CLOSE WINDOW

N2306: rdo rje rnam par 'joms pa zhes bya ba'i gzungs kyi 'grel pa rin chen phreng ba zhes bya ba
Wyliee-texts based on the ACIP/ALL Input

པཎྜི་ཏ་སྨྲི་ཏེ་ཛྙཱ་ན་ཀཱིར་ཏིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་ཀྱིས་བསྒྱུར་བའོ།། (།།རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འབྲེལ་བ་བཞུགས་སོ།།)་།།རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ ་མ་དྷ་ར་ཎི་རཏན་མཱ་ལ་པྲིཏྟི་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མ་རུངས་འཇོམས་མཛད་མི་ཤིགས་རི་བོ་འཛིན། །ཐུགས ་རྗེས་སྣང་བས་ཉོན་མོངས་པའི་སྐུ། །རང་བཞིན་དོན་རྣམས་མ་ལུས་སྡུད་མཛད་པའི། །དབྱེར་མེད་རང་བཞིན་གསལ་བའི་སྐུ་ལ་འདུད། །བླ་མའི་མན་ངག་ལ་བརྟེན་ནས། །དམན་པའི་དོན་དུ་རྡོ་རྗེའི་དོན་བཤད་བྱ། །འདི་སྐད་བདག་གིས་ཐས་པའི་དུས ་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གདན་བྱང་ཆུབ་སྙིང་པོ་ན་འཁོར་བྱང་ཆུབ་སེམས་དཔའ་ ་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་སོ། །བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་དེ་ཉིད་ལ་ཐིམ་ཞིང་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་དེ་ཉིད་ལས་ཏིང་ངེ་འཛིན་གྱི་རྣམ་པར ་འཕྲུལ་པ་མཛད་པ་ནི་རྣམ་པ་གསུམ་དུ་མཛད་དོ། །འདི་སྐད་དུ་རྡོ་རྗེ་དང། ཁྲོ་བོ་གཉིས་སུ་ཐོས་སོ། །གང་གིས་ཤེ་ན། ཕྱག་ན་རྡོ་རྗེ་བདག་གིས་ཐོས་ཏེ་དུས་གཅིག་ན་ཐོས་ཞེས་བྱའོ། །ཇི་ལྟར་ཐོས་ཞེ་ན། དེ་ནས་སངས་རྒྱས་ཀྱི་མཐུས་དང ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་ཞུས་ནས་ཐོས་ཏེ། དེ་ཡང་གཉིས་ཀྱི་དོན་ཞེས་དྲིས་ནས་སོ། །རྡོ་རྗེ་སྙིང་པོ་ལ་བྱུང་བ། རྡོ་རྗེ་ཁྲོ་བོའི་དོན་སྨྲས་པ་ཞེས་བྱ་བ་ནི་རྡོ་རྗེ་ནི་འཇོམས་བྱ་འཇོམས་པ་ལ་བྱ། ཁྲོ་བོ་ནི་འཇོམས་བྱེད་ལ་བྱའོ། །དེའི ་དོན་ནི་ཤེས་རབ་དང་སྙིང་རྗེ་ཞེས་པའོ། །ཤེས་རབ་ཀྱི་དོན་ནི་ཅི་ཞེ་ན། མི་ཆོད་པ། མི་ཤིགས་པ། བདེན་པ་སྲ་བ། བརྟན་པ་ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་མ་ཕམ་པའོ། །དེའི་ཐབས་ནི་དོན་ཅི་ཞེ་ན། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། ་སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པའོ། །འོ་ན་ཤེས་རབ་ཀྱི་ཡོན་ཏན་ཅི་ཞེ་ན། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། ལས་ཐམས་ཅད་སྒྲུབ་པར ་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། ཐབས་ཀྱི་ཡོན་ཏན་ཅི་ཞེ་ན། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་པར་བྱེད་པ། འབྱུང་པོ་ཐམས་ཅད་ཚར་གཅོད་པ། འབྱུང་པོ་ཐམས་ཅད་འགུག་པར་བྱེད ་ཅིང། གཞན་གྱི་རིག་སྔགས་དང་འབྱུང་པོའི་གདོན་རླག་པར་བྱེད། སྲུང་བར་བྱེད། དེ་ལས་ཐར་བར་བྱེད་དོ། །འོ་ན་ཤེས་རབ་ཀྱི་ལས་ཇི་ལྟ་བུ་ཞིག་བྱེད་ཅེ་ན། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་གམ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད ་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་པའོ། །ལས་ཐམས་ཅད་པའི་བུམ་པ་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའོ། །དེས་མ་གྲུབ་པ་གྲུབ་པར་འགྲོ་སྟེ། དེས་བར་ཆད་མེད་པས་གྲུབ་པ་དེ་ཆུད་མི་ཟ་བར་སྒྲུབ་ནུས་ཤིང། སེམས་ཅན་གཞན་ལ ་ནུས་པ་སྐྱེད་པར་བྱེད་པའོ། །འོ་ན་ཐབས་ཀྱི་ལས་ཇི་ལྟ་བུ་ཞེ་ན། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ་རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་རབ་ཏུ་སྨྲས་སོ། །ཞེས་བྱ་བ་ནི་སྲུང་བ ་དང་ཕྲིན་ལས་བཞིའི་ལས་དང། ཁྱད་པར་དུ་རེངས་པར་བྱེད་པ་དང། རྨུགས་པའི་ལས་སོ། །ལས་དེ་གང་གིས་རྟོགས་པར་བྱ་ཞེ་ན། གསང་སྔགས་ཀྱི་མཐུ་ཆེན་པོ་འདིས་རྟོགས་པར་སྨྲ་བར་བྱའོ། །འོ་ན་ཇི་ལྟར་སྨྲ་བར་བྱ་ཞེ་ན། ན་མོ ་རཏན་ཏྲ་ཡཱ་ཡ་ན་མཤཙཎྜ་བཛྲ་པཱ་ཎ་ཡེ་ཞེས་བྱ་བ་སྔོན་དུ་སོང་ནས་སོ། །དེའི་དོན་ནི་རང་སྟན་བདེ་བ་ལ་འདུག་སྟེ། ཚོགས་གཉིས་སྔོན་དུ་སོང་ནས་བདག་ཉིད་རིག་པ་ཧཱུཾ་དུ་བསམ་སྟེ། དེ་ལས་འོག་གི་ཕྱོགས་སུ་རྡོ་རྗེ་རྒྱ་གྲམ། སྟེང་བུར། ཕྱོགས་འཚམས་རྩིག ་པའོ། །དེ་ནས་ཧཱུཾ་དེ་ལས་པུཾ་ཞེས་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཁྱུང་དང་བཅས་པ། ལྟེ་བ་ཉི་མའི་དཀྱིལ་འཁོར་ལ་འཁོར་ལོ་རྩིབས་བཅུ་པའོ། །དེའི་དབུས་ཀྱི་ལྟེ་བའི་ཉི་མ་ལ་ཧཱུཾ་བསམས་ཏེ་འོད་དུ་ཞུ་བ་ལས་རྡོ་རྗེ་དཀར་པོ་གཅིག་ཏུ་གྱུར་ནས་དེའི ་ལྟེ་བ་ལས་ཧཱུཾ་ལས་འོད་འཕྲོས་ནས་སེམས་ཅན་དང་སྣོད་དུ་བཅས་པ་སྦྱངས་ཏེ། རྡོ་རྗེ་ཞུ་བས་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་དོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྒྱན་རྣམ་པར་དུ་མས་བརྒྱན་པ། ཐུགས ་ཀར་ཟླ་བའི་སྟེང་ན་ཧཱུཾ་ངོ། །དེ་ལས་མ་བཅུ་ལས་ཉི་མའི་དཀྱིལ་འཁོར་བཅུར་བསྒོམས་ནས། དེའི་སྟེང་དུ་ཧཱུཾ་བཅུ་ཐམ་པ་ལས་ཁྲོ་བོ་བཅུ་རུ་བསྒོམས་པ་ནི་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྐུ་མདོག་དཀར་པོ་རྡོ་རྗེ་འཛིན་པའོ། །ལྷོ་ཕྱོགས་སུ་གཤིན་རྗེ ་གཤེད་པོ་སྐུ་མདོག་དམར་ནག་ཕྱག་ན་རིན་པོ་ཆེ་བསྣམས་པའོ། །ནུབ་ཕྱོགས་སུ་རྟ་མགྲིན་རྟ་མགོ་ལྗང་གུ་མདོག་དམར་པོ་ཕྱག་ན་པདྨ་བསྣམས་པའོ། །བྱང་ཕྱོགས་སུ་བདུད་རྩི་འཁྱིལ་པ་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་པའོ། །ཤར་ལྷོ་ན་དབྱུག་པ ་སྔོན་པོ་རྡོ་རྗེ་བེ་ཅོན་ནོ། །ལྷོ་ནུབ་མཚམས་སུ་ཨ་མོ་གྷ་པཱ་ཤ་སྐུ་མདོག་མཐིང་ནག་སྤྲུལ་ཞགས་བསྣམས་པའོ། །ནུབ་བྱང་མཚམས་སུ་འདོད་པའི་རྒྱལ་པོ་དམར་ནག་ཕྱག་ན་གྲི་གུག་བསྣམས་པའོ། །བྱང་ཤར་མཚམས་སུ་རྡོ་རྗེ་འཁོར་ལོ་སྐུ་མདོག་ལྗང་ཁུ་ཕྱག་ན ་འཁོར་ལོ་འཛིན་པའོ། །སྟེང་གི་ཕྱོགས་སུ་ཧཱུཾ་ཀ་ར་མཐིང་ནག་ཕྱག་ན་རལ་གྲི་བསྣམས་པའོ། །འོག་ཕྱོགས་སུ་སྟོབས་པོ་ཆེ་ནམ་མཁའ་ཨི་མདོག་ཅན་རྡོ་རྗེ་རྩེ་གསུམ་པ་འཛིན་པའོ། །དེ་རྣམས་ཞབས་བརྐྱང་བསྐུམ་དུ་བཞུགས་ཤིང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ་ཐུགས་ཀྱང་ཧཱུཾ་བསམས ་ཏེ། སྤྱན་དྲང་བ་ལ་སོགས་པ་བྱའོ། །དེའི་སྔགས་ནི། ཏདྱ་ཐཱ། ཨོཾ་ཏྲོ་ཊ་ཏྲོ་ཊ་ཡ། སཕུ་ཊ་ཡ་སཕོ་ཊ་ཡ། གྷུརྞ་གྷུརྞ་པ་ཡ་གྷུརྞ་པ་ཡ། ཞེས་པ་ནི་གཙོ་བོ་དང་ཁམས་གསུམ་རྣམ་རྒྱལ་དང། གཤིན་རྗེ་གཤེད་དང། རྟ་མགྲིན་དང། བདུད ་རྩི་འཁྱིལ་པ་དང། ཧཱུཾ་མཛད་དང། སྟོབས་པོ་ཆེའོ། །ཁམས་གསུམ་རྣམ་རྒྱལ་གྱིས་ཞེ་སྡང་ཞེ་བར་གྱིས་ཤིག་།རྡོ་རྗེ་བེ་ཅོན་གྱིས་ཞེ་སྡང་རབ་ཏུ་ཞི་བར་གྱིས་ཤིག་།བོ་དྷ་ཡ་བོ་དྷ་ཡ་ཞེས་པའོ། །གཤིན་རྗེ་གཤེད་པོས་བཟུང་འཛིན་རབ་ཏུ་ཞི་བར་གྱིས་ཤིག། ཨ་མོ ་གྷ་པཱ་ཤས་ཡང་དག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་།སོཾ་བོ་དྷ་ཡ་སཾ་བོ་དྷ་ཡ། རྟ་མགྲིན་གྱིས་འདོད་ཆགས་རབ་ཏུ་ཞི་ཞིང་ཡེ་ཤེས་ཀྱི་རང་བཞིན་གསལ་བ་དང། འདོད་པའི་རྒྱལ་པོས་ཡེ་ཤེས་དེ་དང་མི་འཐུན་བ་སོལ་ཅིག་།བྷྲ་མ་བྷྲ་མ། བདུད་རྩི་འཁྱིལ ་པ་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་སྤེལ་བ་དང། ཁྲོ་བོ་རྡོ་རྗེ་འཁོར་ལོས་ཡང་དག་པར་སོལ་ཅིག་།སོཾ་བྷྲ་མ་ཡ་སོཾ་བྷྲ་མ་ཡ། ཧཱུཾ་ཀ་རས་ཟུར་ཞིག་།སྟོབས་པོ་ཆེས་རྗེས་སུ་ཟུང་ཞིག་།དེ་ལྟར་རྩ་བའི་གསང་སྔགས་བལྟམས། ད་སྒོ་བ་བསྟན་པ་ནི་རྡོ་རྗེ་རྣོན་པོ ་མདོག་མཐིང་ནག་རྡོ་རྗེ་རྩེ་གཅིག་པ་བསྣམས་པའོ། །ཡོན་ཏན་རབ་ཏུ་ཁྲོས་པ་མདོག་སེར་བོ་ཕྱག་གྲི་གུག་བསྣམས་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་བསྣམས་པའོ། །བྱང་དུ་རྡོ་རྗེ་དྲིལ་བུ་མདོག་ལྗང་ཁུ་དྲིལ་བུ་བསྣམས་པའོ། །དེ་ལྟར་དཀྱིལ་འཁོར་སྐྱེད ་ནས་ནི། གཙོ་བོ་ཐུགས་ཀའི་ཧཱུཾ་ལས་ནི། །ཤར་དུ་པདྨའི་གདན་སྟེང་སུ། །བདག་ཉིད་ཕྱག་ན་རྡོ་རྗེར་བསྒོམ། །སྤྱན་དྲངས་བསྟིམས་ནས་གསང་སྔགས་བཟླ། དེ་ནི་སྔོན་དུ་བསྙེན་པའི་དོན་ཏོ། ད་ནི་ལས་སོ་སོ་ལ་སྦྱར་བ་ནི་སྦྱིན་སྲེག་རིམ་པ་བྱ་བ་ནི་དང་པོ་ཞི་བ་ཤར་དུ་ཁྲུ ་གང་ཟླུམ་པོ་འདབ་མ་བཞི་པ་ལ་རྡོ་རྗེ་དཀར་པོ་སོར་བརྒྱད་དགོད། །དྲི་ཞིམ་དཀར་པཱི་ཤིང་ལ་བྱའོ། །མཆོད་རྫས་སྲེག་རྫས་དྲི་ཞིམ་དཀར། །རྫས་རྣམས་ལ་ནི་སྦྱིན་སྲེག་བྱའོ། །ོཾ་སརྦ་བི་ཤུདྡྷ(རྒྱུད་འགྲེལ་སྟོང་པའི་ཏིང་འཛིན་ལས། །བདག་ཉིད་ཧཱུཾ་དུ་རབ་བསམས་ཏེ། དེ་ལས་ཐབ་ཁུང་བུཾ་ལས་བསྐྱེད། །པདྨ་འདབ་བཞི་གེ་སར་ལ། །དབུས་སུ་ཟླ་བའི་དཀྱིལ་འཁོར་བསམ། །དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་གཅིག་ཏུ་གྱུར་པར་བསམས་ཏེ། དེ་ཡོངས་སུ་གྱུར ་པ་ལས་རྡོ་རྗེ་རྣམ་པར་འཇོམས་པར་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །དེའི་ཐུགས་ཀ་ན་ཟླ་བའི་སྟེང་དུ་རཾ་གྱི་མཛའ་མ་ཕར་ལ་ན་མཤཙཎྜ་བཛྲ་པཱ་ཎཱ་ཡེ་ཧཱུཾ་གིས་བསྐོར་བར་བསྒོམ། །ཤར་དུ་ཉི་མའི་ཐོག་ཏུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་ལས་ཁམས ་གསུམ་རྣམ་པར་རྒྱལ་བ་མདོག་དཀར་པོ་ཕྱག་ན་བསྣམས་པའོ། །ལྷོར་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་དེ་ལས་གཤིན་རྗེ་གཤེད་དམར་ནག་ཕྱག་ན་རིན་པོ་ཆེ་བསྣམས་པའོ། །ནུབ་ན་རྟ་མགྲིན་དམར་པ་ཕྱག་ན་པདྨ་བསྣམས་པའོ། །བྱང་དུ་བདུད་རྩི་འཁྱིལ་པ ་མདོག་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་པའོ། །ཞབས་བརྐྱང་བསྐུམ་སྟག་དང་སྤྲུལ་གྱིས་བརྒྱན་པ། ཐུགས་ཀ་ན་ཟླ་བའི་ཐོག་ན་རཾ་འོད་དུ་འབར་བ་ཅན་ནོ། །མཛའ་མར་བསྐོར་བ་ནི། ཨོཾ་བོ་དྷ་བོ་དྷ། སཾ་བྷོ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ ་ཡ་སཾ་བྷྲ་མ་ཡ་ཞེས་པའོ། །སྤྱན་དྲང་བ་དང་བསྟིམ་པ་ལ་སོགས་པ་རྫོགས་པས་ཞི་བར་བྱ་བའི་ཕྱིར་གོང་གི་རྩ་བའི་སྔགས་ལས་སརྦ་བྷུ་ཏ་ནི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ཞི་བར་འགྱུར་རོ། །རྒྱས་པ་ལ་ནི་གྲུ་བཞི་ཁྲུ་གང་བ་དབྱིབས་སེར་པོ་བྱུགས ་ལ་ནང་དུ་འཁོར་ལོ་རྩིབས་བཞི་པ་གསེར་དང་འདྲ་བ་ལ་རྡོ་རྗེ་སེར་པོ་དགོད་པར་བྱའོ། །ཙནདན་ན་མ་དྲི་དང་ལྡན་པའི་མེལ་ཏིལ་བསྲེག་པར་བྱའོ། །དེའི་དོན་ནི་སྟོང་པ་ཉིད་ལས་བདག་ཉིད་ཧཱུཾ་དུ་བསམས་ཏེ་དེ་ལས་འཕྲོས་པས་གསེར་གྱི་འཁོར་ལོ ་རྩིབས་བཞི་པ་བསམས་ཏེ། དེའི་ལྟེ་བ་ལ་ཉི་མའི་ཐོག་ཏུ་ཧཱུཾ་ཞུ་བ་ལས་རྡོ་རྗེ་སེར་པ་ལས་རྡོ་རྗེ་རྣམ་པར་འཇོམས་པར་བསྐྱེད། །གཞན་གོང་དང་འདྲ་བ་ལས་སེར་པོ་རཾ་སེར་པོའོ། །ན་མ་ཤཙཎྜ་བཛྲ་པཱ་ཎ་ཡེ། ཨོཾ་ཏྲ་ཊ་ཏྲ་ཊ། སཕོ་ཊ་སཕུ་ཊ། སཕོ་ཊ་ཡ་སཕོ་ཊ་ཡ། ་ཏདྱ་ཡ་ཐཱ། སརྦ་སཏྭ་ནི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། དབང་གི་ཟླ་གམ་དམར་པོ་སྟེ་ནང་དུ་པདྨ་དམར་པོ་འདབ་མ་དྲུག་པའི་རྡོ་རྗེ་དམར་པོ་བྲིའོ། །སེང་ལྡེང་ལ་སོགས་པ་དམར་པཱི་ཤིང་ཡུངས་ཀར་དམར་བོ་ལ་དགུག་པའི་ལས་བྱ་ཞིང་བསྲེག་གོ། དེའི་དོན་ནི་སྟོད་པ་ལས ་བདག་ཉིད་ཧཱུཾ་དུ་བསམས་ཏེ། པཾ་ལས་པདྨ་དམར་པོའི་འདབ་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དམར་པོ་དེ་ལས་རྡོ་རྗེ་རྣམ་པར་འཇོམས་པ་མདོག་དམར་པོ་ཐུགས་ཀར་ཉི་མའི་ཐོག་ཏུ་རཾ། དམར་པོ་གཞན་གོང་དང་མཐུན་པ་ལས་རཾ་དམར་པོའོ། །སྟེང་དུ་ཧཱུཾ་ཀ་ར་མཐིང་ཀ་རལ་གྲི ་འཛིན་པ། འོག་ཏུ་སྟོབས་པོ་ཆེ་ནམ་མཁའ་ཨི་མདོག་ཅན་རྡོ་རྗེ་རྩེ་གསུམ་པའོ། །ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། གྷ་ཊ་གྷ་ཊ། སམ་གྷ་ཊ་ཡ་སཾ་གྷ་ཊ་ཡ། གྷུརྞྞ་གྷུརྞྞ། གྷུརྞྞ་པ་ཡ་གྷུརྞྞ་པ་ཡ། སརྦ་ཤ་ཏྲཱུཾ་ཨ་མོ་གྷ་ཀུ་རུ་ཀུ་ལེ་ཝ་ཤི་ཀུ་རུ་སྭཱ་ཧཱ། བཤད་པ ་ལ་ནི་འདི་ཡིན་ཏེ། དུར་ཁྲོད་འཇིགས་པའི་གནས་ཕྱིན་ལ། དུར་ཁྲོད་ས་ལས་བྱས་པ་ཡི། །གྲུ་བཞི་སྒོ་བཞི་རྒྱ་གྲམ་བྲི། །ལྟེ་བར་གྲུ་གསུམ་ཐོད་པར་བསྐོར། །ཕུར་བུའི་རྫས་ནི་གཏོར་མ་བཞི། །ལྕགས་ཕྱེ་རྡོ་རྗེ་ཡུངས་ཀར་རྣམས། །གོ་རིམས་བཞིན་དུ་བསག ་པར་བྱ། །རྫས་རྣམས་བཀྲམ་ནས་བསྒོམ་པ་ནི་དང་པོ་བསོད་ནམས་ཀྱི་བདག་ཉིད་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས་ལ་ཨོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨཀོཧཾ་ཞེས་བྱ་བས་སྟོང་པ་ཉིད་དུ་བསྒོམ་པའོ། དེ་རྗེས་པྲུཾ་ལས་གཞལ་ཡས ་ཁང། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དན་རིན་ཆེན་ཏེ། །ནང་གི་དུར་ཁྲོད་འཇིགས་པའོ། །རྡོ་རྗེ་རྒྱ་གྲམ་ནག་པོ་སྟེ། །གྲུ་གསུམ་ནམ་མཁའ་ཨི་མདོག་ཅན་བསྒོམ། །གྲུ་གསུམ་ནང་དུ་ཟླ་སྟེང་དུ། །ཧཱུཾ་ལས་རྡོ་རྗེ་ནག་པོ་ཅན། །རིག་པར་བྱས་ཏེ་འོད་དུ ་ཞུ། །དེ་ལས་རྡོ་རྗེ་ནག་པོའི་སྐུ། །བརྐྱང་བསྐུམ་རྡོ་རྗེ་ནག་པོ་བསྣམས། །གཡོན་ན་དྲིལ་བུ་སྡིགས་འཛུབ་མཛད། །ཁྲོས་པའི་ཞལ་མདོག་སྟག་ལྤགས་གྱོན། །ཞལ་ནས་ཧཱུཾ་སྒྲོགས་དཔའ་བོ་ཆེ། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །ཤར་ཕྱོགས་རྡོ་རྗེ་རྩེ་མོ་ལ། །ཁྲོ་བོ་བདུད་ལས ་རྒྱལ་བྱེད་ནི། །ལྕགས་ཀྱུ་ཕུར་བུ་སྐུ་མདོག་དཀར། ཟླ་བའི་གདན་ལ་བརྐྱང་བསྐུམ་བཞུགས། །ལྷོ་ཕྱོགས་རྡོ་རྗེ་རྩེ་མོ་ལ། །ཁྲོ་བོ་གཤིན་རྗེ་གཤེད་པོ་ནི། །སྐུ་མདོག་དམར་ནག་འཇིགས་པ་ལ། ཕྱག་ན་གྲི་གུག་ཕུར་པ་བསྣམས། །ནུབ་ཕྱོགས་ཁྲོ་བོའི་རྒྱལ་པོ་ནི། ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ན། །སྐུ་མདོག་དམར་པོ་འཇིགས་པ་ལ། །རྡོ་རྗེ་རྩེ་གཅིག་ཕུར་པ་བསྣམས། །བྱང་ཕྱོགས་ཁྲོ་བོའི་གྱལ་པོ་ནི། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ནག་འཇིགས་པ་ལ། །ཕྱག་ན་ཞགས་པ་ཕུར་པ་འཛིན། །ཁྲོས ་པའི་ཞལ་ལྡན་འཇིགས་པའོ། །རྒྱན་རྣམས་འཛིན་པར་སྒོམ་པར་བྱའོ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །གསང་བའི་སྔག་ཀྱི་བཟླས་པ་བྱ། །ོཾ་ཧེ་ཕུ་ལུ་ནི་རུ་ཕུ་ལུ་གྲིཧྞ་གུ་ལུ་མི་ལི་ཙུ་ལུ་ཀུ་རུ་ཀུ་རུ་བཛྲ་བི་ཛ་ཡ་སྭཱ་ཧཱ། དེ་ནི་ཁམས་གསུམ་རྣམ་པར་རྒྱལ ་བའི་རྩ་སྔགས་ཏེ། ཚར་བཅད་པའི་ལྕགས་ཀྱུ་དང། ཕུར་པའི་འོ། །ོཾ་ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ནི་པྲ་མོ་ཊ་ནཱ་ཡ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། དེ་ནི་གཤིན་རྗེ་གཤེད་པོའི་སྔགས་ཏེ། ལས་ཀྱི་སྔགས་གྲི་གུག་དང་ཕུར་པའི་སྔགས་སོ། །ཙ་ར་ནི ་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་པ་ཡ་བཛྲ་ཀཱི་ལི་ཀི་ལཱ་ཡ་སྭཱཧཱ། ཞེས་པ་རྟ་མགྲིན་གྱི་སྔགས་ཏེ། ལས་ཀྱི་སྔགས་ཏེ། རྡོ་རྗེ་རྩེ་གཅིག་པ་དང་ཕུར་པའི་སྔགས་སོ། །ཙྪིནད་ཙྪིནད། བྷིནད་བྷིནད། མཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། བནདྷ་བནདྷ། ཀྲོ་དྷ་ཀྲོ་དྷ། ཀཱི་ལི་ཀཱི ་ལཱ་ཡ་སྭཱ་ཧཱ། ཞེས་པ་ནི་སྒོ་བའི་སྔགས་སོ། །ལས་ཀྱང་སྔགས་ཏེ། ཞགས་པ་དང་ལྕགས་སྒྲོག་དང། ལྕགས་ཀྱུ་དང། དྲིལ་བུའོ། །ཙུ་རུ་ཙུ་རུ། ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པ་སྟེ། ཞགས་པ་དང་ཕུར་བུ? ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་གཙོ་བོ་རྣམ་པར་འཇོམས་པའི་སྔགས་ཏེ། ལས་ཀྱི་རྡོ་རྗེ་དང་ཕུར་པའི་སྔགས་སོ། །ཀུ་ཊ་ཀུ་ཊ་སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ་སརྦ་ཤ་ཏྲུཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཡུངས་ཀར་དང་ལྕགས་ཕྱེས་གདབ་པའོ། །དེའི་གཏོར་མ་བསྟན་པ ་ནི། གསེར་དང་དངུལ་ཟངས་ལྕགས་སྣོད་ནང་དུ། །དཀར་གསུམ་མངར་གསུམ་ལ་དུ་དང། །སྣུམ་ཁུར་འབྲུ་རྣམས་ཡོངས་སུ་དགང། །དེ་རྣམས་བྱིན་བརླབས་རིན་ཆེན་སྣོད། །འབྲུ་གསུམ་སྔགས་ཀྱིས་སྦྱང་ཞིང་སྤེལ། ཨོཾ་ཨཱ་ཧཱུཾ། དེ་ནས་མཆོད་པ་བྱ་བ་ནི་དང་པོ་གཙོ་བོ ་མཆོད་པ་ནི། ན་མ(རྒྱུད་འགྲེལ་ལ་མཱ་ཡེ་ཨ་ཏི་བཛྲ། མཧཱ་བ་ལེ། བི་ག་ར་ཎ། ཨ་ཛི་ཏི་ཛཝ་ལ་ཛཝ་ལ། ཏི་ཊ་ཏི་ཊ་པིངྒ་ལེ། ད་ཧ་ད་ཧ་ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནདྷ་བནདྷ། ཞེས་བྱ་བའི་གླུ་དང་དན་པས་མཆོད་པ་ནི། མཧཱ་བ་ལི། ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར་བཛྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། བཛྲ ་ཀྲོ་དྷ་ཛཝཱ་ལཱ་ཡ་སྭཱ་ཧཱ། ཞེས་པ་གཏོར་མ་དབུལ་བར་བྱའོ། །ད་ནི་རེངས་པའི་ལས་བྱ་བ་ནི་དོང་གྲུ་གསུམ་པ་བྱ་སྟེ། དེའི་ནང་དུ་འཁོར་ལོ་གཞུག་པ་ནི་གཟུགས་བཞག་འཁོར་ལོ་རྩེ་གསུམ་ལ་བརྒྱངས་ལ། སྔགས་མ་ཏིསྠི་བ་བཛྲ། སུ་ཏིསྠི་ར་བཛྲ་པྲ་ཏིཤཏི་ར ་བཛྲ། ཞེས་པ་ནི་མགོ་བོ་དང། རྐང་པ་གཉིས་ལའོ། །མཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ། ཤཱི་གྷྲཾ་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ། ལག་པ་གཉིས་དང། རྩི་བ་ལོགས་གཉིས་དང། གསང་བའི་གནས་དང་ལྟེ་པའོ། །ད་ལྟ་བུའི་རྡོ་རྗེ་ཕུར་བུ་བརྒྱད་ཀྱི་བཏབ ་ལ་གྲུ་གསུམ་དུ་གཞུག་གོ་།རང་ཉིད་བསྒྲུབ་པའི་དཀྱིལ་འཁོར་བཞིན་བསྒོམ་པ་ལས་བྱའོ། །བསྲུང་བ་ནི་གྲོག་འམ་རས་སམ་གང་ཡང་རུང་པ་ལ་འཁོར་ལོ་རྩིབས་དྲུག་པ་བྱ་སྟེ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། དགོད་པར་བྱའོ། །ལྟེ་བ་ལ་སརྦ་བཛྲ་ཀུ་ལཾ་ཨཱ་བརྟ ་ཡ་སྭཱ་ཧཱ། དེའི་ཕྱི་རོལ་ཏུ་འཁོར་ལཱཾ་མུ་ཁྱུད་ལ་གསལ་བྱེད་དགོད་དོ། །དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བརྒྱད་ལ། མ་ཏིསྠི་ར་བཛྲ། སུ་ཏིསྠི་ར་བཛྲ། པྲ་ཏིཤཏི་ར་བཛྲ། མཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ། ཤཱི་གྲཾ། ་དྷཱ་རཱ་ཡ་བཛྲ་སྭཱ་ཧཱ། མུ་ཁྱུད་ལ་དབྱངས་ཀྱི་ཡི་གེ་ཆ་དགོས་པར་བྱའོ། །དེའི་དོན་ནི་ཁྲོ་བོ་བཅུ་ཧཱུཾ་ལས་འཁོར་ལོ་ལ་བསྐྱེད་ལ་མཆོད་པ་དང། བསྟིམ་པར་བྱས་ལ་སྔགས་འདི་བཟླས་པ་བརྒྱ་རྩ་རྒྱད་དམ་ཉི་ཤུ་རྩ་གཅིག་བཟླས་ཏེ་ལུ་ལ་བཏགས་ན། གཟའ་དང་རྒྱུ ་སྐར་བྱད་སྟིམས་དང། མི་བཟད་པའི་ནད་རྣམས་ཀྱང་ཞི་བར་འགྱུར་རོ། །དེས་ནི་ཐབས་ཀྱི་དོན་བཤད་དོ། །ད་ནི་ཤེས་རབ་ཀྱི་དོན་དམ་པ་ནི་སའི་མཆོག་ལ་སོགས་པ་རྫོགས་པར་བྱས་ནས། མཎྜལ་ཤིན་ཏུ་དྲི་ཞིམ་པ་དང་ལྡན་པའི་ཐོག་ཏུ་དྲིའི་ཐིག་ལེ་བཅོ་ལྔ་བྱ་སྟེ། བུམ ་པའི་མཚན་ཉིད་འཆད་པར་འགྱུར་བའི་རྫས་དང་བཅས་པ་བཅོ་ལྔ་བཞག་པར་བྱའོ། །ཕྱོགས་སྐྱོང་བའི་གཏོར་མ་ཡང་བཞག་པར་བྱའོ། །མཆོད་པ་རྣམ་པ་ལྔ་ཡང་བཤམས་ཏེ། འོག་ན་སྟོན་པའི་ལས་ཐམས་ཅད་པའི་བུམ་པའི་ཆུས་བསངས་ལ། བསྒྲུབ་པ་ནི་བྱང་ཆུབ་ཏུ ་སེམས་བསྐྱེད་ཅིང། ཨོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨཀོཧཾ་ཞེས་པ་སྟོང་པར་བསྒོམ་མོ། །དེའི་རྫས་ལ་བདག་ཕྱག་ན་རྡོ་རྗེས་བསྒོམས་པའི་ཐུགས་ཀའི་ཧཱུཾ་དེ་ལས་པཾ་བཅོ་ལྔ་འཕྲོས་པས་པདྨ་དེའི་སྟེང་དུ་བྲུཾ་ལས་བུམ་པ་བཅོ་ལྔ་བསྐྱེད་ལ། དེའི་ནང་དུ་ཧཱུཾ་དེའི་ཆ་ཤས ་ཧཱུཾ་ར་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟ་བ་ལ་ཧཱུཾ་དང་བཅས་པར་བསམས་ཏེ། རྡོ་རྗེ་ལ་སྔགས་ཀྱིས་བསྐོར་བ་ནི་སྟེང་དུ། ཨོཾ་ཧ་ར་ཧ་ར་བཛྲ། ཤར་དུ་ཨོཾ་མ་ཐ་མ་ཐ་བཛྲ། ཤར་ལྷོར་དྷུ་ན་དྷུ་ན་བཛྲ། ལྷོར་ད་ཧ་ད་ཧ་བཛྲ། ལྷོ་ནུབ ་དུ་པ་ཙ་པ་ཙ་བཛྲ། ནུབ་དུ་དྷ་ར་དྷ་ར་བཛྲ། ནུབ་བྱང་མཚམས་སུ་དཱ་ར་ཡ་དཱ་ར་ཡ་བཛྲ། བྱང་དུ་དཱ་རུ་ཎ་དཱ་རུ་ཎ་བཛྲ། བྱང་ཤར་དུ་ཙྪིནད་ཙྪིནད་བཛྲ། འོག་ཏུ་བྷིནད་བྷིནད་བཛྲ། དེ་ཡོངས་སུ་བསྐོར་བའི་རྡོ་རྗེའོ། །ཤར་དུ་མ་ཐ་བཛྲ་བཛྲ། ལྷོར་སཕོ་ཊ་བཛྲ་བཛྲ། ནུབ་ཏུ་ཀ་ཊ་བཛྲ་བཛྲ། བྱང་དུ ་མ་ཐ་བཛྲ་བཛྲ། དབུས་སུ་སརྦ་བིདྱཱ་བཛྲ་བཛྲ། དེ་ལྟར་སྔགས་རྣམས་བཀོད་ནས། ཧཱུཾ་ལས་འོད་འཕྲོས་སྤྱན་དྲང་བ་ནི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་བཟླས་པ་བྱ་བ་ནི་ཉི་ཤུ་རྩ་གཅིག་གམ་།བརྒྱ་རྩ་བརྒྱད་ཐིམ་པ་དང། ཡེ་ཤེས་ནམ་མཁའ་ལ་ཉི་ཟླ་ཡིས ་བཏེག་ལ་དམ་ཚིག་བསྡུ། བུམ་པའི་ཆོ་ག་རྫོགས་པ་དང། །མཎྜལ་གནས་ནི་གཞན་དུ་བཞག། ཁ་ཚར་མཉམས་རས་སྟེང་དུ། །སློབ་མ་བསངས་ནས་སྡོམ་པ་སྦྱིན། །དེ་ནས་ཐིག་གི་ལས་བྱ་སྟེ། །ཚད་དང་ལྡན་པའི་ཐིག་སྐུད་ལ། །དྲི་ཞིམ་ཆུ་ཡིས་བྱུག་པ་ནི། །ཚངས་ཐིག ་ནས་བཟུང་ཟུར་དང་ལོགས། །དེ་ནས་ཆ་རྣམས་དབྱེ་བར་བྱ། །དེ་ནས་ཚོན་གྱི་ལས་བྱ་སྟེ། །རིན་ཆེན་སྣ་ལྷའི་ཕྱེ་མ་ལ། །བྱིན་བརླབས་རྫོགས་ནས་དེ་ནས་དགྱེས། །ལྟེ་བར་ཟླ་བའི་མཎྜལ་བྲི། །འཁོར་ལོ་རྩིབས་བཅུ་སེར་པོ་བྲི། །གྲུ་བཞི་སྒོ་བཞི་རྟ་བབས་བྲི། །དེ་ལྟར་བྲིས་ནས ་རྫས་རྣམས་ནི། །བུམ་པ་མ་ནོར་ཕྱོགས་སུ་དགྲམ། །རྡོ་རྗེ་རྡོ་རྗེའི་སྟེང་དུ་དགོད། །ལམ་གྱི་བུམ་པ་ཤར་དུ་དགོད། །མཆོད་པ་མེ་ཏོག་སྤོས་དག་དང། །ལྷ་བཤོས་དྲི་དང་བུམ་པ་བཞིན། །དེ་ལྟར་བཀོད་ནས་ཆོ་ག་ནི། །སྡིག་པ་བཤགས་པ་ལ་སོགས་བྱའོ། །ོཾ་མཧཱ་ཤུ་ནྱ་ཏྲ་ཛྙཱ་ན ་སྭ་བྷཱ་བ་ཨཏྨ་ཀོཧཾ་ཞེས་བྱ་བས། སྟོང་པ་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལ་བདག་ཉིད་ཧཱུཾ་དུ་བསྒོམས་ནས་བྲུཾ་ལས་གཞལ་ཡ་ཁང་བསྐྱེད་དེ་དེའི་སྟེང་དུ་པདྨ་བཅོ་ལྔ་བསམས་ལ། །དེའི་ཐོག་ཏུ་བུམ་པ་བསྐྱེད་ལ་སྔ་མ་བཞིན་རྡོ་རྗེ་དང་ཧཱུཾ་ཁང་བསམས་ཏེ། ཡེ་ཤེས ་བཏེག་པ་དེ་ཡང་བསྟིམ་མོ། །དེ་ནས་འོད་ཟེར་འཕྲོ་ལས་རྡོ་རྗེ་དང་ཧཱུཾ་ཞུ་བ་ལས་ཁྲོ་བོ་བཅོ་ལྔ་བསྐྱེད་པ་ནི་དབུས་སུ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཤར་དུ་ཁམས་གསུམ་རྣམ་རྒྱལ་མདོག་དཀར་པོ་ཤེལ་གྱི་རྡོ་རྗེ་དང་སྡིགས ་མཛུབ་ལྷོར་གཤིན་རྗེ་གཤེད་དམར་པོ་ཤེལ་དང་སྡིག་འཛུབ། །ནུབ་ཏུ་ར་མགྲིན་དམར་པོ་པདྨ་དང་སྡིགས་མཛུབ། །བྱང་དུ་བདུད་རྩི་འཁྱིལ་བ་དུརྦ་དང་སྡིགས་མཛུབ། ཤར་ལྷོར་དབྱུག་པ་སྔོན་པོ་རིན་པོ་ཆེའི་ཙན་དན་དང་སྡིགས་མཛུབ། ལྷོ་ནུབ་ཏུ་དོན་ཡོད་ཞགས ་པ་མཐིང་ཀ་ཡུངས་ཀར་དང་སྡིག་མཛུབ། །ནུབ་བྱང་དུ་ཁྲོ་གཉེར་ཅན་དམར་ནག་རིན་པོ་ཆེ་དང། སྡིགས་མཛུབ། བྱང་ཤར་དུ་རྡོ་རྗེ་འཁོར་ལོ་ལྗང་གུ་རིན་པོ་ཆེ་གསེར་གྱི་འཁོར་ལོ་དང་སྡིགས་མཛུབ། སྟེང་དུ་གནོད་མཛེས་མཐིང་ནག ་གདུགས་དང་སྡིགས་མཛུབ། འོག་ཏུ་རྡོ་རྗེ་སྡེར་མོ་རྒྱལ་མཚན་དང་སྡིག་མཛུབ། མདོག་དཀར་པོ་བུམ་པའི་ནང་དུ་ཅུང་ཞིག་ཁྲོས་པའི་མདོག་གོ་།སྒོ་བ་བཞི་ནི་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་མདོག་དཀར་པོ་རྡོ་རྗེ་ཞུ་བ་ལས་བསྐྱེད ་ཅིང་བསྒོམ་མོ། །དེ་རྣམས་ཀྱང་རྡོ་རྗེ་དཀར་པོ་ལྟེ་བ་ལ་ཧཱུཾ་དང་བཅས་པཌམ་པའི་སྟེང་དུ་བསམ་མོ། །དེ་ནས་ཡེ་ཤེས་སྤྱན་དྲངས་ལ་མཆོད་པ་ནི། ཨོཾ་བཛྲ་དྷུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་པུཥཔེ་པུ་ཛ་མི་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ ་ཧཱུཾ། ཨོཾ་བཛྲ་ཨ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་གནདེ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་ཤཔཏ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བས ་མཆོད་ནས་ཛ(རྒྱུད་འགྲེལ་ཏ་ཡེ། ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ར་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དཱ་ར་ཡ་དཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནད་ཙྪིནད་བཛྲ། བྷིནད་བྷིནད་བཛྲ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། མ་ཊ་བཛྲ ་བཛྲ། སཕོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གམ་བདུན་རྫོགས་ནས་མཆོད་པ་དབུལ་བར་བྱའོ། །དེ་ནས་ཁྲུས་བྱ་བའི་ཕྱིར། ན་མཤཙཎྜ་བཛྲ་པཱ་ཎ་ཡེ་སརྦ་བིདྱཱ་བཛྲ་བཛྲ་ཧཱུཾ ་སཕ་ར་ཎ་ཨ་མྲི་ཏེ་ཧཱུཾ་ཕཊ། ཨོཾ་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷ་ར་ཡ་དྷ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནད་ཙྪིནད་བཛྲ། བྷིནད་བྷིནད་བཛྲ། སཕ་ར་ཎ་ཨ་མྲི་ཏེ་ཧཱུཾ་ཕཊ། ཅེས་བྱ་བས ་དབུས་ཀྱི་གཙོ་བོ་བདུད་རྩི་བྱ་སྟེ། སྒོ་བ་བཞི་བསྒོམ་པ་ནི། ཨོཾ་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། མ་ཊ་བཛྲ་བཛྲ་ཛ(རྒྱུད་འགྲེལ་རྒྱལ་པོ་ལ་འཁོར་ལོ། །རྗེའུ་ལ་རིན་པོ་ཆེ། བྲམ་ཟེ་ལ་པདྨ། དམངས་རིས་ལ་ལས་ཀྱི་རྡོ་རྗེ། སྔགས་ནི་རྡོ་རྗེ་ལ་བྲིས་ལ་ཐོག་ཏུ་བཞག་སྟེ་ཁྲུས་བྱེད་དུ་གཞུག་པ་ནི། གང་བདག་ཡིད་དགེ་སེམས་དང་ཞིང། །གཙང་མའི་གོས་ཀྱིས་དབབ་རྒྱན་ཏེ། །དེ་ནི་རབ་བཀྲུས་གཙང ་མ་ཡིན། །དེང་དུ་འབྲས་བུ་དམ་པ་བརྙེས། །དེ་ནས་མི་བྱ་ཞེ་ན། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བའི། །མདོ་སྡེ་དམ་པ་མཉན་པར་བྱ། །མདོ་སྡེ་དམ་པ་ཉན་བྱེད་ན། །མདོ་སྡེ་འདིའི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་དང། །མི་བཟད་བའི་ནད ་རྣམས་དང། །དེ་དག་ཐམས་ཅད་ཞི་བ་ལྟར། །ཚེ་དང་བསོད་ནམས་འཕེལ་བར་འགྱུར་ཞེས་བྲོད་པ་བསྐྱེད་ནས། ད་བགེགས་བསྐྲད་པར་བྱ་སྟེ་ལས་ཀྱི་བུམ་པའི་མཚན་ཉིད་ནི། །གསེར་གྱི་བུམ་པ་འམ་ཡང་ན་ནི། དངུལ་གྱི་བུམ་པ་དག་ཀྱང་རུང། །གཙང་མའི་གོས་ཀྱི་དཀྲིས ་ཤིང་དགང། །ནོར་བུ་ཡུངས་ཀར་དུར་བ་དང། །རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང། །ཆུ་ཡི་གསེར་ལ་སོགས་པ་ནི་ཞེས་བྱ་བ་ནི་རྫས་བསྟན་པ་སྟེ། བུམ་པར་བླུགས་ལ་ཁ་ཚ་རམ་ཉམས་པའི་རས་ཀྱི་མགུལ་བ་བཅིངས་ལ་ཤར་ཕྱོགས་སུ་བཞག ་གོ། གོང་གི་བུམ་པ་ཡང་དེ་བཞིན་ནོ། །དེ་བྱིན་གྱིས་བརླབས་པ་ནི། བུམ་པ་བུམ་ལས་བསྐྱེད་པའི་ནང་དུ་འཁོར་ལོ་རྩིབས་བཞི་པ་བསམས་ཏེ། དེའི་ནང་ཟླ་བའི་ནང་དུ། རྡོ་རྗེ་རྒྱ་གྲམ་ཧཱུཾ་གིས་མཚན་པ་ལས། །ཁྲོ་བོ་བདུད་རྩི་འཁྱིལ་བ་མདོག་ལྗང་གུ་རྡོ་རྗེ་རྒྱ ་གྲམ་སྡིགས་མཛུབ་བྲང་དུ་བསྣོལ་བའོ། །ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ལ་ཟླ་བ་ལྔའི་སྟེང་དུ་རྡོ་རྗེའོ། །ཕྱིའི་རྒྱ་གྲམ་བཞིའི་སྟེང་དུ་རྡོ་རྗེ་བཞིའོ། །ནང་གི་མཚམས་བཞིར་ཡང་རྡོ་རྗེ། །ཕྱིའི་མཚམས་སུ་ཡང་རྡོ་རྗེའོ། །བདག་ཉིད་ཟླ ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས་པར་བསྒོམས་པ་ཐུགས་ཀར་རྡོ་རྗེ་དཀར་པོ་ཧཱུཾ་ལྔས་མཚན་པ་གཅིག་བསྒོམས་ལ། སྤྱན་དྲངས་པ་དང། མཆོད་པ་དང། བསྟིམ་པར་བྱའོ། ་དེ་ལྟར་བྱས་ནས་གཞན་དུ་ནི། །བདག་ཉིད་ཕྱག་ན་རྡོ་རྗེ་སྟེ། །བགྱིད་བག་ལྗང་སྔོན་ཅུང་ཞིག་ཁྲོས། །དང་པོ་རང་ཉིད་བཟླས་པ་བསྲུང། །ོཾ་ན་མོ་རཏན་ཏྲ་ཡཱ་ཡ་ན་མཤཙཎྜ་བཛྲ་བཱ་ཎ་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བདུན་ནམ་ཉི་ཤུ་རྩ་གཅིག་གིས། །བདག་ཉིད་བྱིན་གྱིས་བརླབས་ནས ་ནི། །བསྐྱེད་པ་གཙོ་བོའི་ཐུགས་ཀ་ནས། །དམ་ཚིག་རྫོགས་པའི་ཤར་སྒོར་བསྒོམ། །བདག་གིས་ཡེ་ཤེས་སྤྱན་དྲངས་ཏེ། འདིས་ནི་སྔོན་དུ་བསྙེན་པ་བསྟན། །སྒྲུབ་པ་བདག་ཉིད་མི་བསྐྱེད་ཅིང། །དཀྱིལ་འཁོར་ཉིད་དུ་བདག་བྱའོ། །དེའི་ལས་དང་བསྒྲུབ་པ་བྱ་བའི་རིམ་པའོ ་བདག་ཉིད་གོང་བཞིན་བསྐྱེད་བྱས་ནས། བཟླས་པ་སྔགས་ཀྱིས་རིམ་པ་ནི། །ན་མཤཙཎྜ་བཛྲ་ཀྲོ་དྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་རྣམ་པར་འཇོམ་པའི་སྔགས་སོ། །མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཨ་མྲི་ཏེ་ཧཱུཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནདྷ་བནདྷ། ཧ་ན་ཧ་ན་ཧཱུཾ་ཞེས་བྱ་བ་ནི ་བགེགས་བསྐྲད་པའི་སྔགས་སོ། །སྒྲུབ་པ་ནི། ན་མཤཙཎྜ་བཛྲ་ཀྲོ་དྷ་ཡ་ཧཱུཾ། བདག་ཉིད་ཀྱིའོ། །ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ། བནདྷ་བནདྷ། ཧ་ན་ཧ་ན། ཧཱུཾ་ཧཱུཾ་ནི་ས་བོན་གྱི་སྔགས་སོ། ། མྲི་ཏ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་པས་བདུད་རྩིར་བསམ ་མོ། །དེ་ས་ནི་ལས་ཐམས་ཅད་འགྲུབ་པའི་བུམ་པའོ། །དེ་ལྟར་ཤེས་རབ་ཀྱི་དོན་དང། ཐབས་ཀྱི་དོན་བཤད་ནས། དེའི་ཚེས་ལམ་ཕན་ཡོན་བཤད་པ་ནི། རྒྱུད་དོ་ཅོག་གི་རྩ་པ་སྟེ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད།། ་དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན་ཞེས་བྱ་བ་ནི་རྒྱུད་ཀྱི་རྩ་བར་གྲུབ་པ་ནི་ཕྱིའི་རྩ་བར་གྲུབ་པ་དང། ནང་གི་རྩ་བར་གྲུབ་པ་དང། སྤྱོད་པའི་རྩ་བར་གྲུབ་པའོ། །ཕྱིའི་རྩ་བར་གྲུབ་པ་ནི་རྒྱལ་བུ་ལས་རྒྱལ་པོར་བསྐྱེད་པའོ། །ནང་གི་རྩ་བར་གྲུབ་པ་ནི་བུམ་པ་ལས་གསུམ་དུ ་བསྐྱེད་པའོ། །སྤྱོད་པའི་རྩ་བར་གྲུབ་པ་ནི་ཁྲུས་འགྲོ་བའོ། །སྤངས་བྱའི་རྩ་བར་འགྲོ་བ་སྟེ། ཕྱིས་མཚོན་ནས་ནང་དག་པའོ། །དེའི་ཕྱིར་རྩ་བའོ། །སྡིག་པ་ཐམས་ཅད་བྱས་ནས་ཞེས་བྱ་བ་ནི་དེས་ནུས་པ་བཞག་ནས་གསུམ་པ་ལ་ཞུགས་པ་དང་དག་པར་འགྲོ་བས་ན ་དང་རྒྱུད་ཟབ་མོ་མཉན་པས་དག་པ་དང། རང་རང་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་པས་དག་པའོ། །རྩ་བའི་དོན་གྱི་སྒོ་ནས་སོ། །རྒྱུད་འདི་ནི་ཕན་ཡོན་དུ་སྡུག་བསྔལ་དང་བར་ཆེད་སེལ་བར་བྱེད། དཔལ་ཀུན་ཏེ་འབྲས་བུ་བདེ་བའི་དོན་ཏོ། །འོ་ན་སྡུག་བསྔལ་ཇི ་ལྟར་ཞི་བར་བྱེད་ཅེ་ན། འདིའི་ཕན་ཡོན་དང་ཕྱི་མའི་ཕན་ཡོན་ནོ། །དེ་ལ་འདིའི་ཕན་ཡོན་ནི། སེམས་ཅན་དབང་པོ་ཉམས་པ་དང། ཚེ་ཟད་པ་དང་ཚེ་ཉམས་དང། ཞེས་བྱ་བ་ནི་དབང་པོ་ལྔ་ཉམས་པ་སྟེ་མི་གསལ་བ་གསལ་བར་འགྱུར་བ། ཡིད་མི་གསལ ་ཏེ་གདོན་གྱིས་དཀྲུགས་ཤིང། རྣལ་དེ་མི་གནས་པ་སེལ་བ་དང། ཚེ་ཟད་པ་སེལ་བར་བྱེད་ཅིང་ཉམས་པ་འགུགས་པར་བྱེད་པའོ། །ཚེ་ནི་སྲོག་གོ་།ཉམས་པའི་རྒྱུ་ནི་རྐྱེན་ཟད་པ་དང། བར་དུ་བཅད་པ་སྟེ་གསོ་བར་བྱེད་པའོ། །ཕུན་སུམ་ཚོགས་མིན་གང་ཆགས ་དང། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང། ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་མེད་པ་ནོར་དང་ལང་ཚོ་ལ་སོགས་པ་མེད་ཅིང་བྲན་དུ་འགྲོ་བ་དང་སྐྱེས་པའོ། །དེ་ཡང་སྡུག་བསྔལ་དང་ལྡན་མོད་ཀྱི། ལས་ངན་པ་གང་ཞིག་གིས་ཆགས་ཤིང་འདུག་པའོ། །ལྷ་རྣམས ་རྒྱབ་ཀྱིས་ཕྱོགས་ཞེས་བྱ་བ་ནི་རྒྱལ་པོས་འཆད་པ་བྱེད་པའོ། །ཡང་ན་འཇིག་རྟེན་གྱི་ལྷས་རྒྱ་བ་ཀྱིས་ཕྱོགས་པའོ། །རྒྱུ་མཚན་ཅི་ཞེ་ན། འགལ་བའི་སྟོབས་ཀྱིས་སོ། །དམན་པ་རྣམས་ཀྱིས་ཀྱང་གནོད་པ་ནི། བྲམ་ཟེ་ལ་སོགས་གཙེས་པ་དང། མཛའ་སྡུག ་སྐྱེ་བོ་སྡང་བ་དང་ཞེས་བྱ་བ་ནི་མཛའ་སྡུག་སྐྱེ་བོ་རང་གི་མཛའ་བོ་དང། གཞན་རྣམས་སྡང་བའོ། །བྲན་བཟའ་ནི་བྲན་མོ་དང་ཆུང་མའོ། །སོགས་པ་ནི་བུ་མོ་ལ་སོགས་པ་བསྡུས་པའོ། །ཕན་ཚུན་མཐུན་པ་མ་ཡིན་དང། ནོར་འགྲིབ ་པས་ནི་གནོད་པ་དང། ཞེས་བྱ་བ་ནི་ཕན་ཚུན་མཐུན་པ་མ་ཡིན་པ་ནི་དགྲ་བོའོ། །ནོར་འགྲིབ་པ་ནི་གནོད་པ་དང། ཞེས་བྱ་བ་ནི་ནོར་འཕྲོག་པའི་དགྲ་བོ་དེས་གནོད་པ་བསྐྱེད་པའོ། །དེ་ནི་འཇིག་རྟེན་འདིའི་གནོད་པ་སེལ་བའོ། །ཕྱི་མའི་གནོད་པ་གང་ཞེ་ན། མྱ ་ངན་ངལ་དང་གནོད་པ་དང། འཇིགས་པ་དང་ནི་ཕངས་པ་དང་ཞེས་བྱ་བ་ནི་དམྱལ་བ་དང་ཡི་དགས་དང། དུད་འགྲོ་སྟེ། མྱ་ངན་གྱིས་གདུངས་པ་དང། ངལ་བ་དང། ལུས་སེམས་ཀྱི་གནོད་པ་གཤིན་རྗེའི་འཇིགས་པ་དང། བདེ་བས་ཕོངས་པ་སེལ་བར་བྱེད ་པའོ། །མི་མ་ཡིན་གྱི་གནོད་པ་ནི། གཟའ་དང་རྒྱུ་སྐར་བྱད་སྟེམས་དང། མི་བཟད་གདོན་གྱིས་ཉེན་པ་དང། ཞེས་བྱ་བས་སོ། །ཡིད་མི་དགའ་བ་ལས་འབྱུང་བ་ནི། མྱ་ངན་ངལ་ལས་བྱུང་བ་ནི། །རྨི་ལམ་སྡིག་པ་མཐོང་ན་ཡང། ཞེས་བྱ་བ་ནི་ཡིད་མི ་དགའ་བས་ལུས་དུ་བ་པ་དང། རྨི་ལམ་ངན་པ་ཡིད་དུབ་པའོ། །དེ་དག་ཀྱང་དག་པ་གང་གིས་ཤེ་ན། དེ་ནི་རབ་ཁྲུས་གཙང་མ་ཡིན་ཞེས་བྱ་བས་སོ། །འོ་ན་སྡིག་པ་ཇི་ལྟར་བྱ་ཞེ་ན། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་དམ་པ་མཉན་པ་དང། །མདོ་སྡེ་དམ་པ ་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ཞེས་བྱ་བ་ནི་ཟབ་མོ་སྟེ་བྱིན་གྱིས་བརླབས་པ་བུམ་པའི་དབང་འདི་དང། འབྲེལ་པའི་དབང་གསུམ་དང། མདོ་རྒྱུད་ཀྱི་སྤྱོད་པ་བཞི་དང། སྤྱོད་པའི་ཁྱད་པར་དང། ལྟ་བ་དང་ལྟ་བའི་ཁྱད་པར་ཤེས་པས་སོ། །དེས ་ཅིང་འགྱུར་ཞེ་ན། ཤེས་ནས་སྤོང་བ་སྟེ་གཉེན་པོས་སོ། །དེ་ལྟར་དཔལ་ཀུན་གྱིས་ལེགས་པར་བརྒྱན་པ་ནི་གང་ཟག་དེས་གཞན་རྗེས་སུ་འཛིན་པར་འགྱུར་ཏེ། སྲོག་ཆགས་དག་ནི་ཐམས་ཅད་དང། །མི་བཟད་པའི་ནད་རྣམས་ཀྱང། །དེ་དག་ཐམས་ཅད ་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་པར་འགྱུར་ཞེས་བྱ་བ་ནི་ཐབས་ལ་བརྟེན་པས་ཞི་བ་དང་རྒྱས་པ་དང། དབང་དང་མངོན་སྤྱོད་ཀྱི་ཞི་བར་བྱེད་ཅིང་ཚེ་འཕེལ་བར་བྱེད་པའོ། །ཤེས་རབ་ཀྱི་དོན་གྱིས་གཞན་དག་གི་སྡིག་པ་དང། དྲི་མ་དག་པར་བྱེད་པ་ནི། གསུམ ་ཀ་ཡོངས་སུ་རྫོགས་པ་དང། ཡང་ན་ཐུགས་མཚན་གསལ་བ་དང། ཡང་ན་ས་བོན་གསལ་བས་ནི། །བྱིན་བརླབས་གཞན་ལ་ཁྲུས་བྱའོ། །དྲི་མ་ཐམས་ཅད་ཡོངས་སྤངས་པའི། །གཟུགས་ཀྱི་དྲི་མ་དག་བྱེད་པའི། །ཡོན་ཏན་ཆུ་འབྱུང་ནོར་བུ་འདིས། །བཀྲ་ཤིས་རྫས ་ཀྱིས་དག་གྱུར་ཅིག་།སྨིན་ཅིང་ཡོངས་སུ་འདུལ་བ་ཡི། །ཚོར་བའི་དྲི་མ་དག་བྱེད་པའི། །ཡོན་ཏན་མར་འབྱུང་ཡུངས་ཀར་འདིས། །འདུ་ཤེས་དྲི་མ་དག་གྱུར་ཅིག་།སེམས་ཅན་ཀླུའི་སྐྱབས་མཛད་པའི། །རང་བཞིན་ཡོན་ཏན་བདུད་རྩིར་ལྡན། །འདུ་བྱེད་དྲི་མ་དག ་གྱུར་ནས། །འགྲོ་ཀུན་རང་བཞིན་སོས་གྱུར་ཅིག་།འཕོངས་པ་ཀུན་གྱི་སྐྱབས་གྱུར་ཅིག་།རང་བཞིན་གྱིས་ནི་འདོད་ཡོན་འབྱུང། །རྣམ་ཤེས་དྲི་མ་དག་གྱུར་ཅིག་།དབུལ་པ་རྣམས་ཀྱིས་སྐྱབས་གྱུར་ཅིག་།རང་བཞིན་གྱིས་ནི་དྲི་དང་ལྡན། །ཚ་བའི་གདུང་བ་འཇོམས ་པར་བྱེད། །རང་བཞིན་གྱིས་ནི་དག་པའི་མདོག་།ཁ་དོག་སྣ་ཚོགས་འགྱུར་བའི་ཤེལ། །འདམ་གྱིས་མགོས་ཁ་དོགས་གསལ། །ཉོན་མོངས་ནད་སེལ་པདྨ་ལ། །རང་བཞིན་གྱི་ནི་འོད་གསལ་བ། །མི་རྟོག་གཡའ་བྲལ་ས་ལོ་སྦྲམ། །རང་བཞིན་གྱིས་ནི་དག་པ ་ལ། བློ་བུར་དྲི་མ་དག་གྱུར་ཅིག་།ཡོན་ཏན་ཡོངས་སུ་བརྒྱན་པ་ཡི། །རྒྱུ་བཟངས་དབྱིབས་ལེགས་ཁ་དོག་མཛེས། །ཆུའི་བདག་ཉིད་མི་བསྐྱོད་པ། །རྣམ་ཤེས་དྲི་མས་དག་གྱུར་ཅིག་ཅེས་གསུངས་སོ། །འོ་ན་གསང་སྔགས་བརྗོད་པའི་གྲངས་གང་ཞེ་ན། ་ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། ཅེས་བྱ་བ་བསྟན་ཏོ། །གང་བཟླས་ཤེ་ན། རྡོ་རྗེ་རྣམ་པར་འཇོམས་པའི་གསང་སྔགས་ཀྱི་གྲངས་ཏེ། རྡོ་རྗེ་རྣམ་འཇོམས་བཟླས་པས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་།བཅོམ་ལྡན ་འདས་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞེངས་ནས་འཇུམ་པ་མཛད་དོ། །དེའི་དོན་ནི་བསྐུར་བྱ་དང། སྐུར་བྱེད་དོ། །དེ་བས་ཁྲུས་གྱིས་ཤིག་པའོ། །རྒྱུད་དང་གདམས་ངག་དག་ལས་ནི། །བསྒྲུབས་ན་དྲི་མེད་འབྲས་བུ་ཐོབ། །དེ་ཕྱིར་གཞན ་ཕན་བྱ་ཕྱིར་བརྩམས། །དེ་ཡིས་འགྲོ་ཀུན་འབྲས་ཐོབ་ཤོག་།སིངྒ་ལར་ནི་འགྲེལ་དང་རྒྱུད་དོན་རྟོགས། །བཛྲ་རཏན་དེ་བས་དེ་དོན་བརྩམས། །དབང་འབྱོར་ཟད་མི་ཤེས་པའི་གཏེར། །དངོས་གྲུབ་འབྲས་བུ་བདག་གིས་ཐོབ་།དགེ་བ་དྲི་མེད ་ཡོད་པ་དེས། །བླ་མ་རྣམས་དང་འགྲོགས་པར་ཤོག། །།རྡོ་རྗེ་རྣམ་པར་འཇོམས་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ས་བ་རི་བས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ ་བ་པུ་ཎྱེ་མ་ཏི་དང། ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། (།།རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་ཀྱི་འགྲེལ་པ་བཞུགས་སོ།།)་།།རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ནཱ་མ་བྷཱ་ར་ཎི་པྲིཏྟི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི ་