| Wylie | e-texts based on the ACIP/ALL Input |
ཕབ་པའོ།། (།།དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་པའི་སྒྲུབ་ཐབས་བཞུགས།)་།རྒྱ་གར་སྐད་དུ། ཏྲཻ་ས་མ་ཡ་བྱཱ་ཧ་རཱ་ཛ་ཤ་ཏ་ཨ་ཀྵ་ར་སཱ་དྷ་ནི། བོད་སྐད་དུ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་བའི་སྒྲུབ་ཐབས། དུས་གསུམ་གྱི ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་འདིར་ངན་འགྲོའི་རྒྱུན་གཅོད་ཅིང། །མངོན་མཐོ་དངོས་གྲུབ་ཀུན་འབྱུང་གནས། །སྔོན་བསགས་སྡིག་བ་དག་བྱའི་ཕྱིར། །བླ་མར་གྱུར་པ་ཀུན་ལ་འདུད། །དེ་ལ་དང་པོ་རྣལ་འབྱོར་པ། །བྱང་ཆུབ་ཏུ ་ནི་སེམས་བསྐྱེད་ཅིང། །བླ་མ་མཉེས་བྱས་རྗེས་གནད་ཐོབ་མན་ངག་ཇི་བཞིན་རྙེད་པ་དང། །འཇིག་རྟེན་ཆོས་དག་རྣམ་པར་སྤངས། །སེམས་ཅན་ཀུན་ལ་སྙིང་བརྩེ་བ། །རྟག་ཏུ་བསྒོམ་དང་བཟླས་ལ་དགའ་། །དེ་ནི་རྒྱལ་བས་རྣལ་འབྱོར ་གསུངས། །དགོན་པ་ཆེན་པོའི་ས་ཕྱོགས་སམ། །དུར་ཁྲོད་ནགས་ཚལ་མཆོད་རྟེན་དྲུང། །མེ་ཏོག་འབྲས་བུའི་ཚོགས་ཀྱིས་བརྒྱན། ། ཤོ་ཀ་ཡི་ཤིང་དྲུང་དུ། །དངོས་གྲུབ་ཐམས་ཅད་བསྡུས་པ་གྲུབ། །ཡོན་ཏན་ཀུན་ཚང་རྣལ་འབྱོར་པས། །ཡིད ་དང་རྫས་མཐུན་ནགས་སུ་ནི། །འཇམ་དཔལ་སྟན་ལ་ལེགས་འདུག་ནས། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་བཅས་ཏེ། །ཁྲོ་བོ་འདོད་པའི་རྒྱལ་པོ་ཡི། །སྔགས་ཀྱིས་བགེགས་རྣམས་གཞོམ་པར་བྱ། །ན་མ(རྒྱུད་འགྲེལ་ཆ་གསུམ་ལ་གོ་རིམ་བཞིན་དུ་སྔགས་བཟླས་ནས་ལུས་ཀྱི་ཆ་གསུམ་བསྲུང་བར་བྱ་སྟེ། །ོཾ་བྷུ་ར་སྭཱཧཱ་ཨོཾ་བྷུ་བ་སྭཱཧཱ། ཨོཾ་བྷུ་ར་བྷུ་བ་སྭཱཧཱ། རིགས་ཀྱི་སྙིང་པོ་ལེགས་བཟླས་ཤིང། །གསར་ཞིང་མ་གྲུགས་ཀུ་ཤ་ཡི། །དག་བྱེད་སོར་ནི་བཅུ་གཉིས ་ཚད། །སྲིན་ལག་ལ་ནི་གདགས་པར་བྱ། །ོཾ་ཨ་ཛི་ན་ཛི་ཀ། དམར་སེར་པ་ཡི་འོ་མ་དང། །བ་ཡི་ཞོ་དང་བ་མར་དང། །བ་ཡི་ཆུ་དང་ལྕི་བ་རྣམས། །ཤར་བལྟས་མི་སྨ་ཙོག་ཙོག་པོར། །འདུག་སྟེ་སྦྱིར་ལ་སྲད་གསུམ་ཙམ། །བ་ལ་ཤ་ཡི་འདབ་མས ་བཏུང། །ོཾ་བཱ་ག་བི་ཤུདྡྷཱ་ཡེ་སྭཱཧཱ། །དེ་ནས་ཚུ་དོགས་སུ་ཕྱིན་ལ་ལུས་ཐམས་ཅད་དམ་ཡང་ན་ཡན་ལག་ལྔ་བཀྲུས་ཏེ། །ཆུའི་བགེགས་བཟློག་པ་ནི། །གཡས་པའི་ཁྱོར་བས་ཆུ་བཅས་ཏེ། གཡོན་པའི་སྡིགས་འཛུབ་བསྒྲེངས་ལ།། ་ཨོཾ་དུ་པི་ཀཱ་ཡ་དུ་པི་དུ་པི་སྭཱཧཱ། ཞེས་བཟླས་བས་ལུས་ལ་གཏོང་བར་བྱའོ། །ལུས་ཐམས་ཅད་འཁྲུ་བའི་སྔགས་ནི། ཨོཾ་པྲ་ཀི་ཏི་རི་ཤུདྡྷ་སརྦ་དྷརྨཱ་པྲ་ཀྲི་ཏི་པ་རི་ཤུདྡྷ་ཧཾ། དེ་ནས་ལག་པ་གཡས་པའི་ཁུ་ཚུར་བཅངས་པའི་མཐེ་བོ ་སློངས་ནས་འཛུབ་མོ་བཀུག་པས་སྙིང་ག་དང། ལྐོག་མ་དང་སྤྱི་གཙུག་དང་དཔུང་པ་གཉིས་ཏེ། གནས་ལྔར་གཏུག་ཅིང་ཁྲོ་བོ་གཙང་སྨེ་མེད་པའི་སྔགས་ཀྱི་བདག་ཉིད་བསྲུངས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཛ། ལག་པ་གཡས་པའི་གུང་མོ་དང་སྲིན་ལག ་བཀུག་སྟེ། ཨོཾ་ཤུདྡྷེནྟུ་ཤོ་དྷ་ཡ་སྭཱཧཱ། དེ་ནས་སེམས་མ་ཡོངས་པར་བསམ་གཏན་གྱི་ཁང་པས་སོང་སྟེ། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་འོག་ནས་འཆད་པ་བཞིན་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་དམིགས ་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནད་ནི་ཀ་རོ་མི་ཞེས་པས་ཞབས་ལ་ཕྱག་བྱའོ། །ོཾ་པྲ་བ་ར་སཏྭཱ་ཐེ་པྲ་ཏཱིཙྪ་ར་སེ་སྭཱཧཱ། ཞེས་པས་ཞབས་བསིལ་དབུལ་བ་དང། ཇི་ལྟར་རྙེད་པའི་མཆོད་པ་ལྔ་འམ། མ་རྙེད་ནའང་ཡིད་ཀྱིས་སྤྲུལ་ནས། ཨོཾ ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ་གནདྷེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ནཻ་པི་དྱེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཞེས་པས་གོ་རིམས་ཇི་ལྟ་བ་བཞིན་དུ་མཆོད་པ་དབུལ་བ་དང། སྡིག་པ་བཤད་པ་ལ་སོགས་པ་བྱ་སྟེ། དབང་མེད་བདག་གིས་སྡིག་པ ་བགྱིས་པ་དང། བགྱིད་དུ་སྩལ་ལམ་རྗེས་སུ་ཡིད་རང་བ། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་དེ་ལྟ་མ་ལུས་སོ་སོར་བཤགས། བདེ་གཤེགས་སྲས་ཀྱི་ཚོགས་གཉིས་རྔ་ཡབ་དང། རྒྱ་ཆེར་འགྲོ་བ་མ་ལུས་པ ་ཡི་དོན། །སྒྲུབ་པར་མཛད་དང་དེ་ལས་གཞན་པ་ལའང། །བདག་ནི་གུས་པར་རྗེས་སུ་ཡི་རང་ངོ། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི ་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་རབ་སྟེ། །དམན་པ་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྤིང་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག་།གསུང ་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྤྲུལ་གྱི་དུག་བཅོམ་ཞིང། །བློ་ལྡན་རྣམ་རྒྱལ་ཐུགས་རྗེ་ཆེར་ལྡན་པའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས ་ལ་བདག་ཕྱག་འཚལ། ཞེས་བརྗོད་ཅིང་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བསྐུལ་བ་དང། གསོལ་བ་གདབ་པ་དང། དགེ་བའི་རྩ་བ་བསྔོས་པས་དེ་ལྟར་ཚོགས་བསགས་ནས་བརྟན་པ ་དང་གཡོ་བ་ཐམས་ཅད་སྟོང་པ་ཉིད་དུ་བལྟས་ནས། དེ་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ཟེ་འབྲུ་མཾ་གིས་མཚན་པ་དང་བཅས་པ་བསམས་ལ། །དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཏྲཻ་ལས་བྱུང་བའི་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་སུམ་ཅུ་རྩ ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། །ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དུ་བདག་ཉིད་བསྒོམས་ལ། དེའི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་སྟོན་ཀའི་འདམ་བུ་ལྟར་སེར་སྐྱ། རྒྱན་ཐམས་ཅད་ཀྱིས ་བརྒྱན་པ། ཕྱག་གཉིས་ཀྱི་རྡོ་རྗེ་གཟུང་ནས་སྙིང་གར་ཐལ་མོ་སྦྱར་བའོ། །གཡོན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་ཆེན་པོ་སྐུ་མདོག་སེར་པོ་གཡས་ན་ནོར་བུ་བཟང་པོ་བསྣམས་པ། མཚན་ཁུང་གཡོན་པས་དུང་ངམ་རྡོ་རྗེ ་གཟུང་པ། རྒྱན་ཐམས་ཅད་ཀྱིས་སྤྲས་པའོ། །གཡས་ཀྱི་མདུན་རོལ་དུ་ཁྱེའུ་མཛའ་ཡས་ཁྲོ་བོའི་ཆ་བྱད་ཅན། སྐུ་མདོག་མེ་ཏོག་པ་ལ་ཤ་ལྟ་བུ་གཡས་ན་ཤན་པའི་ཟངས་གྲི། གཡོན་ན་ཀ་པཱ་ལ་མེ་ཏོག་གི་ཚོགས་ཀྱིས་བཀང་པ། ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྤྲུལ་དཀར་པོའི་མཆོད་ཕྱིར་ཐོགས་པ་འཆང་བའོ། །གཡོན་གྱི་མདུན་རོལ་དུ་བུ་མོ་མཛའ་ཡས་ཞི་བའི་ཆ་བྱད་ཅན་སྐུ་མདོག་དཱུརྦའི་མྱུ་གུ་ལྟ་བུ་གཡས་པའི་ཐལ་མོས་རང་གི་གཙོ་བོ་ལ་ཕྱག་འཚལ་བ། གཡོན་ ་པས་པདྨ་ཡུ་བ་དང་བཅས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་ཏྲཻཾ་ལས་འོད་ཟེར་ཁ་དོག་ལྔ་པ་ཤིན་ཏུ་གསལ་བ་སྤྲོས་པས་བཅོམ་ལྡན་འདས་འཁོར་དང ་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། མཆོད་པ་རྣམ་པ་ལྔ་ཕུལ་ནས་དེའི་སྤྱན་སྔར་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་པའི་ཚོགས་དག་པར་བྱ་བའི་ཕྱིར་ལྷའི་སྐུ་སྒྱུ་མ་ལྟ་བུ་དེ་ཉིད་ལ་དམིགས་ཏེ་བཟླས་བརྗོད་བྱའོ། ། ་བཟླས་བརྗོད་བྱེད་པ་མི་མྱུར་མི་དལ་ཞིང། །ཧ་ཅང་ཆེ་ཡིན་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་ཡངས་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཚོགས་དྲག་ཉམས་པས་མིན། །འཕགས་པའི་ཡི་གེ་བརྒྱ་པ་ཡི། །རྟོག་པའི་རྒྱལ་པོའི ་ཆོ་གར་བཤད། །སྔགས་ཀྱི་མཐུ་ནི་བསམ་མི་ཁྱབ། །མཐུ་ནི་རྣམ་པ་དུ་མ་མཐོང། །བཟང་སྤྱོད་ཡི་དམ་བཅས་པ་ཡི། །ཆོ་ག་ཡིས་ནི་འདི་བཟློས་ནི། །ཐར་པའང་ངེས་པར་སྐྱེད་བྱེད་ན། །འཆི་བ་བསླུ་བ་སྨོས་ཅི་དགོས། །ོཾ་ན་མསྟྲཻ་ཡ་དྷཝི་ཤཱ ་ནཱཾ། སརྦཱ་ཏ་ཐཱ་ག་ཏ་ནཱཾ། སརྦཱ་ཏྭཱ་པྲ་ཏི་ཧ་ཏ་བ་བྷི་དྷརྨཱ་ཏཱ་བ་ལི་ནཱཾ། ཨ་ས་མ་ས་མ། ས་མནྟ་ཏོ་ཉ་ནནྟ་བ་ཕི་ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎ་བི་ག་ཏ་རཱ་ག། སྟུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་བི་མཧཱ ་བར་ལཀྵ་ཏ་ཛཝ་ལ་ཛཝ་ལ་ན་སཱ་ག་རེ་སྭཱཧཱ། །བཅོམ་ལྡན་འདས་ཀྱིའོ། །ོཾ་བཾ་བཛྲ་དྷ་རཱ་ཡེ་སྭཱཧཱ། ཨོཾ་མཾ་མཧཱ་བཛྲ་དྷ་རོ་བྷ་པ་སྭཱཧཱ། །ོཾ་ཊཾ་ཊ་ཀི་ཡི་སྭཱཧཱ། །ོཾ་ནཾ་ནཾ་དྷི་ཀ་ཡེ་སྭཱཧཱ། འཁོར་རྣམས་ཀྱི་སྔགས་སོ། །འདིའི་ཆོ་ག་ནི་ཡར ་གྱི་ངོ་ཚེས་བརྒྱུད་རྒྱུ་སྐར་བཟང་པོ་དང་ལྡན་པའི་ཞག་ནས་བརྩམས་ཏེ། རང་ཉིད་ཁྲུས་དང་བསྲུང་བ་ལ་སོགས་པ་སྔར་སྨོས་པ་བཞིན་བྱས་ལ། ཙན་དན་དཀར་པོའི་ཆུས་ཉེ་བར་བྱུགས་པའི་མཎྜལ་བྱས་ནས་འདོད་པའི་ལྷ་ལྷ ་གྲངས་དང་མཉམ་པའི་མེ་ཏོག་གི་ཚོམ་བུ་ལེགས་པར་བཀོད་ནས། དང་པོར་བསྙེན་པ་བརྩམ་པར་བྱ་སྟེ། དེའི་འོག་ཏུ་ནི་ལས་ལ་སྦྱར་བར་བྱའོ། །དེ་ནས་ཡང་གཙོ་བོ་ལ་འབུམ་བཟླས་ཤིང་འཁོར་རྣམས་ལ་བྲི་བཟླས་པར་བྱ་ཞེས་བསམ་གཏན ་ཕྱི་མ་ལས་བཤད་དོ། །དེ་ནས་ལས་ཚོགས་པ་བཤད་པར་བྱ་སྟེ། ལུས་ཀྱི་ཀུན་ཏུ་སྦྱོད་པ་དང་ལྡན་པའི་སྔགས་པས་གཞན་མི་སྨྲ་བར་རྒྱུ་སྐར་རྒྱལ་གི་ཞག་ལ་དཀའ་ཐུབ་ལ་གནས་ཏེ། གཙང་སྦྲའི་སྤྱོད་པས་ཤིང་མྱ་ངན་མེད་ཀྱི་དྲུང་དུ་གསོལ? ་གྱེན་དུ་ཕྱོགས་པས་སྟོང་ཕྲག་བཅུ་གཉིས་བཟླས་ན་ལས་ཀྱི་སྒྲིབ་པ་ཇི་སྙེད་པ་ཟད་པར་འགྱུར་རོ། །འཆི་གར་ཆོ་ག་འདི་ཉིད་བཟླས་ན་བཅོམ་ལྡན་འདས་རྗེ་བཙུན་ཉིད་མདུན་དུ་བྱོན་ནས་ཞལ་མངོན་དུ་སྟོན་པར་འགྱུར་རོ། །ཀུན་ཏུ་སྦྱོར་བ་གཙང ་ནས་མཆོད་རྟེན་གྱི་དྲུང་དུ་སྤོས་དཀར་པོ་བྲེགས་ནས་མི་སྨྲ་བར་སྟོང་ཕྲག་བཅུ་བཟླས་ནས། །རལ་གྲི་དང་རྐང་མགྱོགས་དང། རི་ལུ་དང་གནོད་སྦྱིན་མོ་དང། ལྷ་མ་ཡིན་གྱི་ཕུག་དང། མིག་སྨན་དང། གཏེར་དང་མི་སྣང་བ་རྣམས་གྲུབ་པོ།། ་ཆུ་ཀླུང་གི་ནང་གི་ནང་དུ་མགྲིན་པ་མན་ཆད་ནུབ་པར་ཞུགས་ནས་གཟའ་ཕུར་བུའི་ཞག་ལ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་བཟླས་ནས་འོག་དང་ས་སྟེང་དང་ས་ལ་གསུམ་ལ་རྣམ་པར་རྒྱལ་བར་འགྱུར་རོ། །སྔར་སྨོས་པ་ལྟར་བསྟེན་པ་བྱས་ཏེ། ་ཕྱིས་སྒྲུབ་པའི་དུས་སུ་འབྱུང་པོའི་ཉིན་ཞག་གི་ནམ་ཕྱེད་ན་བདུད་རྩི་ལྔ་ལ་སྤངས་པའི་པདྨའི་སྐུད་པ་ལས་སྙིང་པོ་བྱས་ལ། ཆུ་སྲིན་གྱི་ཞག་གིས་བཀང་པའི་ཐོད་པར་མར་མེ་སྤང་བར་བྱ་འོ། །དེ་ནས་ཐོད་པ་གསུམ་གྱི་སྒྱེད་པོའི་སྟེང་དུ་བཙུགས ་ནས། དེ་ནས་ཐོད་པའི་སྟེང་ན་གནས་པའི་སྒྲུབ་པ་པོས་སྣར་སྨོས་པའི་ཆོ་གས་བསྲུང་བར་བྱ་སྟེ། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་དུ་བ་བླངས་ཏེ་ཟ་མ་ཏོག་ཏུ་ལེགས་པར་བཞག་ནས་ཚོན་སྣ་ལྔའི་སྐུད་པས་རྒྱ་གྲམ་དུ་བཅིངས ་ཏེ། ཡང་བརྒྱ་རྩ་བརྒྱད་བཟླས་ན་དངོས་གྲུབ་གསུམ་འགྲུབ་པར་འགྱུར་ཏེ། དེ་ཡང་མི་སྣང་བ་ནི་མཆོག་གོ། སའི་འོག་ན་གནས་པའི་གཏེར་མཐོང་པ་ནི་འབྲིང་ངོ། །རྒྱལ་པོའི་བུ་མོ་དབང་དུ་བྱེད་པོ་ནི་ཐ་མའོ། །དེ་དག་ཀྱང་རང་གི་མིག་ལ ་བསྐུ་བའི་སྦྱོར་བའོ། །སྔ་མ་ལྟར་བསྙེན་པ་བྱས་ལ་བྷྲུཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་སྟེང་དུ་དུག་གིས་ཟིན་པ་བཞག་ལ། དུག་གཟི་བརྗིད་སེར་པོ་རྣམས་ཀྱིས་མ་ལུས་པ་ཁྱབ་པ་ལ་འཁོར་ལོ་དཀར་པོ་ཉིད་ཀྱིས་འོག་ནས ་མནན་ཏེ། དེའི་འོད་ཟེར་གྱི་ཚོགས་ཀྱིས་འོད་ཟེར་དཀར་པོ་གསལ་བར་བསམ་པ་ནི་དུག་བསལ་བའི་ཆོ་གའོ། །དགོན་པའི་བ་ལང་གི་ལྦི་བ་ལ་སྟོང་ཕྲག་བརྒྱད་བཟླས་ཏེ། དར་སྔོན་པོ་ཡིས་གཏུམས་ནས་ཚོན་སྣ་ལྔའི་སྐུད་པས་བཅིངས་ནས་མཆོད ་རྟེན་ཆེན་པོའི་སྲོག་ཤིང་ལ་བཏགས་ནས་ཇི་སྲིད་མ་གྲོལ་བ་དེ་སྲིད་དུ་སེར་བ་བསྲུང་བར་འགྱུར་རོ། །བག་ཟན་དང་ཙན་དན་དམར་པོའི་ཕྱེ་མ་ལ་ཀླུའི་རྒྱལ་པོ་བ་རུ་ཎཱི་གཟུགས་བརྙན་བྱས་ཏེ། མིན་པའི་ཁུ་བས་བྱུགས་ལ་དུས་གསུམ་དུ་འབྲས ་ཆན་དང་འོ་མ་དང་འབྲས་བུ་གསུམ་གི་གཏོར་མ་གཏོར་བཞིན་པས་གཙོ་བོའི་སྔགས་ཀྱི་སྭཱཧཱའི། གོང་དུ་ཨོཾ་ནཱ་ག་རཱ་ཛ་བ་རུ་ཎཱ་ཡེ་ཤཱི་གྷཝཾ་མུཉྫ་བྷ་རི་ཤ་ཡ་དཏྟཾ་སྭཱཧཱ། ཞེས་ཞག་གསུམ་གྱི་བར་དུ་ཉིན་དེ་སྟོང་ཕྲག་བཅུ་བཟླས་ནས་གཟུགས ་བརྙན་ཀླུའི་མཚོར་བསྐྱལ་ན་ཆར་འབེབས་སོ། །བཅོམ་ལྡན་འདས་ཉིད་ལ་ཕུལ་བའི་མེ་ཏོག་སྙིང་པ་གར་མཁན་གྱི་ཁྱིམ་ནས་བླངས་པའི་མེས་ཁམ་པོར་སར་པ་བཀང་བའི་ནང་དུ་བསྲགས་ནས་བླ་གབ་མེད་བར་བརྒྱ་རྩ་བརྒྱད་བཟླས་ན ་ཆར་འཆད་པར་འགྱུར་རོ། །གྲོག་འམ་ཆུ་ཤིང་གི་འདབ་མ་ལ་སྔགས་གུར་ཀུམ་གྱིས་དྲིས་ཏེ། སྐར་མ་མེ་བཞི་ལ་སྟོང་རྩ་བརྒྱད་བཟླས་ནས་མགུལ་དུ་བཏགས་ན་བྱིས་པ་ཆུང་ངུ་བསྲུང་བར་འགྱུར་རོ། །རྨ་བྱའི་སྒྲོ་འམ་མཐིང།། ་རིལ་གྱི་རྐང་ལ་ལན་སྟོང་ཕྲག་གསུམ་བཟླས་ནས་སྒོ་ཁང་གི་རྟ་བབས་སམ་སྒོ་སྟེང་དུ་བཙུགས་ནས། དེའི་འོག་ནས་འཛུལ་བའི་སྲོག་ཆགས་ཐམས་ཅད་ལ་ཡམས་ཀྱི་ནད་ཀྱིས་མི་ཚུགས་སོ། །ལས་ཚོགས་གཞན་དག་འདིར་གཞུང ་མངས་ཀྱིས་དོགས་ནས་མ་བྲིས་སོ། །ལས་དེ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ལ་བརྩེ་བ་ནི་ཁ་སྒོང་གི་མན་ངག་གོ། རྟོག་པའི་རྒྱལ་པོ་ལ་བརྟེན་ནས། །བླ་མའི་མན་ངག་ཇི་བཞིན་དུ། །གོ་རིམ་ཇི་བཞིན་བྲིས་པ་ལས། །མཁས ་པ་རྣམས་ཀྱིས་བཟོད་པའི་རིགས། །སྔོན་དུ་བསྙེན་པ་བྱས་ནས་ནི། །སྤགས་འདི་ཡིས་ནི་ལས་རྣམས་ཀུན། །བརྩོན་འགྲུས་ཐེ་ཚོ་མེད་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་པ ་སྒྲུབ་པའི་ཐབ་སློབ་དཔོན་ཆེན་པོ་ཀེ་དྷ་ར་ན་དྷ་ས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཔལ་གོ་མི་འཆི་མེད་དང། །བོད་ཀྱི་ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །། ་