| Wylie | e-texts based on the ACIP/ALL Input |
བྷུཾ་སྭཱ་ཧཱ་ཞེས་པའོ།། །།རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱ། ཨ་ཡུརྫྙ་ན་བི་དྷི་ནཱ་མ། བོད་སྐད་དུ། ཆེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཚེ་ག་ཞེས་བྱ་བ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དང་ག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །སྔ ་པ་མཚན་ཉིད་ལྡན་པ་ཡིས། །སྒྲུབ་པའི་གནས་རབ་ཉེར་བཟུང་ནས། །ས་ཡི་སྟེགས་བུ་ཆག་ཆག་པ་དང། །འཐད་པར་བཅགས་ཏེ་སྦོས་ཀྱིས་བྱུག། ཐིག་གདབ་ཚོན་གྱི་དཀྱིལ་འཁོར་དྲི། །འདབ་བརྒྱད་སྒོ་ལ་སོགས་པས་བརྒྱན། །བུམ ་པ་དགུ་འམ་གཉིས་ལ་སོགས། །ཚད་ལྡན་ཕྱི་ནང་བཅུས་ཀྱིས་བརྒྱན། །སྟེང་དུ་རྒྱལ་མཚན་གདུགས་ཀྱིས་བརྒྱན། །མཚེད་པ་རྣམ་པ་ལྔས་བརྒྱན་ཏེ། །ཁྱད་པར་ཤར་དུ་འོ་མ་ཡིས། །གཏོར་མ་བྱས་ཏེ་ལྷ་ཕྱོགས་སུ། །ཉ་ཤའི་གཏོར་མ ་དབུལ་བར་བྱ། །ནུབ་དུ་ཁྲག་ལ་བྱད་དུ་ཆད། །བྱིན་གྱིས་བརླབས་ཏེ་བཞག་པར་བྱ། །ལྷོ་དང་བྱང་དུ་སྟེགས་བུ་ལ། །ཚེ་དཔག་མེད་པའི་མདོ་གཉིས་བཞུགས། །དེ་ངས་རྣམ་འབྱོར་ཁྲུས་བྱས་ཏེ། །བདེ་བའི་སྟན་ལ་ཉེར་འདུས་སྟེ། བླ ་མ་སངས་རྒྱས་མདུན་བྱས་ལ། །ཕྱག་འཚལ་སྐྱབས་འགྲོ་སྡིག་བཤགས་བྱ། །བསོད་དང་ཚད་མེད་བཞི་བསྒོམས་ལ། །སྟོང་བ་ཉིད་དུ་བསྒོམ་པར་བྱ། །དེ་ནས་སྣང་བ་བྲུམ་བསམས་ཏེ། །གྱུར་པས་གཞལ་ཡས་ཁང་བསམས་བྱ། །དེ་ནས ་པདྨའི་སྟེང་དག་ཏུ། །ཡི་གེ་ཧྲཱི(རྒྱུད་འགྲེལ་ལ་དབང་བྱིན་བརླབས། །ཐུགས་ཀའི་ཧྲཱི(རྒྱུད་འགྲེལ་ཞེས་དཀར་པོར་བསམ་པར་བྱ། །ཡང་ན་གཟུངས་ཀྱི་སྔགས་རིད་བསམ། །དེ་ནས་དཀྱིལ་འཁོར་བསྒྲུབ་པར་བྱ། །སྟོང་པའི་ངང་ལས་བྷཱུཾ་བསམས་ཏེ། །དེ་ལ་གཞལ་ཡས་ཁང་པ་བསམ། །དེ་ནས་པདྨ་ཉི་མའི་སྟེང། །སངས་རྒྱས་ཚེ་དཔག ་མེད་པ་བསམ། །ཤར་དུ་རྡོ་རྗེ་ཚེ་དཔག་མེད། །ནུབ་ཏུ་པདྨ་ཚེ་དཔག་མེད། །ལྷོ་རུ་རིན་ཆེན་ཚེ་དཔག་མེད། །བྱང་དུ་ལས་ཀྱི་ཚེ་དཔག་མེད། །བྱང་ཤར་ཀུན་གཟིགས་ཚེ་དཔག་མེད། །ཤར་ལྷོར་ཡོན་ཏན་ཚེ་དཔག་མེད། །ལྷོ་ནུབ་ཡེ་ཤེས ་ཚེ་དཔག་མེད། །ནུབ་བྱང་མི་གཡོ་ཚེ་དཔག་མེད། །ཐམས་ཅད་ཁ་དོག་དམར་བ་ལ། །ཞི་ཞལ་མཉམ་པར་གཞག་པའི་ཕྱག། བུམ་པས་མཚན་ཏེ་བསམ་པར་བྱ། །ཡེ་ཤེས་བསྟིམ་ལ་དབང་བྱིན་བརླབ། དེ་ནས་བུམ་བ་གཞལ་ཡས ་ཁང། །ལྷག་པའི་ཚེ་དཔག་མེད་པ་བསམ། །སྙིང་གར་སྔགས་རིང་བཀོད་ལ་བཟླས། །དེ་ནས་ཡང་ན་སྙིང་པོ་བཀོད་ལ་བཟླས། །དེ་ནས་ཁམ་པོར་གསར་པའི་ནང། །ནད་པ་ལ་སོགས་ལུས་བཀྲུས་ཏེ། །ཆུ་ཡིས་བཀང་སྟེ་ཤར་དུ་གཞག། ་དེ་ལ་ཁྲོ་བོའི་སྔགས་བཟླས་ལ། །ཚ་ཚ་སྙིང་པ་ས་ནག་དང། །བསྲེས་ལ་འཆི་བདག་ཆེན་པོ་གཟུགས། །ཁྲུ་གང་ལ་སོགས་ཚད་ལྡན་བྱ། །དེ་ནི་ཁ་ཕུབ་སྟེང་དུ་ནི། །བལ་དང་རས་སཾ་།དར་ནག་དགག་།ལྷོ་ཡི་ཕྱོགས་སུ་བསྟན་ལ་བཞག། ་དེ་དང་ཉེ་བར་དར་དམར་ལ། །གཟུངས་ཀྱི་ཚིག་རྣམས་བྲི་བ་འམ། །ཡང་ན་ཁྲོ་བོའི་སྔགས་བྲིས་གཟུགས། །བྱང་དུ་ནད་བའི་གོས་དག་ལ། །བལ་ཚོན་སྣ་ལྔའི་སྲད་བུས་དཀྲིས། །ཀུ་ཤའི་སྟེང་དུ་གཞག་པར་བྱ། །དེ་ནས་སློབ་དཔོན་བསྲུང་བྱ་སྟེ། །མཆོད་དང ་གཏོར་མ་དབུལ་བར་བྱ། །སློབ་དཔོན་བསྙེན་པ་ལ་ཞུགས་ནས། །ཕྲེང་བ་འཁོར་ཚུལ་བཟླས་པ་བརྩམ། །བསྒྲུབ་བྱ་བུཾ་པའི་ནང་དུ་བསམ། །སློབ་མ་གཅིག་གིས་ལྷོར་འདུག་ལ། །ཚེ་དཔག་མེད་པའི་གཟུངས་བཀླག་ཅིང། །ཚར་ངོ་ཞིང་ཡང་མེ་ཏོག་ནི། ་ནག་པོ་འཆི་བདག་སྟེང་དུ་དོར། །དེ་ལྟར་བརྒྱ་འམ་ཉི་ཤུ་སོགས། །རྒྱས་བསྡུས་ཅི་རིགས་སྦྱོར་བར་བྱ། །གཅིག་གིས་བྱང་དུ་སྙིང་པོ་བཀླག། །ཚར་རེ་ཞིང་ནི་ཚོན་སྐུད་ལ། །ཉ་ཡི་བདུག་སྤོས་རེ་རེ་དབུལ། །དེ་ཡི་གྲངས་ཀྱང་གོད་དང་འདྲ། །དེ་ནས་སློབ ་དཔོན་གཏོར་མ་ཀུན། །སྤྱི་གཞུད་དག་གིས་བྱིན་བརླབས་ནས། །རང་རང་གནས་སུ་དབུལ་བར་བྱ། །དེ་རྗེས་ནད་པ་མདུན་བྱས་ཏེ། །འབྲང་རྒྱས་ཕྱེད་ལ་མར་བྱུགས་ཏེ། །དཔལ་ཕྲེད་ལྔ་ཡི་ཕོད་གཟུགས་བྱ། །མར་མེ་ལ་ཏམས་ལ་འཆི་བདག་དང། ། ་ལྷོ་ཕྱོགས་དག་ཏུ་དོར་བར་བྱ། །ཆུ་དང་འོ་མ་བསྲེས་པའི་ནང། །ཚོན་སྐུད་ནད་པ་ལ་བཀྲིས་ཏེ། །སྙིང་པོའི་སྔགས་ཀྱིས་མཚོན་གྱིས་ནི། །བཅད་ལ་བྱང་གི་ཕྱོགས་སུ་དོར། །དེ་ནས་སློབ་དཔོན་ཁྲུས་བྱས་ལ། །སྟན་བཟང་དག་ལ་ཉེར་འདུག་སྟེ། ། ་ཐུམ་པ་རིམ་པས་དབང་བསྐུར་བྱ། །ོཾ་བཻ་རོ་ཙ་ན་ཨཱ་ཡུརྫ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། དབུས་ཀྱི་གཙོ་བོའི་དབང་བསྐུར་བས། །སྡིག་སྒྲིབ་དག་ཏེ་ཚེ་འཕེལ་བསམ། །ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ ་པ་སྟོང་དུ་ཚེ་འཕེལ་ཏེ། །སྲོག་གཅོད་སྡིག་པ་དག་གྱུར་ཅིག། ཅེས་བྱ་ཡང་ན་གཟུངས་ཀྱིས་ནི། །པ?་ཕྱིན་དྲུག་གི་ཚིག་བཅད་བརྗོད། །ཤར་ལ་སོགས་པའི་རིམ་པ་ཡིས། །རྡོ་རྗེ་ལ་སོགས་མིང་བསྒྱུར་ཏེ། །བུམ་པ་ལྔ་ཡིས་དབང་བསྐུར་བྱ།། ་མཚམས་ཀྱི་བུམ་པ་ཀུན་གྱི་ཆུ། །ལས་བུམ་ནང་དུ་བསྡུ་བྱ་སྟེ། །ནད་ཕ་ལ་སོགས་བཀྲུ་བར་བྱ། །དེ་ནས་ཆུ་དེ་མ་བོ་བར། །ཆུ་བོ་ཆེ་འམ་ལྟེང་ཀ་མཚོ། །ཆུ་ཆེན་རྣམས་ལ་དོར་གྱུར་ན། །ངེས་པར་འཆི་ལས་བཟློག་པ་ཡིན། ། ་དེ་རྗེས་སློབ་མའི་བླ་མ་ལ། །ཡོན་དབུལ་སྡོམ་པ་ལས་བླངས་ཏེ། །བླ་མས་སློབ་མའི་སྤྱི་བོར་ནི། །རྡོ་རྗེ་དེས་གཟུང་ཚིག་འདི་བརྗོད། །ང་ནི་ཡེ་ཤེས་ཚེ་དཔག་མེད། །ཀུན་ཏུ་བརྙས་པ་སྤང་བར་གྱིས། །འཆི་བདག་ཆེན་པོ་ངས་བཅོམ་པས།། ་པུ་ཁྱོད་ཆེ་ཡི་དངོས་གྲུབ་བརྙེས། །དེ་སྐད་བྱ་སྟེ་སློབ་མ་ནི། །ཐ་མལ་ལུས་སུ་བསམས་པ་ལ། །སྙིང་གི་པདྨའི་རྩ་བ་ལ། །དབུ་མར་རྣམ་སྣང་ཚེ་དཔག་མེད། །ཕྱོགས་བཞིར་རིགས་བཞི་བསམ་བྱ་སྟེ། །སྤྱི་བོར་ཡེ་ཤེས་ཚེ་དཔག་མེད། ། ་བསམས་པས་བདག་གི་ཐུགས་ཀ་ནས། །བསྐུལ་བས་བདུད་རྩི་ཆུ་རྒྱུན་དབབ། །རིགས་ལྔ་སྤྱི་བོར་སློབ་གྱུར་ཏེ། །ཐམས་ཅད་བདུད་རྩིར་ཞུ་གྱུར་ནས། །ལུས་ནད་ཐམས་ཅད་ཁྱབ་པར་བསམ། །ཚེ་དཔག་མེད་པའི་གཟུངས་ཀྱང་འཛིན།། ་དེ་ལྟར་ལན་གཉིས་ལན་གསུམ་བྱ། །དེ་ནས་མཆོད་དང་གཤེགས་པར་བྱ། །མཇུག་ཏུ་ཚ་ཚ་ཅུང་ཟད་གདབ། །ས་ཚོན་ལ་སོགས་ཆུར་བོར་ཏེ། །ཉེ་བར་འཁོར་བས་འཆི་བདག་གཞོམ། །ཚེ་དཔག་མེད་པའི་གཟུངས་ཀྱང་འདོན། །སློབ ་དཔོན་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས། བྲམ་ཟེ་ནམ་མཁའ་དབྱངས་ཀྱི་བུའི་ཆེད་དུ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་མཉྫུ་དང་ལོ་ཙ་བ་ལྕེ་དགའ་བའི་དཔལ་གྱིས་བསྒྱུར་བའོ།། །། ་