CLOSE WINDOW

N2344: 'phags pa spyan ras gzigs dbang phyug la tsarppa Tis bstod pa
Wyliee-texts based on the ACIP/ALL Input

པ། །པཎྜི་ཏ་ཆེན་པོ་ཨེ་ར་པ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ལོ་ཙ་བ་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།། །།འཕགས་པ་འཇིག་རྟེན་དབང་ཕྱུག་པ་བསྟོད་པ་གྲུབ་ཐོབ་ཆེན་པོ་ཙརྦབ?་ཏིས ་མཛད་པ་བཞུགས། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སྱ་ཙེརྦབ་ཊི་རུ་ཙི་ཏ་སྟོ?་ཏྲཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཙརྦབ་ཊིས་བསྟོད་པ། །འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ལྷ་མི་ལྷ་མིན་གྱིས ་ནི་ཞབས་ལ་བཏུང། །སྐྱེ་རྒ་ན་དང་འཆི་བ་རབ་ཏུ་བཅོམ། །ཐུགས་རྗེའི་དང་ཅན་འཇིག་རྟེན་དབང་པོ་ཁྱེད། །སྐྱབས་མེད་བདག་ལ་སྙིང་རྗེ་མཛོད་ཅིག་ཀྱེ། །ཉོན་མོངས་རླབས་ཆེན་ཚོགས་ཀྱིས་འཇོམས་བྱེད་ཅིང། །སྣ་ཚོགས་སྒྲ་སྒྲོགས ་འཁོར་བའི་ཆུ་གཏེར་དབུས། །བྱིང་བ་བདག་ནི་ཟུང་ལ་བསྲུད་བར་མཛོད། །བརྩེ་བ་ཆེན་པོ་ཁྱེད་ལ་བསྟོད་པ་བགྱིད། །སྲིད་པའི་མུན་པས་མིག་ལ་ཉེར་འཚོ་ཞིང། །འཆི་བའི་འཇིགས་པ་ཆེན་པོས་ལུས་ཉམ་ཆུང། །ཇི་སྲིད་མནར་མེད་མི ་མཉམ་འགྲོ་མིན་པར། །བསྲུང་ལ་བཅོམ་ལྡན་བདག་ལ་ཀུན་ཏུ་གཟིགས། །རྟག་ཏུ་གཞན་གྱི་བུད་མེད་གཟུང་བ་བྱས། །མི་ཤེས་བ་ཡིས་སྲོག་ཆགས་སྟོང་ཕྲག་བསད། །བདག་གིས་སྡིག་བྱས་དེང་དུ་མགོན་པོ་ཡིས། །ལུས ་ཅན་སྐྱོན་རྣམས་མ་ལུས་ཉམས་པར་མཛོད། །གང་ཞིག་འཚོ་བ་དང་ནི་བཀུར་སྟིའི་ཕྱིར། །བདེན་མིན་འཇིག་རྟེན་འདོད་པ་མིན་པ་སྨྲས། །དམྱལ་བ་ཡུན་དུ་གོམས་པའི་སྨྲ་བ་ཅན། །དེ་ཀུན་འཇིག་རྟེན་དབང་པོས་ཞི་བར་མཛོད། །བདག་གིས་སེམས་ཅན ་ཕན་མིན་གད་བསམས་དང། །གཞན་གྱིས་བྱས་ལའང་རྗེས་སུ་ཡི་རང་བ། །མགོན་པོ་དེ་ལ་དུ་བར་བགྱིད་པ་ན། །དེང་བདག་ཡིད་ཀྱི་སྡིག་པ་བསལ་དུ་གསོལ། །ལྷ་དང་མི་དང་ལྷ་མིན་རིས་རྣམས་དང། །དུད་འགྲོ་དམྱལ་བ་ཡི་དགས་འགྲོ་བར ་ནི། །གནས་ཤིང་རྟག་ཏུ་གདུང་བའི་སེམས་ཅན་གང། །ཁྱོད་ནི་དེ་རྣམས་བསྲུང་ཞེས་བདག་ལ་གྲགས། །དེ་ཕྱིར་གཞོན་དུ་ཉིད་སྲོད་ཡུས་ལ་ནི། །ཐུགས་རྗེའི་གཟིགས་པ་བདག་གི་སྟེང་སྤྲོས་ཤེས། །དམྱལ་བར་ཞུགས་པ་མིན་པ་ཇི་སྲིད ་དུ། །སྨྲ་བར་བགྱི་ཡིས་བཅོམ་ལྡན་ཁྱེད་ཀྱིས་གསོན། །འོན་ཀྱང་གཞན་གྱི་དོན་ལ་བཏང་སྙོམས་པ། །དོར་ཞིག་བཅོམ་ལྡན་བདག་དོན་མ་མཛད་དོ། །ཡང་ན་བརྩེ་བའི་དབང་གྱུར་ཁྱོད་ཀྱིས་ནི། །བསོད་ནམས་བསྐྱེད་མཛོད་རྒུད་པ་མ་གཟིགས ་སམ། །དྲན་པས་ཀྱང་ནི་ཁྱོད་ནི་ཡོངས་ཚིམ་ན། །སྡིག་པ་དོར་བར་མཛོད་ཅིག་མ་གཟིགས་སམ། །དེ་སླང་བཅོམ་ལྡན་གཞན་ཕན་ལ་མཁས་པ། །བདག་ནི་འདོར་བར་མ་མཛད་འདི་རུ་བསྲུངས། །གླང་ཆེན་རྟ་དང་བུང་བཅས་ཆུད་མ་དང།། ་དམག་བཅས་རྒྱལ་སྲིད་ཁང་པ་སྣ་ཚོགས་དང། །ཤ་རུས་མགོ་དང་ཁྲག་གི་མཐར་ཐུག་པ། །དོན་དུ་གཉེར་ལ་མཛའ་དག་ཁྱོད་ཀྱིས་བྱིན། །སུ་ཞིག་འཇིག་རྟེན་དབང་པོ་ཁྱོད་མཉེས་བྱེད། །རི་ལུ་མིག་སྨན་འཆིལ་ལྷམ་གྲུབ་པ་དང།། ་གྲུབ་པའི་སྨན་དང་ནོར་བུ་རྣམ་དག་སྔགས། །གནོད་སྦྱིན་མོ་དང་གྲོད་འཇུག་སྒྲུབ་བར་བྱེད། །གང་དག་མིག་དང་རྐང་ལག་སྨན་པ་ཡི། །སྣ་ཚོགས་ནད་ཀྱི་འཇིགས་ཆེན་ཉམས་ཐག་པ། །ཁྱོད་མཉེས་ན་ནི་དེ་རྣམས་ཡོངས་རྒྱས་ལུས།། ་རྣམ་སྒེག་ནད་མེད་ཡོན་ཏན་ཟབ་མོར་འགྱུར། །ཁྱོད་དགྱེས་གང་ལགས་རྒྱལ་འགྱུར་ག་ར་ཌ། །གཅན་གཟན་གཟའ་དང་མཁའ་འགྲོ་རྣལ་འབྱོར་མ། །རྟག་ཏུ་ཞི་འགྱུར་དེ་ཡི་མདུན་དུ་ནི། །གཤིན་རྗེའི་ཕོ་ཉ་རྒྱུ་བར་མི ་བྱེད་དོ། །འཇིག་རྟེན་དབང་ཕྱུག་དགྱེས་བཞིན་སྐྱབས་མེད་བདག་།འདོར་བ་ཅི་ཞེས་བཅོམ་ལྡན་བདག་སྨྲེ་ཏེ། །ཉི་མ་སོ་སོར་ལག་པ་བསྒྲེང་བྱས་ནས། །ཚིག་འཁྲུགས་པ་ཡི་སྐྲག་པ་ཞི་བར་མཛོད། །འཁྲུགས་པའི་ལུས་ཀྱིས་སོང་བའི་སྐྱེ ་བར་བདག། ཡུལ་དྲུག་ལ་ནི་དབང་པོ་གཡོ་བའི་ཡིད། །སྡིག་པ་མད?