་རལ་པ་ཁོ་ན་མ ་ལགས་ནུས་པ་དག་ཀྱང་འགྲོ་བའི་དགྲ་འཇོམས་བྱེད་པར་ཆོས་ཤིང་བསྡམས། །མཁས་པ་འཇིག་རྟེན་མགོན་འདིས་གཤིན་རྗེ་ཁྲོས་པའི་བཞིན་ནི་སྣང་བ་དག་ལས་ཁྱེད་རྣམས་བསྲུང་གྱུར་ཅིག། །།མ་ལུས་སེམས་ཅན་དོན ་ཀྱི་བྱ་བ་བགྱི་སླད་ནུས་པ་དག་ནི་ཀུན་ནས་རབ་ཏུ་བསྟར་བུས་ཤིང། །ཆོས་ཀྱིས་བསྡམས་པ་གང་གི་ཚེ་ན་སྲིད་པའི་ཆུ་གཏེར་དག་ནི་སྐམས་ཀྱིས་དོགས་ནས་འདར་བྱེད་ཅིང། །ཉོན་མོངས་དོན་མཐུན་རབ་འབྲོས་བྱང་ཆུབ་སེམས་དཔའ་ངལ་སོ་ཐུབ་པ་རྣམས ་ཀྱང་མྱ་ངན་འདས་པ་ལ། །དག་ཞེས་བསྔགས་ཤིང་གཞལ་བྱེད་མགོ་ལ་བདེ་གཤེགས་གནས་ངེས་ཁྱེད་ཀྱི་རབ་འདོད་དྲི་མ་ཞི་གྱུར་ཅིག་།།བགེགས་ཀྱི་ཚོགས་རྣམས་གནོད་པ་དག་གིས་རྣམ་བར་འཇོམས་པ་མི་བཟང་ཡིད་ཀྱིའང ་སྤྱོད་ཡུལ་མིན་པའི་ལས། །གཅིག་ཏུ་ངེས་པར་བདེ་བ་གཅོད་པའི་འགྲོ་བའི་དྲག་བོ་བཅད་པའི་ཕྱག་ན་པདམོ་ནི་དབང་མེད་མྱོས་བཞིན་ཤིན་ཏུ་འཇིགས་ལྡན་རྣམ་པར་མི་འགྱུར་གང་གིས་སྐོ་བྱེད་མགོན་པོ་དག་གི་ཡང། །ལྕི་བར་གྱུར་པའི་ཇོ་བོ་བརྩེ་བ་དེས་ནི ་ཁྱེད་རྣམས་བརྩེ་མེད་མཐར་བྱེད་དག་ལས་སྲུང་གྱུར་ཅིག་།།ཟིལ་གྱིས་མནན་པའི་ས་ཉིད་མ་ཡིན་ཤིན་ཏུ་འཇམ་པ་ཡིན་ཡང་ཇི་སྙེད་འཇིག་རྟེན་ཁམས་མཛའ་ཡས། །བརྩོན་འགྲུས་ཤིན་ཏུ་བཟློག་བྱ་མ་ཡིན་དུས་གཅིག་ལ་ཡང ་རབ་ཏུ་སྣང་བ་དག་གིས་ཁྱབ་པར་བྱེད། །མ་ལུས་ཤིན་ཏུ་གསལ་བ་མ་ཡིན་གཟི་ལྡན་གཟི་ཡང་མེ་ཁྱེར་འོད་ཀྱི་ཆ་ཤས་རྗེས་མཐུན་པ། །འཇིག་རྟེན་དབང་ཕྱུག་གཟི་བརྗིད་དེ་ཡིས་འཇིགས་པ་ཞི་སླད་ཁྱེད་ཀྱི་གཏི་མུག་མུན་ཆེན་འཕྲོག་གྱུར ་ཅིག། །།མ་ལུས་ནམ་མཁའ་ཨི་ཁམས་ནི་སྐྱེ་བོ་བཞིན་དུ་ཀུན་ནས་ཡོངས་སུ་རྫོགས་པར་བྱས་གྱུར་རེ་བའི་ཕྱོགས། །ལྟུང་བའི་ཕུང་པོ་ཐམས་ཅད་སྣང་བ་བཞིན་དུ་རྣམ་པར་ཉམས་བར་རབ་བརྩོན་ཕུལ་བྱུང་མེད་པར་བགྱིད། །གང་གིས་རྫུ་འཕྲུལ ་ཆེ་ལྡན་ཡིད་ཀྱི་བདུད་ནི་མུན་པའི་ཚོགས་དང་ལྷན་ཅིག་ཞི་བར་འགྲོ་བགྱིད་པ། །མཚོ་སྐྱེས་ལྡན་པའི་སྣང་བ་དེ་ནི་ཁྱེད་རྣམས་དག་ནི་རབ་མང་འབྱོར་པ་འཕེལ་བའི་སླད་གྱུར་ཅིག། །།གཞན་གྱི་འོད་རྣམས་ཉམས་བྱེད་དབང་ཕྱུག་ཅིག་ཤོས ་འོད་ཀྱིས་མཚུངས་དཀའ་མུན་པའི་བུང་པོའི་སྟོབས་འབིགས་ཤིང། སེམས་ཅན་འཆེ་བའི་བསམས་པ་ཅན་རྣམས་ཁྱད་པར་དུ་ནི་གདུང་བྱེད་བཀྲ་བའི་འོད་ཟེར་མི་ཉམས་པ། །སྣ་ཚོགས་མཛའ་ཡས་གཡོ་མེད་ལ་སོགས ་བསྒྲིབས་པའི་ཡུ་བ་རྣམས་དག་ན་གསལ་བར་བྱེད་བའི་ནུས་པའི་འཛིན། །འཇིག་རྟེན་དབང་པོའི་སྣང་བ་གཅིག་ཀྱང་འཆི་མེད་ཚོགས་མཚུངས་དེ་ནི་ཁྱེད་ཀྱི་འཇིགས་སེལ་སླར་གྱུར་ཅིག། གང་དུ་སེམས་ཅན་མ་ལུས་རབ་མང་འདོད་པའི ་ཆུ་ལ་ཆུ་བའི་བདེ་བ་རྙེད་དཀའ་ཕུན་ཚོགས་ཤིང། །དོན་མང་མུ་སྟེགས་ངན་པའི་སྐྱེ་བོ་རི་བོ་ལྟ་བུ་རྒལ་བར་དཀའ་བའི་གཏིང་དུ་འགྲོ་བྱེད་ལ། །བཟློག་དཀའ་ཀུན་ནས་རབ་རྒྱས་འགྲོ་བའི་སྲིད་པ་ཉམས་པར་བྱེད་པའི་རླབས་ཕྲེང་རབ་ཏུ་འཐེལ ་ལྡན་པ། །ཕྱག་ན་པདྨའི་འོད་ཟེར་ཆུ་གཏེར་ཁྱེར་གྱི་ནགས་མེའི་འཇིགས་པའི་སྲད་རྣམ་པར་འཕེལ་གྱུར་ཅིག་།ཆོས་ཀྱི་བདུད་རྩིའི་ཆུ་བོ་གདུལ་བྱ་ལ་ཡོད་གལ་ཏེ་དམྱལ་བའི་མེ་རྣམས་ཞི་བ་འདི་ནི་ཅི། །བཅིང་པར་བྱས་པ་རལ་པའི ་ཕུང་པོ་ལ་ཡོད་གལ་ཏེ་དགྲ་ཡི་ཚོགས་རྣམས་འགྲོ་བ་བྲལ་བ་ཅི། །སྤྱི་བོའི་ཁང་པར་རྒྱལ་བ་རབ་ལྕི་གནས་གྱུར་གལ་ཏེ་མགོན་པོ་འཇིག་རྟེན་གསུམ་རྣམས་དུད་པ་ཅི། །དེ་ལྟར་འཇིག་རྟེན་གཉེན་གྱི་རྣམ་པར་བཀྲ་བའི་ཐ་སྙད་དག ་གིས་ཁྱེད་ཀྱི་དགྲ་རྣམས་འཛམས་གྱུར་ཅིག། མངོན་པར་དགའ་བས་རྒྱས་པ་གཅིག་པུ་ཉིད་ཀྱང་སེམས་ཅན་བསམ་བའི་དབང་བྱས་རྣམ་པ་ཐ་དད་པ། །དབྱེ་དཀའ་ཡང་དག་མིན་པའི་རྟོག་པ་གཡོ་མེད་མི་གཡོ་དག་ལ་རྩོམ་པ་ཆེན ་པོ་རྡོ་རྗེའི་རྩེ། །དམ་པའི་བློ་གྲོས་ཀུ་མུ་ཏ་ལ་ཟླ་བའི་འོད་ཟེར་མུ་སྟེགས་དོན?་མེད་ཅན་བརྗོད་མུན་པ་ལ། །ཉམས་པར་བྱེད་པའི་ཉི་མ་འཇིག་རྟེན་དབང་པོས་གསུངས་པའི་བསྟན་པ་ཁྱེད་ཀྱི་སྲིད་འབྱེད་སླད་གྱུར་ཅིག། སྣ་ཚོགས་རྣམ་པར ་ཅོད་པའི་གནས་ཀྱི་འདུན་སར་འདུས་པ་རྒྱ་ཆེར་དྲེགས་པའི་ཆ་ལས་སྨྲས་པ་པོ། །བཟློག་དཀར་རབ་གྱུར་བསྙོན་པའི་སྒྲ་ཆེན་ལྡན་པ་རྐན་མིག་ལ་སོགས་དམན་པ་དང་བཅས་ཞུམ་འགྱུར་ཅིང། །བག་མེད་མྱོས་པའི་སྐྱེ་བོ་རྣམས་ཀྱིས་རྣམ་པར་ལྟུང་བ ་རབ་སེལ་མཁས་པ་རྣམས་ཀྱི་དགའ་བསྐྱེད་པ། །མགོ་ལ་རྒྱལ་བའི་སྐུ་ལུས་འོད་ཟེར་ཕུན་ཚོགས་དག་གི་དངོས་པོ་སྐྱེ་མེད་གསུང་ངེས་རྒྱལ་གྱུར་ཅིག། དགྲ་རྣམས་དངར་རྒྱལ་ལྡན་མཚོན་གང་འོད་ཟེར་ཚོགས་ནི་རབ་ཏུ་མཛེས་ཤིང་འགྲོ་བ་ ་དག་གིས་བསྟོད། །མྱ་ངམ་དམྱལ་བའི་གནས་རྣམས་དག་ལ་རྒྱ་ཆེར་གདུང་བ་རབ་ཏུ་འཇོམས་བྱེད་རྣམ་པར་རྒྱས་པའི་ཆུ། །དགྲ་ཡིས་འཕངས་པའི་མཚོན་ཕྲེང་དག་ལ་སྟོབས་ལྡན་རྡོ་རྗེ་སྲིད་གསུམ་མཛའ་དག་འཇིགས་པར་གྱུར་པ་རྣམས། ། ་ཉམས་པར་བགྱིད་པ་ལ་བསྔགས་ཕྱག་ན་པདྨའི་ཕྱག་ནི་ཁྱེད་རྣམས་ཆགས་ཉམས་མེད་པའི་སླབ་གྱུར་ཅིག། འཇིག་པའི་མཐོར་རླུང་དག་གིས་དཀྲུགས་ལྟར་ཡུལ་གྱི་རི་བོ་རབ་མཐོར་ལྗན་པའི་ཕྲེང་བའི་རྩ་བ་རྣམས། །རྩད་ནས་འབྱིན་པའི་སྟོབས ་དང་ལྡན་ཞིང་དགྲ་ཡི་གླང་ཆེན་དྲེགས་པ་ནི་ཆུང་ཉམས་པ་ཉིད་དུ་བགྱིད། །སློང་བའི་སྦྲང་རྩི་བྱེད་འགྲུགས་སྦྱིན་པའི་རྒྱུན་འབེབས་འཇིག་རྟེན་དབང་ཕྱུག་ཕྱག་གི་སྡོང་པོ་ལ་དགའ་པ། །བཟང་པོ་དག་ནི་ཁྱེད་ཀྱི་དགྲ་ཡི་གྲོང་ཁྱེར་སྲིད་པ་འཇོམས་པའི ་སླད་དུ་བརྟུལ་ཏེ་འཇུག་གྱུར་ཅིག། དམ་པའི་ཁོངས་ནི་གང་ཞིག་ནོར་ལ་སྲེད་ལྡན་སྐྱེ་བོའི་ཚོགས་ཀྱི་རེ་བ་མི་ཆད་གྲུབ་པའི་གཏེར། །གང་ཞིག་ཡུ་བ་དག་ནི་རྡོ་རྗེའི་རྗེས་མཐུན་དགྲ་རྣམས་སྐྲག་བགྱིད་འདབ་མ་དམ་པར་གྱུར་བའི་རྩེ། །ཡང་དག ་རྫོགས་པའི་བྱང་ཆུབ་དཔལ་མོས་གནས་བགྱིས་ཡོན་ཏན་བསྔགས་པར་འོས་ལྡན་རྣམ་པར་མ་བཏང་བ། །འཇིག་རྟེན་མགོན་པོའི་ཕྱག་གི་ཡོངས་རྫོགས་པདྨ་དེ་ནི་ཁྱེད་རྣམས་དག་གི་གྲོལ་བའི་རྒྱུར་གྱུར་ཅིག། རྟག་ཏུ་སྲེད་པ་རྣམ་པར་འཕེལ ་ཞིང་མགྲིན་བའི་ཕུགས་སྐབས་དམན་པར་གྱུར་པའི་ཡི་དགས་ཕུང་པོ་རྣམས། །ཀུན་ཏུ་དགའ་བ་སྐྱེད་བྱེད་དམ་པའི་བཅུད་ལྡན་མཆོག་ཏུ་བྱང་ཆུབ་དཔལ་མོ་ལྷག་པར་གནས་པ་ཅན། །འབྱོར་འདོད་ཡི་དང་ལྡན་པ ་རྣམས་ཀྱིས་ལེགས་པར་བསྟེན་གནས་དམ་པའི་པདྨ་གསལ་ཞིང་མཛེས་པ་ཡི། །ཚོགས་ཀྱིས་རབ་སྒྲས་ཟེ་བ་དང་ལྡན་འཇིག་རྟེན་དབང་པོའི་ཆུ་སྐྱེས་གང་ངེས་ཁྱེད་རྣམས་སྲུང་གྱུར་ཅིག། ཉོན་མོངས་ཉི་མ་སྡུག་བསྔལ་ཚོགས་ཀྱི ་འོད་ཟེར་ཆུད་པ་མ་ཡིན་སྟུག་པོར་གྱུར་པའི་ཚ་གདུང་གིས། །གདུང་ཞིང་དམན་པའི་སྐྱེ་བོ་གང་དག་རྣམས་ལ་ཚང་པའི་གདུགས་དང་མཚུངས་པར་རྗེས་སུ་སྒྲུབ་བྱེད་ཅིང། །མི་དམན་གདུང་བར་མི་འགྱུར་མ་ལུས་འཇིག་རྟེན་དག་ལ ་མ་ཚང་མེད་འོད་སྟེང་གི་བླ་རེར་བྲེས། །འཇིག་རྟེན་དབང་པོའི་ཕྱག་ན་འབྱོར་བའི་དྲི་མེད་པར་མོས་ཁྱེད་ཀྱི་སྡིག་པ་ཉམས་པར་འགྲོ་གྱུར་ཅིག། སྟོབས་རྣམས་ཀྱི་གནས་བདག་ཉིད་ཆེ་རྣམས་ཆེ་བར་དར་བའི་གཞི་དང་འོད་ཟེར་གྲགས ་བདག་གི་ཁྱིམ། །དགྲ་རྣམས་སྐྲག་པར་འགྱུར་བའི་གནས་དང་མནག་པར་དཀའ་བའི་འཇིགས་པ་འཇོམས་པའི་ས་གཞི་ཉིད་གྱུར་པ། །སྡུག་ཅིང་མཛེས་པའི་བསྟི་གནས་དང་ནི་འགྲོ་ལས་འདས་པའི་བརྩོན་འགྲུས་ཕུང་པོ་རྒྱ་ཆེར་གྱུར ་པའི་གནས། །འཇིག་རྟེན་དབང་པོའི་དཔུང་པ་འགྲོ་བ་རྣམས་ཀྱི་དགྲ་མང་ཚང་གཅོད་གཏུམ་པོའི་དབྱུག་པ་ཉིད་གྱུར་ཅིག་།གང་ཞིག་རྣམ་མཛེས་བདུད་རྩིའི་རྒྱུན་གྱི་འགྱུར་བག་ལྡན་ཡང་དགྲ་བོ་རྣམས་ནི་འཇིགས་པ་ཁོ་ནར་བགྱིད།། ་མཐོང་བ་རྩོལ་བར་བགྱིད་པ་མིན་ཉིད་དེ་ལྟ་ན་ཡང་ལྟ་བྱེད་རྣམས་ཀྱི་དགའ་བ་ཉུང་བ་མིན། །རྒྱན་རྣམས་ཀུན་གྱིས་རབ་ཏུ་མཛེས་པའི་ཁང་པ་ཡིན་ཡང་འགྲོ་ཀུན་རྒྱན་རྣམས་མཛེས་དང་གྲལ་བར་བགྱིད། །འོད་ལྡན་ཆུ་སྐྱེས་ཅན་གྱི་གོས ་ནི་གཅིག་བུ་དེ་ཡིས་ཁྱེད་ཀྱི་བདེ་མིན་བདེ་བར་སེལ་གྱུར་ཅིག། གང་ཞིག་རབ་མཛེས་རྒྱ་མཚོར་གཟུགས་ཀྱི་མངོན་པའི་ང་རྒྱལ་ནུབ་ཅིང་བསོད་ནམས་སྣོད་ཀྱི་ལྷ་བྱེད་རྣམས། །འགྲོ་བ་འབྲས་བུ་དང་བཅས་སྲེད་པ་སྐྱེས་པ་ཡང་ནི་མི་གནས་རབ་ཏུ་གཡོ་བས ་འཇོམས་འགྱུར་བ། །མཚུངས་མེད་རབ་ཏུ་མཛེས་ལྡན་རི་བོང་མཚན་མ་ཅན་སོགས་གྲངས་མེད་རྣམས་ནི་གཅིག་ཏུ་བགྱིས་སམ་ཞེས། །རྣམ་བར་འགྱུར་ཞེས་དེ་ཡི་པདྨ་ལས་ཀྱང་རྒྱལ་ལྡན་ཕྱག་ན་པདྨའི་བཞིན་དེས་རྒྱལ་གྱུར་ཅིག། །གང་དུ་རྒྱུན་ཆད ་མེད་པར་མཛེས་པའི་ཆུ་ཚོགས་ལྡན་པའི་སྤྲིན་རྣམས་ཀྱིས་བསྒྲིབས་དགྲ་རྣམས་སྣོད་ལ་ནི། །ཤིན་ཏུ་རབ་གསལ་ལན་ཅིག་མ་ཡིན་འཚིག་པ་སྟེར་བའི་ཡུལ་ངན་དུ་གྱུར་ལུས་ཅན་རྣམས་ལ་ཡང། །ཤིན་ཏུ་རྗེས་འབྲེལ་དྲི་མ་མེད་པའི་སྣག་ཚའི ་འདམ་གྱི་ཚོགས་ཀྱིས་རབ་ཏུ་བསྒོས་རྣམས་འཁྲུ་བར་བགྱིད། །མགོ་ལ་སངས་རྒྱས་ཁང་པའི་བཞིན་ནི་ཤིན་ཏུ་བཞིན་བཟང་ཁྱེད་ཀྱི་རྣམ་བཀྲའི་བྱ་བ་མཛད་གྱུར་ཅིག། ཕྱག་ན་བཞེད་པའི་ཆུ་སྐྱེས་དག་གིས་སྐྱོ་བ་མེད་པའི་རལ་པའི་ཐོར་ཚུགས་དག་ནི ་རབ་གསལ་ཞིང། །ཆེ་བར་བརྩིགས་ཏེ་བཀོད་པའི་ནང་ན་རྣམ་བཞུགས་གསལ་བ་དང་འདྲེས་འོད་དཔག་མེད་ཀྱི་འོད་གསལ་ཚོགས། །ཐ་དད་དུ་བྱས་འོད་ནི་གསལ་ལྡན་གྱེན་དུ་བརྩམས་ཤིང་བཅིངས་པའི་སྟེང་གི་སྟུག་པོ་བཀོད་པ་ནི། །མཛེས་པས ་ཚིམ་པ་མི་མཐོང་དགྲ་རྣམས་རབ་འཇིགས་གསལ་ཞིང་སྒ་ལྡན་གོ་ཆས་ཁྱེད་རྣམས་སྲུང་གྱུར་ཅིག། རྒྱུན་ཆད་མེད་པར་རྣམ་འཕྲོ་ཤིན་ཏུ་ཀུན་དགའ་ཨི་རྒྱུར་གྱུར་འོད་དཔག་མེད་འོད་ཆུ་ཡི་ཚོགས་ལྟ་བུས། །བྲན་པ་ལས་ནི་ཤིན་ཏུ་ཕུལ་བྱུང་དག་ཅིང ་མཛེས་པའི་འཕལ་བ་རྙེད་གྱུར་ལྷག་པའི་དྲི་བཟང་ཅན། །ལྷ་ཡི་མེ་ཏོག་རྨད་བྱུང་ཚོགས་རྣམས་ཡོངས་སུ་རྫོགས་པའི་པདམོ་འཛིན་པའི་རལ་པ་དག་གི་ནི། །དཔག་བསམ་འཁྲི་ཤིང་ཚོགས་ནི་ཁྱེད་རྣམས་དག་གི་བསམ་པའི་དོན་རྣམས་ཕུན ་ཚོགས་འགྲུབ་པའི་རྒྱུར་གྱུར་ཅིག། གང་ཞིག་བཅིངས་པར་གྱུར་ཀྱང་རྣམ་པར་གྲོལ་བར་ངེས་པར་བགྲོད་བྱེད་གང་ཞིག་ལུས་ལ་ལྷག་གནས་པ། །གཞན་རྣམས་ངེས་པར་སྤངས་ཀྱང་ཐུན་མོང་མིན་པར་མགོན་པོ་འོད་དཔག ་མེད་ཀྱིས་རྣམ་པར་བརྒྱན་པར་མཛད། །དྲི་བཟངས་ཐམས་ཅད་སྤངས་ཀྱང་གང་ཞིག་མཚུངས་མེད་དྲི་བཟངས་མང་པོས་མ་ལུས་ཕྱོགས་རྣམས་བྱུགས་གྱུར་པ། །འཇིག་རྟེན་དབང་པོའི་ཤིན་ཏུ་ཆེ་བའི་རལ་པ་དེ་ཡིས་ཁྱེད་ཀྱི་ངེས་པར་ཐོབ་བྱའི ་འཆིང་བ་འཕྲོག་གྱུར་ཅིག། རལ་ཚོགས་མ་ལགས་སྐྱེ་བོ་མ་ལུས་རྣམས་ཀྱི་ཡིད་བཟངས་འཆིང་བར་བགྱིད་པ་ཞགས་པའི་ཕུང་པོ་ལགས། །མཛེས་སྡུག་མ་ལགས་འོན་ཀྱང་སྡུག་བསྔལ་མེ་ཡིས་རྣམ་བཅོམ་འགྲོ་རྣམས་གསོ་བྱེད ་བདུད་རྩི་དག་གི་རྒྱུན། །པདམོ་མ་ལགས་མ་རུངས་མཐར་བྱེད་རྟ་རྒོད་འདུལ་ལྕགས་རྒྱལ་བའི་རི་བོང་ཅན་སྦྱར་སྐྲ་ཡི་དཔལ། །ཁྱེད་ཀྱི་ཉོན་མོངས་སྐྱོན་རྣམས་ཤིན་ཏུ་འཇོམས་ཤིང་མངོན་པར་འདོད་པའི་དངོས་གྲུབ་སྦྱིན་པར་མཛད་གྱུར་ཅིག་། ་མ་ལུས་ཕྱོགས་རྣམས་སྲེག་བྱེད་ལྷག་པར་ཀུན་ཏུ་དམར་སེར་གཟི་བརྗིད་ལྡན་བ་རྣམ་པར་བཀོད་གྱུར་པ། །འཇིག་རྟེན་གསུམ་པོ་རྨོངས་ཤིང་འཇིགས་ལ་སྐྱབས་མེད་ཟ་བའི་ཚོགས་འབར་བསྐལ་པའི་མེ་ལྟར་བརྟག་བྱ་བ། །སོ་བསྡམས ་སྡང་མིག་རབ་ཏུ་འབར་བའི་རྟ་མགྲིན་དག་གིས་རྗེས་སུ་ཀུན་ནས་གཏང་དེ་གཟིགས་པ་ལས། །མཚུངས་མེད་བརྩེ་ལྡན་འཇིག་རྟེན་དབང་ཕྱུག་སྐད་ཅིག་འཇིགས་པའི་གཟིགས་སྟངས་སྐྱེས་པས་ཁྱེད་རྣམས་སྲུང་གྱུར་ཅིག། འཇིག་རྟེན ་རྣམས་ནི་བརླག་པར་རབ་གཏོད་གསལ་བ་མ་ལུས་ས་འཛིན་ཆེ་རྣམས་དེ་རིང་མྱུར་བར་ནི། །ཕྱེ་མར་འགྱུར་བགྱིད་འཛིན་པར་བྱེད་པ་ཡང་སྟེ་མཛའ་མེད་ཆུ་ཡི་གཏེར་རྣམས་སྐམ་པ་ཉིད་བགྱིད་པ། །དེ་ལྟས་གང་ཞིག་ཁྲོད་བཟུང་སྟེ ་ཁྲོ་གཉེར་རབ་རྒྱས་བསྡུས་གྱུར་འཇིགས་སུ་རུང་བའི་དཔྲལ་བ་ལས། །དེས་མཐོན་ལྷ་མོ་མཚུངས་མེད་དཔུང་སྟོབས་ཅན་གྱིས་མཐོང་ནས་སྐྲག་འགྱུར་མཚོ་སྐྱེས་ཅན་དེས་རྒྱལ་གྱུར་ཅིག། བསྟོད་འོས་རྣམས་ཀྱིས་བསྟོད་ཅིང་བླ་མ་རྣམས་ཀྱིའང་འགྲོ་བའི་བླ་མ ་ཕྱག་བྱ་རྣམས་ཀྱི་ཕྱག་བྱས་པ། །མི་ཉུང་བསྐལ་པར་བསྒྲུབས་པའི་ཟོལ་མེད་ནུས་ལྡན་མཛའ་དག་འགྲོ་བའི་སྐྱབས་གྱུར་མཚུངས་པ་མེད་པ་ཡིས། །བརྩེ་བ་རང་ཉིད་ལུས་ཅན་བཞིན་དུ་འཇིག་རྟེན་སྡུག་བསྔལ་བཞིལ་ཕྱིར་པདམོ་ཅན་ལས་ལེགས ་འཐོན་བ། །སྒྲོལ་མ་ཡིས་ནི་ཁྱེད་ཀྱི་འཁོར་བའི་བཙོན་རའི་ནང་དུ་ལྕི་བར་གྱུར་བའི་གདུང་བྱེད་འཕྲོག་གྱུར་ཅིག། ཚིག་མཛའ་ལྡན་པའི་ཚིགས་ཀྱིས་གྲངས་ནི་བགྲང་བར་ལྕི་ཞིང་ཚིག་བདག་མཆོག་གི་ཚིག་གིས་སྡེ་ཚན་ཡང། །རྗེས་སུ་གཟུང་བར་ནུས ་པ་མ་ཡིན་དང་པའི་འགྲོས་དང་དྲག་པོའི་ཚིག་རྣམས་ཀྱིས་ཀྱང་གསལ་པར་ནི། །བརྗོད་པར་རྟོགས་དཀའ་བརྗོད་བྱ་མིན་ཚོགས་ནི་ཆ་ཤས་ཆུང་ངུས་གུས་པས་བརྗོད་དེ་ཡོངས་རྫོགས་པ། །བདེ་གཤེགས་ཚིག་གིས་ཡང་དག་བརྗོད་བྱ་ཆུ་སྐྱེས་ལྡན ་པའི་ཡོན་ཏན་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག། །སྐྱེ་བ་སྐྱེ་བ་རྣམས་སུ་སྤྱན་རས་གཟིགས་དབང་གི་ཞབས་ལ་གུས་ཤིང་རང་བཞིན་ཤིན་ཏུ་དྲང་བ་དང། །བློ་གྲོས་མི་གཡོ་གཞན་ཕན་བླ་མའི་བྱ་བ་དག། བྱ་བར་ལྡན་ཞིང་སྙན་ངག ་མཁན་དཱུང་འགྱུར་བར་ཤོག། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ། །སྙན་ངག་མཁན་ཆེན་པོ་ཤཱི་བཛྲ་དེ་བ་ཞེས་བྱ་བས་མཛད་པ་རྫོགས་སོ། །།ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པ་དང་ལྡན་པས་སྤྲས་པ་བླ་མ ་དམ་པ་ཆོས་ཀྱི་རྒྱལ་པོ་དང། མིའི་དབང་པོ་དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས། །རྒྱ་གར་གྱི་མཁན་པོ་སྙན་ངག་མཁན་ཆེན་པོ་མཧཱ་པཎྜི་ཏ་ལཀྵྨཱི་ཀཱ་ར་དང། བོད་ཀྱི་ལོ་ཙ་བ་དགེ་སློང་ཤོང་སྟོན་གྱིས་བསྒྱུར་བའོ། །། ་འདིའི་བརྒྱུད་པ་ནི། སངས་རྒྱས། སློབ་དཔོན་བཛྲ་དེ་ཝ། ཀརྨ་ནཱ་ཐ། ཨཱ་དི་ཏྱ། མཧཱ་པཎྜི་ཏ་ཤྲཱི་བ་ན་རཏན་པཱ་ད:།། །།རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་སྟོ་ཏྲ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ། འཇིག ་