CLOSE WINDOW

N2331: bcom ldan 'das 'phags pa 'jam dpal gyi bstod pa byin brlabs dang bcas pa
Wyliee-texts based on the ACIP/ALL Input

རྫོགས་སོ། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀར་ཤྲི་ཛྙཱན་དང། ཞུ་ཆེན་གྱི་ལོ་ཙ་པ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། བྷ་ག་བཱན་ཨཱརྱ་མཉྫུ་ཤྲཱི་སྭ་ཨ་དྲི་ཥྚཱན་སྟཝ་ཏི། ་བོད་སྐད་དུ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱེ་བ ་རྣམས་ཀྱིས་བསྟོད་པར་གྱུར་མོང་དེ་ལྟ་ནའང། །བསམ་པ་བླུན་པོའང་བླ་མ་ལ་གུས་དབང་གིས་ཀྱང་ནི་ཁྱོད་ཀྱི་ཡོན་ཏན་བརྗོད་བགྱི་སྟེ། །རབ་ཏུ་དྲེགས་བཅས་དང་པའི་རྒྱལ་བོའི་སྡེ་དག་གིས་བསྟེན་ཆུ་དང་ལྡན་པའི་ཡིད་བཞིན་མཚོར། བཞད ་རྣམས་ཀྱང་ནི་ཡིད་ལ་རབ་ཏུ་དགའ་བ་བསྐྱེད་དེ་རྒྱུ་ཞིང་རྣམ་པར་གནས་པར་བགྱིད། །ཟུར་ཕུད་གསལ་ལྡན་གསེར་མཆོག་སྙན་ཆས་ལེགས་པར་རྣམ་རྒྱན་མགུལ་ནི་རབ་ཏུ་སྒེག་བཅས་ཤིང། །སྙན་གྱི་གང་རྒྱན་ཨུཏཔ་ལ་མཛེས་འདྲ ་མདའ་སླད་ཁྱོད་ནི་གཞོན་ནུར་རབ་གྲགས་དེ་ལྟ་ནའང། །ཀུན་ཏུ་བཟང་པོ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་འཛིན་སོགས་རྔ་ཡབ་མཆོག་ཏུ་མཛེས་འཛིན་པའི། །མཁས་པ་རྣམས་ཀྱིས་བླ་མ་ལྟ་བུར་འཁོར་གྱི་དཀྱིལ་འཁོར་རྣམས་སུ ་ཁྱོད་ནི་བསྟེན་པར་གྱུར། །དོ་ཤལ་ཕྲེང་བའི་སིལ་སིལ་སྒྲོགས་བྱེད་མཆོག་ཏུ་དགའ་སྐྱེད་སྙམ་གདུབ་མདའ་བ་སྤྱི་གཙུག་གི། རིན་ཆེན་འོད་མཛེས་འཕྲོ་བ་དང་ལྡན་གཞོན་ནུའི་ན་ཚོད་དགེ་ལེགས་མདའ་བ་གདན་ཡང། །བཅོམ ་ལྡན་ས་གསུམ་དག་ན་གུས་པས་ཕྱག་བྱར་འོས་པ་ཁྱོད་ནི་རྩེ་གཅིག་ཉེར་ཞི་ཡི། །སྣོད་གྱུར་མཆོད་པར་འོས་འདི་གང་ནའང་དེ་སླད་དུ་ཞིག་ངོ་མཚར་ཅི་ཕྱིར་སྐྱེ་མི་འགྱུར། །ཤིན་ཏུ་རྣམ་འགྱུར་བཞིན་ལྡན་སྤྲུལ་སྟོང་དྲག་གི་ཆུན་པོ ་གདུད་བུར་བྱས་པ་འཛིན་མཛད་ཅིང། །རྣོ་བའི་མཚོན་བསྣམས་གཡུལ་དོར་རབ་དཔའ་གཤིན་རྗེ་རྣམས་ནི་རབ་ཏུ་སྐྲག་པར་མཛད་པ་ཡི། །མི་བཟད་འཕགས་པ་གཤིན་རྗེའི་གཤེད་དང་བཅས་པར་འགྱུར་ཀྱང་ཁྱོད་ནི་ཞི་བའི ་དཀྱིལ་འཁོར་ཏེ། །ཆ་ཡི་ཚོགས་ཀུན་ཡོངས་རྫོགས་ལུས་ལྡན་སྟོན་ཀའི་ཟླ་བ་ཉེ་བ་ལྟ་བུར་གྱུར་པ་ལགས། །ཁྱོད་ནི་ཆོས་ལམ་ཉེ་བར་སྟོན་ལ་མཁས་ཀྱང་ཆོས་འདིར་འགའ་ཡང་གཟིགས་པ་ཡོད་མ་ཡིན། །ཁྱོད་ནི་སེམས་ཅན་ཕན ་ལ་དགྱེས་ཀྱང་སེམས་ཅན་ཉིད་ནི་འགའ་ཡང་དམིགས་པར་གྱུར་མ་ལགས། །བདག་ཤེས་དགྱེས་པ་ཕན་ཚུན་དུ་ནི་མི་འགྲིགས་འགྱུར་བའི་མཛད་སྤྱོད་མང་པོ་འདི་འགལ་བས། །ཁྱོད་ནི་ས་གསུམ་ངོ་མཚར་རྒྱུ་གཅིག་གྱུར་པ་དེ་སླད ་ཁྱོད་འདིར་བསྙེན་པར་བགྱིད་པ་ལགས། །གཞན་དོན་འབྲས་བུ་སྨིན་པས་ཤིང་བཞིན་རྣམ་པར་གནས་པས་གངས་ཆེན་ལྟ་བུར་གྱུར་པ་སྟེ། བསྟན་པ་ཡི་ནི་རི་རབ་དང་འདྲ་གྲུབ་པས་བསྟེན་པས་རི་རྒྱལ་མ་ལ་ཡ་དང་མཚུངས། །གཏི ་མུག་རབ་རིབ་ཞི་བར་མཛད་པས་ཉི་མ་བཞིན་ཏེ། ཕུན་སུམ་ཚོགས་གཟུགས་ཟླ་འདྲ་ཡི། །མགོན་ཁྱོད་གཞན་དོན་མཛད་སླད་འགྲོ་ན་བྱིས་པ་འོལ་འདྲའི་མཛད་པ་ཡིས་ནི་རྣམ་པར་རྒྱུ། །དྲི་ཞིམ་གྱིས་བསྒོས་མཆོག་ཏུ་མཛེས་པའི་ཨུཏཔལ་སྔོན ་པོ་བསྣམས་པས་རྫིང་བུ་ལྟ་བུ་སྟེ། ཤིང་ཏུ་རྣམ་སྒེག་ཚུལ་དང་ལྡན་པས་ཡུལ་གྱི་བྱིས་པ་ལོ་བརྒྱད་ལོན་པ་དང་འདྲ་ཞིང། །ཆོས་ཆར་དྲི་མ་མེད་པ་འབེབས་པས་ཆང་སྤྲིན་འབྲུག་སྒྲ་རབ་ཏུ་སྒྲོགས་པ་ལྟ་བུ་དང། །ངང་པའི་རྒྱལ་པོ་ཡིད་འོང ་སྒྲ་སྐད་ཟིལ་གནོན་གསུང་མངའ་ཁྱོད་ལས་སུ་ཞིག་བསྙེན་མི་བགྱིད་སྐད་ཅིག་ཉིད་ལ་ཡོངས་སུ་འབར་གྱུར་གཏི་མུག་རབ་རིབ་སྐད་ཅིག་ཉིད་ལ་ཟད་གྱུར་ཅིང། །ཐམས་ཅད་དུ་ནི་ལེགས་པའི་ལམ་སྟོན་བདེ་གཤེགས་སྡིག་མེད་མྱ ་ངན་འདས་པར་གྱུར་པ་ན། །གཞོན་ནུའི་ཚུལ་འཛིན་འོད་ཟེར་སྟོང་ཕྲག་འབར་བའི་རྒྱན་གྱིས་ལེགས་པར་སྤྲས་པར་གྱུར་པ་ཡིས། །ཁྱོད་ཉིད་གཅིག་པུ་ཕྱོགས་བཅུ་རྣམས་ན་ད་ལྟ་མཆོག་ཏུ་སྣང་བར་མཛད་པ་མ་ལགས་སམ། །མགོན ་པོ་ཀྱེ་མ་ཁྱོད་གཟུགས་རི་མོར་བྱས་པས་ཀྱང་ན་ཇི་ལྟར་ཚིམ་པ་སྐྱེད་བྱེད་ལྟར། །སྟོན་ཀའི་མཚན་མོ་དཀར་ཞིང་རབ་ཏུ་མཛེས་པར་གྱུར་པ་ཟླ་བའི་དཀྱིལ་འཁོར་མ་ལགས་ཏེ། །ུཏཔལ་སྔོན་པོ་མཛེས་པའི་དྲི་དང་ཞིམ་པོས་བསྒོས ་པའི་སེར་བུའི་དང་ཀྱང་མ་ལགས་ཤིང། །ལྷ་ཡི་བུ་མེས་བསྟབས་པར་གྱུར་པའི་ཧ་རི་ཙན་དན་དྲི་བཟང་ལྡན་པའང་དེ་ལྟ་མིན། །གཞོན་ནུ་ཁྱོད་ཞབས་སེན་མོའི་འོད་ཟེར་ཕྲེང་བ་རྒྱ་ཆེན་ཐུན་མཚམས་ཤར་ཟླ་འོད་བཞིན། །ཤིན་ཏུ་ཡིད ་འོང་དཀར་དམར་མདོག་ཅན་རབ་ཏུ་ད་ལྷ་དང་ལྷ་མིན་གཙུག་ནོར་འོད་ཟེར་དང། །འདྲེས་པས་གང་རེག་རལ་པ་ཅན་གྱི་མི་དེ་དག་ཀྱང་སྐྱེ་བོ་ཀུན་གྱིས་ཕྱག་བྱར་འོས། །མགོན་པོ་ཁྱོད་ཀྱི་སྔགས་འཛིན་གྲུབ་པ་ཐོབ་ནས་རབ་ཆགས་སྒེག་པ ་ལས་བྱུང་བའི། །གོམ་ཚུགས་ཀྱིས་འགྲོ་རྒྱན་ཕྲེང་རྐང་གདུག་ཡིད་འཕྲོག་དང་ལྡན་མཛེས་མ་བརྒྱ་དང་ལྷན་ཅིག་ཏུ། །ས་སྟེང་ན་རོལ་གཞན་ནི་ལྷ་ཡི་དབང་པོས་ཙན་དན་བཏུལ་བའི་དྲི་ཞིམ་དང་ལྡན་པའི། །ལེ་ཤི་མེ་ཏོག ་དྲི་ལྡན་སྤྲད་མས་དཀྲིགས་པའི་ཙན་དན་གྱི་ནི་ནགས་ན་གནས་པར་བྱེད། །ན་ཚོད་གཞོན་ཞིང་དྲེགས་དང་བཅས་པས་སྒེག་ཅིང་རྣམ་པར་འཕྱན་བྱེད་གསལ་བར་བྱས་གྱུར་པའོ། །དྲི་ཞིམ་ལ་ནི་ཆགས་པ་སྐྱེད་བྱེད་སྦྲང་མའི་ཚོགས་རྣམས ་ཀྱིས་ནི་རབ་ཏུ་དཀྲིགས་གྱུར་ཅིང། །པི་ཝ་གླིང་བུ་དང་པའི་རྒྱལ་པོ་དང་འདྲ་ཤིན་ཏུ་སྙན་པའི་དབྱངས་དང་ལྡན་གྱུར་པའི། །གནོད་སྦྱིན་བུ་མོ་མཆོག་ཀྱང་ཁྱོད་ཀྱི་སྔགས་བཟླས་པ་ཡི་མི་ཡིས་རབ་ཏུ་འགུགས་པར་བྱེད། །འགྲོ་བ་གསུམ ་གྱི་མགོན་པོ་འབྲས་བུ་མེད་པའི་མང་དུ་བརྗོད་པ་ཡིས་ནི་ཅི་བགྱིད་མཆིས། །ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ཡང་ཡང་བརྗོད་པར་ཐུབ་པའི་མཁྱེན་པས་སྤྱོད་པ་མ་ལགས་པ། །དེ་ཕྱིར་འཇམ་པའི་དབྱངས་ཀྱི་ཡོན་ཏན་འདི་ཙམ་ཞེས་བྱ་བདག ་གིས་རྟོགས་པར་ནུས་མ་ལགས། །ཀུན་ནས་དཔག་མེད་ཆུ་དང་ལྡན་པའི་རྒྱ་མཚོ་ལས་ནི་ཕན་ཚུན་འགྲོ་བ་བསྒྲལ་བའི་ཕྱིར། །མགོན་པོ་སེམས་དང་བཅས་པའི་མི་རྣམས་དག་ལས་སུ་ཞིག་འདིར་ནི་འཇུག་པར་འཚལ་བར་བགྱིད། ། ་དེ་ལྟར་བཅོམ་ལྡན་འདས་ནི་མགོན་པོ་འཇམ་པའི་དབྱངས་ལ་མངོན་པར་བསྟོད་པ་བགྱིས་པ་ལས། བདག་གིས་དགེ་བ་གང་ཞིག་བསགས་པ་དེ་ནི་འགྲོ་བ་ཀུན་གྱི་རྙོག་པ་ཞི་གྱུར་ཅིག། དེ་ཡིས་བདག་ཀྱང་སྐྱེ་བ་དང་ནི་སྐྱེ་བར་བརྟན ་ཞིང་མཚུངས་པ་མེད་པའི་སྙན་སྔགས་དང། རིགས་དང་ལྡན་ཞིང་ཚེ་རབས་དྲན་དང་སྙིང་རྗེ་རྒྱ་ཆེན་ཡིད་འཕྲོག་པ་དང་ལྡན་པར་ཤོག། །།བཅོམ་ལྡན་འདས་འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ་བྱིན་བརླབས་དང ་བཅས་པ་སྙན་ངགས་མཁན་རྣམས་ཀྱི་གཙུག་གི་ནོར་བུ་བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་མཁས་པ་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་སུམ་ཏི་ཀཱིརྟིའི་ཞལ་སྔ་ནས། །བོད་ཀྱི་ལོ་ཙ ་བ་དགེ་སློང་བློ་ལྡན་ཤེས་རབ་དང། མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱིཛྙཱ་ན་གུ་ཎ་ཕ་ལ་ནཱ་མསྟུ་ཏིར། བོད་སྐད་དུ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས ་