CLOSE WINDOW

N2319: tshe dpag med la bstod pa
Wyliee-texts based on the ACIP/ALL Input

ཆར་འཆད་པར་འགྱུར་རོ། །གྲོག་འམ་ཆུ་ཤིང་གི་འདབ་མ་ལ་སྔགས་གུར་ཀུམ་གྱིས་དྲིས་ཏེ། སྐར་མ་མེ་བཞི་ལ་སྟོང་རྩ་བརྒྱད་བཟླས་ནས་མགུལ་དུ་བཏགས་ན་བྱིས་པ་ཆུང་ངུ་བསྲུང་བར་འགྱུར་རོ། །རྨ་བྱའི་སྒྲོ་འམ་མཐིང།། ་རིལ་གྱི་རྐང་ལ་ལན་སྟོང་ཕྲག་གསུམ་བཟླས་ནས་སྒོ་ཁང་གི་རྟ་བབས་སམ་སྒོ་སྟེང་དུ་བཙུགས་ནས། དེའི་འོག་ནས་འཛུལ་བའི་སྲོག་ཆགས་ཐམས་ཅད་ལ་ཡམས་ཀྱི་ནད་ཀྱིས་མི་ཚུགས་སོ། །ལས་ཚོགས་གཞན་དག་འདིར་གཞུང ་མངས་ཀྱིས་དོགས་ནས་མ་བྲིས་སོ། །ལས་དེ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ལ་བརྩེ་བ་ནི་ཁ་སྒོང་གི་མན་ངག་གོ། རྟོག་པའི་རྒྱལ་པོ་ལ་བརྟེན་ནས། །བླ་མའི་མན་ངག་ཇི་བཞིན་དུ། །གོ་རིམ་ཇི་བཞིན་བྲིས་པ་ལས། །མཁས ་པ་རྣམས་ཀྱིས་བཟོད་པའི་རིགས། །སྔོན་དུ་བསྙེན་པ་བྱས་ནས་ནི། །སྤགས་འདི་ཡིས་ནི་ལས་རྣམས་ཀུན། །བརྩོན་འགྲུས་ཐེ་ཚོ་མེད་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་པ ་སྒྲུབ་པའི་ཐབ་སློབ་དཔོན་ཆེན་པོ་ཀེ་དྷ་ར་ན་དྷ་ས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཔལ་གོ་མི་འཆི་མེད་དང། །བོད་ཀྱི་ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །། ་ཚེ་དཔག་མེད་ཀྱི་བསྟོད་བསྒྲུབ་ཐབས་དང་བཅས་བཛེ་ཏ་རིས་མཛད་པའོ། །ཚེ་དཔག་མེད་ལ་བསྟོད་པ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་མ་ལུས་རྣམས། །སྐད་ཅིག་ཉིད་ལ་ཚེ་དང་དཔལ། །སངས་རྒྱས་ཚེ་དཔག་ཕྱག ་འཚལ་ལོ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང། །ཉེས་པ་ཀུན་ལས་ཁྱེད་གྲོལ་ནས། །རྡོ་རྗེ་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་ཕྱག་འཚལ་ལོ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང། །ཐུགས་རྗེས་ཆགས ་ཚུལ་སྟོན་མཛད་པ། །པདྨ་ཚེ་དཔག་ཕྱག་འཚལ་ལོ། །བསམ་པ་དངོས་ཀུན་སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་དང་དཔལ། །ཚོགས་ཀྱི་བདག་པོ་ཆེན་པོ་སྟེ། །ཡོན་ཏན་ཚེ་དཔག་ཕྱག་འཚལ་ལོ། །འདོད་པའི་དོན་རྣམས་མ་ལུས་པ། །སྐད ་ཅིག་ཉིད་ལ་སྔོགས་དང་དཔལ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང། །ཕྲིན་ལས་ཚེ་དཔག་ཕྱག་འཚལ་ལོ། །ཉེས་པ་ཀུན་ལས་རྣམ་གྲོལ་བས། །སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཚོགས་ཀྱི་བདག་པོ་ཆེན་པོ་སྟེ། །ཀུན ་གཟིགས་ཚེ་དཔག་ཕྱག་འཚལ་ལོ། །སྟོབས་ཆེན་རྣམས་ཀྱི་རབ་བརྒྱན་ཏེ། །མ་ལུས་མི་མཐུན་ཚོགས་འཇོམས་པ། །སྟོན་པ་སྲིད་མེད་བུ་ཡི་མཐུ། །ཡོན་ཏན་ཚེ་དཔག་ཕྱག་འཚལ་ལོ། །མེ་ལོང་མཉམ་ཉིད་ལ་སོགས་པ། །ཡེ་ཤེས་མང ་པོའི་མཛོད་འཛིན་པ། །རྣམ་པར་རྟོག་པ་མཛའ་དག་སྤངས། །ཡེ་ཤེས་ཚེ་དཔག་ཕྱག་འཚལ་ལོ། །རྣམ་རྟོག་རླུང་གིས་ཁྱོད་མི་གཡོ། །མཛའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་ཚོགས་འཛོམས་པ། །མི་གཡོ་ཚེ་དཔག་ཕྱག ་འཚལ་ལོ། །འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས། །ཁྱེད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་རྒྱས་མཛད་པ། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའོ། ་འདིའི་རྒྱུད་པ་ནི་ཚེ་དཔག་མེད། །གྲུབ་པ་བརྙེས་པའི་སྙིང་བོ་ཞབས། །ཛེ་ཏ་རི་དགྲ་ལ་བ་རྣམ་པར་རྒྱལ་བ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙ་བ། མཆིམས་བརྩོན་འགྲུས་སེང་གེ། རྒྱ་ནག་ཕུག་པ། དཔུས་པ་སངས་རྒྱས་འབུམ། །བླ་མ་དགེ་བསྡིངས?་པ། ་བླ་མ་བསམ་གཏན་བཟང་པོ།། །།རྒྱ་གར་སྐད་དུ། ཨཱརྱ་མཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་བ་ལ་ཕྱག ་