་བྱས་འདིར་ནི་མ་ལུས་པ། །བཀྲེས་པའི་རྒྱུ་ཡིས་འཁོར་ཞིང་རྣམ་པར་འཛིང་ས། །གང་གིས་ངན་སོང་སྡུག་བསྔལ་མ་མྱོང་བར། །བདེ་འགྲོ་མངོན་སུམ་འགྲོ་དེ ་ཁྱེད་ཀྱིས་མཛོད། །དེང་བདག་འཇིག་རྟེན་དབང་ལ་ཕྱག་དང་ཞིང། །སྣ་ཚོགས་ཐལ་སྦྱར་འདི་ནི་ཕྱག་གིའོ། །ཁྱོད་ནི་རྨོངས་དང་ལྡང་བ་འཇིག་པའི་རྒྱུ། །འཁོར་བའི་ཆུ་གཏེར་ཆེན་པོའི་ཟམ་པ་ལགས། །ལྟུང་ཞིང་སྐྲག་པ་སྟོང་པའི་དཔུང ་པ་ཁྱོད། །སྡིག་ལྕི་མཚན་མོར་བྱེད་པའི་སྒྲ་གཅན་ནོ། །བླ་མེད་བདེ་གཤེགས་ཀྱིས་གསུངས་དེ་ཉིད་ཀྱིས། །ཁྱོད་ཀྱིས་སེམས་ཅན་སྡུག་བསྔལ་མང་པོ་སྐྱངས། །རྒྱལ་དཀའ་ཡིད་བསྲུབས་བདུད་ལས་ཁྱོད་རྒྱལ་ཏེ། །ཀུན་ཏུ་གྲོལ་བ་སྲིད ་མཚོའི་ཕ་རོལ་ལོ། །ནད་ཀུན་གཅོད་པར་མཛེད་པ་ཁྱོད་ཀྱི་སྐུ། །མ་ལུས་འགྲོ་བར་མཆོག་ཏུ་ལུས་མཛེས་པ། །བཅོམ་ལྡན་དཔེ་མེད་སྙིང་རྗེའི་སིན་དྷུ་ཁྱོད། །རྒྱུ་མེད་གཉེན་དུ་སྐྱེ་བ་རྣམས་ལ་གྲགས། །རོལ་པས་དབང་པོ་འཇོམས་ཤིང ་རྣམ་པར་འབྱེད། །ཁྱོད་ནི་ཡུལ་ལ་ཀུན་ནས་ཆགས་པ་འདིར། །ལྷ་ཡི་བསམ་གཏན་མཉམ་བཞག་ཁྱོད་ཀྱི་ཐུགས། །ནོར་ནི་སློང་བ་པོ་དང་ཐུན་མོང་ལགས། །བརྩེ་ལྡན་ཁྱོད་ནི་གཞན་ལ་ཕན་མཛད་ཀྱང། །གཏི་མུག་ལྟོ་འཕྱེ་ཆེན ་བོས་སོས་ཟིན་ཅིང། །ཡུལ་ལ་ཀུན་རྟོག་དགེ་བ་ལས་ལྟུང་བ། །བདག་ནི་ཚིམ་པར་མི་མཛད་ཅི་ལྟར་ལགས། །མཛའ་དག་འགྲོ་པའི་དོན་བསྟེན་སྙིང་རྗེ་གང། །ཁྱོད་ཀྱིས་སྤྲོས་དེ་ངེས་པ་ལགས་སམ་ཅི། །ཁྱོད་གྱི་སྤྱན་སྔར་སྣ་ཚོགས་སྒྲ་སྒྲོགས ་པའི། །སྡིག་ལྡན་བདག་ལས་གང་ལས་བསྲུང་མི་མཛད། །མགོན་ཁྱོད་སྙིང་རྗེ་ནམ་མཁའ་ལས་ཡངས་ཏེ། །སེམས་ཅན་རྣམས་ལ་ཆུ་འཛིན་ཆུ་རྒྱུན་ལྟར། །མྱ་དམ་ཆུ་དང་མཐོ་དམའི་ཡུལ་ཀུན་ཏུ། །མ་ལུས་ཉིན་མཚན་པར་མེད་འབེབ་པར ་འགྱུར། །བཅོམ་ལྡན་དྲན་ལས་བདག་གི་བསོད་ནམས་གང། །དེ་ནི་འགྲོ་འདིས་བདེ་བླག་ཐོབ་གྱུར་ཏེ། །དཔལ་ལྡན་པོ་ཏ་ལ་ཡི་རི་བོར་གནས། །མཛེས་ཤིང་སྣ་ཚོགས་རོལ་པས་སྐྱེ་བར་ཤོག། འཕགས་པ་འཇིག་རྟེན་དབང་ཕྱུག་གི ་བསྟོད་པ་གྲུབ་ཐོ་བ་ཆེན་པོ་ཙརྦབ་ཊིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་བཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང། ལོཙྪ་བ་འགོས་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། །།!། །འཇིག་རྟེན ་