CLOSE WINDOW

N2320: 'phags pa tshe dang ye shes dpag tu med pa'i sgrub thabs
Wyliee-texts based on the ACIP/ALL Input

བླ་མ་བསམ་གཏན་བཟང་པོ།། །།རྒྱ་གར་སྐད་དུ། ཨཱརྱ་མཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་བ་ལ་ཕྱག ་འཚལ་ལོ། །འཁོར་བ་སེམས་ཅན་ཐམས་ཅད་ཀྱི། འཚེ་བ་ལ་ནི་སྲུང་འདོད་པས། །འཕགས་པ་ཚེ་དཔག་མེད་པ་ཡི། །སྒྲུབ་ཐབས་རིམ་པ་བྲི་བར་བྱ། །དབང་དང་དམ་ཚིག་སྡོམ་ལྡན་པས། །དབེན་ཞིང་ཉམས་དགའ་ཨི་ས་ཕྱོགས་སུ།། ་མཎྜལ་མཆོད་དང་ཁྲུས་བྱས་ལ། །བླ་མ་སངས་རྒྱས་ལ་སོགས་ལ། །སྤྱན་དྲངས་པ་ལ་ཕྱག་མཆོད་ཅིང། །བསྟོད་པ་ལུས་ངག་དང་བ་ཡིས། །སྡིག་པ་བཤགས་པ་ལ་སོགས་བྱ། །ཚད་མེད་བཞི་བསྒོམ་ཆོས་རྣམས་ཀུན། །སྟོང་པ་ཉིད ་དུ་བསྒོམས་བྱས་ལ། །སྔགས་ཀྱི་དོན་ལ་བསྒོམ་པར་བྱ། །ོཾ་སྭ་བྷཱ་བ་བི་ཤུདྡྷ(རྒྱུད་འགྲེལ་ལྟ་བུར་བསམ་བྱས་ལ། །འོད་ཟེར་འཕྲོ་ཞིང་སླར་འདུས་པས། །འཕགས་པ་རྗེ་བཙུན་ཚེ་དཔག་མེད། །སྐུ་མདོག་དམར་ཞིང་འོད་ཟེར་འཁྲིགས། །ཞལ་གཅིག་ཕྱག་གཉིས་མཉམ་པར་ཞག། སྐྱིལ་ཀྲུང་གིས་བཞུགས་འཛུམ་བཅས ་དང། །འོད་དཔག་གིས་མཛེས་ཡེ་ཤེས་བསྟིམ། །དབང་བསྐུར་རབ་ཏུ་བརྟན་པར་བྱ། །ཇི་སྲིད་སྐྱོ་བར་མ་གྱུར་པར། །བསྒོམ་པ་འམ་ཡང་ན་སྔགས་འདི་བཟླས། །མིང་གི་སྔགས་དང་སྙིང་པོའི་སྔགས། །མིང་གིས་བསྒྱུར་ན་གཟུངས ་ཀྱང་བཟླས། །གཟུངས་ནི་འཆི་མེད་རྔ་སྒྲའོ། །རྗེས་སུ་བདག་ནི་ཚེ་རིང་འགྱུར། །ཡང་ན་སྐད་ཅིག་ལྷར་བསམས་ཏེ། །སྔགས་གསུམ་ཅི་རིགས་བཟླས་པ་འམ། །བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས། །བདག་ལ་ཡང་ཡང་འཁྲུད་པར་བསམ། ། ་སླར་ཡང་བསྟོད་ཅིང་གསོལ་བཏབ་པས། །གཏོར་མས་ལྷ་རྣམས་མཆོད་པས་བསམ། །བསྲུང་འཁོར་ཅིག་དང་ཚེ་བསྒྲུབ་པས། །འོན་ཀྱང་འཆི་ལྟོས་བཟློག་ལ་སོགས། །བླ་མའི་མན་ངག་ཡོད་པར་བྱ། །དེ་ཡི་བསོད་ནམས་མཐུ ་ཡིས་ནི། །འཁོར་བའི་འགྲོ་དྲུག་མ་ལུས་པས། །ཚེ་དཔག་མེད་པའི་བཀའ་ཐོབ་ནས། །གནང་གཅོད་ལ་སོགས་སྡུག་བསྔལ་རྣམས། །ཞི་གནས་བདེ་བ་ཅན་འགྱུར་ཤོག་།འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས། །སློབ ་དཔོན་མཁས་པ་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ། འཇམ་དཔའ་ཨི་དབྱངས་དང། །ཧོ་ལྕེ་དགའ་བའི་དཔལ་གྱིས་བསྒྱུར་བའོ། །མིག་སྔགས་ནི། ཨོཾ་ཏདྱ་ཐཱ་ཨ་པ་རི་མི་ཏཱ་ཨཱ་ཨུརྫྙ་ན་རྟཱི: ་