CLOSE WINDOW

N2322: 'jam dpal rdo rje blo gros 'phel ba zhes bya ba
Wyliee-texts based on the ACIP/ALL Input

(འཇམ་དཔལ་རྡོ་རྗེ་ཤེས་རབ་བློ་འཕེལ་གྱིས་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ་བཞུགས།)་།རྒྱ་གར་སྐད་དུ། མཉྫུ་ཤྲཱི་བཛྲ་པྲཛྙཱ་བརྡྷ་ན་ནཱ་མ། བོད་སྐད་དུ། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་ཞེས་བྱའོ། བཅོམ་ལྡན་འདས་འཇམ ་དཔལ་མགོན་ལ་ཕྱག་འཚལ་ལོ། །ཤེས་རབ་འཕེལ་བར་འདོད་པས་གནས་ཁང་དབེན་ཞིང་ཉམས་དགའ་བར་གཙང་བ་དྲི་ཞིམ་པོའི་ཆུས་ཆག་ཆག་བཏབ་ལ། །མཎྜལ་ཁྲུ་གང་པ་ཞིག་བྱས་ཏེ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་སེར་པོ་དབུས ་དཀར་པོར་བྱས་ལ། །དེའི་སྟེང་དུ་ལྷུང་བཟེད་དུ་ཤེས་རབ་འཕེལ་བར་བྱེད་པའི་རྫས། །དབང་པོ་ལག་ན། གླ་རྩི་གི་ཝཾ་སྤང་རྒྱན་དཀར་པོ། ཙན་དན་དཀར་པོ་རྣམས། བ་དམར་མོའི་འོ་མས་སྤྲུས་ཏེ། རིལ་ལུ་སྲན་མ་ཙམ་བྱའོ། །དེའི་སྟེང་དུ་འཇམ ་དཔལ་དང་དབྱངས་ཅན་མ་གཉིས་ཞལ་སྦྱོར་གྱི་ཙ་ཀ་ལི་གཅིག་བཞུགས་པར་བྱའོ། །དེ་ནས་ཨོཾ་སྭཱ་བྷཱ་བ་བི་ཤུདྡྷ(རྒྱུད་འགྲེལ་བརྒྱད་པ་ཞིག་བསམ། དེའི་སྟེང་དུ་ཨོཾ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷི(རྒྱུད་འགྲེལ་གྲི་གཡོན་ན་ཤེས་རབ་ཀྱི་པོ་ཏི་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། །ཞལ་འཛུམ་བག་དང་ལྡན་པ་བསྒོམ་པར་བྱའོ། །མདུན་གྱི་ལྷུང་བཟེད་ཀྱི་ནང་དུ་ཧྲཱི(རྒྱུད་འགྲེལ་ཅན་མ་དཀར་མོ་གཡས་ན་རལ་གྲི། གཡོན་ན་པོ་ཏི་བསྣམས་པ། །རིན་པོ་ཆེའི་རྒྱན་དང་བཅས་པ་ཞལ་འཛུམ་བག་དང་ལྡན་པ་དག་བསྒོམ་བར་བྱའོ། །དེ་ནས་ས་བོན་གཉིས་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས། །ཡེ་ཤེས་སེམས ་དཔའ་སྤྱན་དྲངས་ནས་སོ་སོར་བསྟིམ་མོ། །ཡང་ན་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་མཐུ་དང་ནུས་པ་ཐམས་ཅད་བསྡུས་ནས་རང་དང་རྫས་ལ་བསྟིམ་པར་བྱའོ། །དེ་ནས་བཟླས་པ་བྱ་སྟེ། ན་མོ ་མཉྫུ་ཤྲཱི་བཱ་གཱི་ཤྭ་རི་མུཾ། བཱ་གི་ཤ་རི་ཧོ། །ུ་པ་དེ་ཤ་པྲ་མོ་དྷདྡྷ་བ་ནི་ཧྲཱི(རྒྱུད་འགྲེལ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས། གཏི་མུག་ལ་སོགས་པ་ཐམས་ཅད་བསལ་བར་བསྒོམ། འཇིག་རྟེན་དྲག་བྱེད་ཀྱི་པྲཛྙཱ་ཐམས་ཅད་བསྡུས་བར་བསྒོམ། །སྨན་གྱི་རི་ལུ་དང་བདག་ལ ་ཐིམ་པས་ཇི་ལྟར་འདོད་པའི་མཚན་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ་མོ་།འདིའི་ཕན་ཡོན་ནི་ཉིན་གཅིག་བསྒྲུབས་ན་ཉིན་གཅིག་ཚིགས་སུ་བཅད་པ་སྟོང་ཟིན་བར་འགྱུར་རོ། །ཉི་མ་གཉིས་སྒྲུབས་ན་བསྟན ་བཅོས་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཉི་མ་གསུམ་པ་སྒྲུབས་ན་སྐྱེ་བ་དྲན་པར་འགྱུར་རོ། །ཉི་མ་བཞི་ཡིས་སངས་རྒྱས་དང་པྲཛྙཱ་མཉམ་པར་འགྱུར། །ལྔ་ཡིས་མ་བསླབས་པའི་ཆོས་ལ་མཁས་པར་འགྱུར་རོ། །དྲུག་གིས་འཇམ ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ། །བདུན་གྱིས་གཞན་གྱི་སེམས་ཤེས་པར་འགྱུར་རོ། །སྒྲུབ་པའི་ཚད་ཞག་བདུན་དུ་བྱའོ། །རྟགས་ནི་འོད་དང་སྒྲ་ལ་སོགས་པ་འབྱུང་ངོ། །ཞག་བརྒྱད་ན་དཀྱིལ་འཁོར་གྱི་ལྷ་རང་དང་རི་ལུ་ལ་བསྟིམ་རིལ་བུ་དེ ་སྒྲུབ་པ་པོས་ཟོས་པས། །འཇམ་པའི་དབྱངས་དང་ཤེས་རབ་མཉམ་པར་འགྱུར་རོ། །ཐུན་མོང་ཚེའི་དངོས་གྲུབ་ཀྱང་འཐོབ་སྟེ། །དེ་ལྟར་ཡང། འདི་ཟོས་ཡོན་ཏན་བསམ་མི་ཁྱབ། །ལོ་བརྐྱ་ཐུབ་པ་བརྒྱད་བརྒྱར་འགྲོ། དགུ་བཅུ་ལོན ་པ་བཅུ་དྲུག་ལྟ་བུར་འགྱུར། །སྐྲ་དཀར་བུད་ནས་ནག་པོར་འགྱུར། །བང་ནི་རྟ་དང་མཉམ་པར་འགྱུར། །སྐྲ་ནི་མེ་ཏོག་པདྨ་འདྲ། །ལུས་ན་དཀར་ལ་སྦོམ་པར་འགྱུར། །ཉམས་སྟོབས་ལུས་ཟུང་འཕེལ་བར་འགྱུར། །ལྷ་འདྲེ་རྣམས་ཀྱང་སྟོང ་གྲོགས་བྱེད། །ཡོན་ཏན་སྨོན་འཇུག་སེམས་དང་ལྡན། །སེམས་སྐྱེད་དེ་དང་ལྡན་པ་ཡི། །སྐྱེས་བུ་དེ་ནི་དམ་པ་ཡིན། །ཡོན་ཏན་དེ་དང་ལྡན་ཞེས་སྨྲ། །འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ་ཞེས་བྱ་བ་ཀུན་གྱི་ཐུན་མོང་མ་ཡིན་པ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ ་རྫོགས་སོ།། །།མནོས་ནས་སུ། །བླ་མ་དེ་ལ་གུས་པས་ཕྱག་འཚལ་ནས། །ཅི་སྙེད་པ་ཡི་ཡོན་མཆོག་ཚུལ་བཞིན་དབུལ། །གཞུང་ལས་འབྱུང་བའི་སྔགས་ནི་བཟླས་པར་བྱ། །རིག་འཛིན་གྱིས་ཀྱང་དེ་ནས་ཕྱག་འཚལ་ཏེ། །ཅི་ནུས ་