| Wylie | e-texts based on the ACIP/ALL Input |
པ་ཞབས་ཀྱིས་བསྟོད་པ་རྫོགས་སོ།། །།སྒྲ་མཁན་ཆེན་པོ་རྒྱལ་བ་སྙན་གྱི་ཞལ་སྔ་ནས། །ལོ་ཙ་པ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའོ། །།!། །རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷ་པཱ་ཤ་པ་ཉྩ་དེ་བ་སྟོ ་ཏྲ། བོད་སྐད་དུ། །ཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ། །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ་ལ་ཕྱག་འཚལ་ལོ། །སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་གདུངས་ལ། །ཐུགས་རྗེའི་ཆར་རྒྱུན་བསིལ་བས་ཞི་མཛད་ཅིང། ། ་རང་བཞིན་བདེ་ལྡན་གནས་སུ་འདྲེན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་ཞགས་པས་འགྲོ་ཀུན་གྱི། །གནོད་པ་དེས་སེལ་བདེ་ལ་འགོད་མཛད་ཅིང། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད ་པ། །དོན་ཡོད་ཞགས་པར་གྲགས་ལ་ཕྱག་འཚལ་ལོ། །མ་ཆགས་པད་མའི་རིགས་ཀྱི་སྦྲུལ་པ་སྟེ། །ཀླུ་རྒྱལ་ཚུལ་གྱིས་གདུགས་པ་འདུལ་མཛད་པ། །དབང་ཆེན་བསྐལ་པའི་མེ་ལྟར་རབ་སྦྱིན་འབར། །ཁྲོ་རྒྱལ་རྟ་མགྲིན་རྒྱལ་ལ་ཕྱག་འཚལ ་ལོ། །ཆོས་ཉིད་སྤྲོས་བྲལ་རོ་གཅིག་མངོན་གྱུར་ཚུལ། །རལ་པ་གཅིག་འཆད་ལྷ་མོའི་སྐུར་སྟོན་ཅིང། །བགེགས་ཚོགས་འདུལ་ཕྱིར་ཁྲོ་མོའི་ཆ་ལུགས་འཛིན། །རལ་པ་གཅིག་མ་ཁྱེད་ལ་ཕྱག་འཚལ་ལོ། །དུས་གསུམ ་རྒྱལ་པའི་ཡོན་ཏན་གཞིར་གྱུར་ཅིང། །སྐལ་ལྡན་རྗེས་མཐུན་འགྲོ་དོན་མཛད་ལ་བརྩོན། །མགོན་པོའི་འཕྲིན་ལས་མ་ལུས་རྫོགས་མཛད་མ། །ལྷ་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད ་པ། །པཎྜི་ཏ་ཆེན་པོ་ཨེ་ར་པ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ལོ་ཙ་བ་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།། །།འཕགས་པ་འཇིག་རྟེན་དབང་ཕྱུག་པ་བསྟོད་པ་གྲུབ་ཐོབ་ཆེན་པོ་ཙརྦབ?་ཏིས ་