| Wylie | e-texts based on the ACIP/ALL Input |
རྡོ་རྗེ་རྣམ་འཇོམས་ཀྱི་འགྲེལ་པ་ཇོ་བོ་སྨྲིས་ཏིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་ཀྱིས་སྒྱུར། ཕྱི་དང་ནང་དང་དེ་ཁོ་ན་ཉིད་ཀྱི་ཁྲུས་གསུམ་ནི་ཐེག་པ་གསུམ་དང་ཇི་བཞིན་དུ་སྦྱར་རོ།། །།རྒྱ་གར་སྐད་དུ། ་བཛྲ་བི་བཱ་ད་ནཱ་མ་དྷ་ར་ཎི་ཨུ་པ་དེ་ཤ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་མན་ངག་།བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འདིར་བླ་མ་དམ་པའི་མན་ངག་གིས་ལས་ཀྱི་ཚོགས་ཅུང་ཟད་དྲན་པ ་རྣམས་དགོས་པར་བྱའོ། །དེ་ལ་ལས་ཀྱི་རྣམ་པར་དབྱེ་བ་ནི་མང་མོད་ཀྱང་འདིར་ནི་ཕྲིན་ལས་བཅོ་བརྒྱད་ལས་མ་གསུངས་ལ། དེ་དག་གིས་དོན་ཀྱང་མ་གསུངས་པས་དེ་དག་གི་དོན་ཀྱང་བསྡུས་ན་གཉིས་ཨཉིད་དེ། ཕན་བཏགས་པས་རྗེས་སུ་གཟུང་བ་དང་ཚར ་གཅད་པས་རྗེས་སུ་གཟུང་བའོ། །དེ་དག་ཀྱང་ཞི་བ་ལ་སོགས་པ་ཕྲིན་ལས་བཞིས་འགྲུབ་པར་འགྱུར་ལ་ཕྲིན་ལས་ཀྱང་སྒྲུབ་པ་པོ་ཚད་དང་ལྡན་པས་ཡིན་གྱི་གཞན་དུ་དོན་མེད་པར་འགྱུར་རོ། །ཐོག་མར་སྔགས་པ་སྙིང་རྗེ་ཆེན་པོས་བསྐུལ་བའི་བསྙེན་པ ་ཡོངས་སུ་རྫོགས་པར་བྱས་ལ། དེའི་འོག་ཏུ་ལས་དང་མཐུན་པའི་འཁྲུལ་འཁོར་བྲི་བར་བྱའོ། །དེ་ཡང་ཞི་བའི་འཁྲུལ་འཁོར་ནི་དཀར་པོ་ཕྱོགས་ཀྱི་ཚེས་གང་ཡིན་པ་ལ་རས་སམ་ཤིང་ཤུན་ལ་སོགས་པ་བཞི་དཀར་པོ་ལས ་པདྨ་རྒྱས་པ་ལྟ་བུའི་རྩིབས་བརྒྱད་པའི་འཁོར་ལོ་གུར་གུམ་ལ་སོགས་པའི་དྲིས་མཆོག་ཏུ་གཙང་སྦྲ་ལ་གནས་པས་བྲིའོ། །དེའི་ལྟེ་བ་ལ་ན་མོ་རཏན་ཏྲ་ཡཱ་ཡ། ན་མཤཙཎྜ་བཛྲ་པཱ་ན་ཡ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་སྤེལ་ལ་བྲིའོ། །རྩིབས ་རྣམས་ལ་རིམ་པ་བཞིན་དུ་གནོད་པར་བྱེད་པ་རྣམས་ཏྲ་ཏ་ཡ་ཏྲ་ཊ་ཡ་ཊོ་ཊ་ཡ་ཆེ་གེ་མོ་རཀྵ་རཀྵ་ཞིས་བྲིའོ། །དེའི་མུ་ཁྱུད་ཕྱི་མ་ལ་ཡང་སྙིང་བྲི་བར་བྱ་སྟེ། སྔགས་དེ་ཐམས་ཅད་མགོ་ཕྱིར་བསྟན་པའོ། །དེ་ལྟར་བྲིས་པའི་འཁྲུལ་འཁོར་དེ་ལ་སྔགས ་པས་འདི་ལྟར་ལས་ལ་སྦྱར་བར་བྱ་སྟེ། རང་ཉིད་ཡུད་ཙམ་གྱིས་ལྷར་བསམས་ལ་མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་བསྐྱེད་ལ་གསོལ་བ་གདབ་པ་ནི་བཅོམ་ལྡན་འདས་ཐུགས་རྡོ་རྗེ་ཆེན་པོ་ཁྱོད་ནི་ཐམས་ཅད་ལ་ཕན ་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ན་དེ་ཡང་ཆེ་གེ་མོ་འདིའི་གནོད་པ་འདི་དག་ཉེ་བར་ཞི་བར་བྱིན་གྱིས་བརླབ་དུ་གསོལ་ཞེས་དག་དང་ཡིད་ཀྱིས་ལན་གསུམ་གསོལ་བ་གདབ་པར་བྱ་སྟེ། བར་གྱི་ཚིག་སྤྲེས་པ་ལ་འཕྲིན་ལས་གཞན་ཡང ་སྦྱར་བར་བྱའོ། །དེ་ལྟར་གསོལ་བ་བཏབ་པས་བདག་དང་སྒྲུབ་བྱ་ལ་བྱིན་གྱིས་བརླབས་ནས་ཇི་ལྟར་འདོད་པ་གྲུབ་པར་བསམས་ཏེ་སླར་བཅོམ་ལྡན་འདས་འཁྲུལ་འཁོར་གྱི་ལྟེ་བ་ལ་བཞུགས་ཏེ་རྒྱུན་མི་འཆད་པར་བྱིན་གྱིས་རློབ་པར་མཛད ་པར་བསམས་ལ་སྤེལ་བ་དང་བཅས་པའི་བཟླས་པ་བྱའོ། །ཟིན་པ་དང་མཆོད་དེ་བསྟོད་པ་ཡང་བྱས་ལ་ཐམས་ཅད་ཞུ་བ་དང་བཅོམ་ལྡན་འདས་ཀྱིས་ཐུགས་པདྨ་རྒྱས་པ་ལྟ་བུའི་ཐུགས་ཀར་བསྒྲུབ་བྱ་ཚུད་པས་མཆོག་ཏུ་བདེ་ཞིང ་གནས་པར་བསམས་ལ་དེ་བཞིན་ཉིད་ཀྱི་བློས་མེ་ཏོག་ལ་ཡང་སྙིང་པོ་ཅི་ནུས་པར་བཟླས་ལ་འཁོར་ལོ་ལ་གཏོར་བར་བྱའོ། །དེ་ནི་རབ་ཏུ་གནས་པ་ཞེས་བྱ་སྟེ། འཁོར་ལོ་དྲིལ་ནས་བསྒྲུབ་བྱ་ལ་བཏགས་ཏེ་དེ་ལ་འགོམ་པར་མི་བྱ་བ་ནི་དམ་ཚིག་གོ། སེམས་ཅན་ཐམས ་ཅད་འཇིལ་བར་བྱེད་པ་དང་ཞི་བ་དང་བསྲུང་བ་སྟེ། ལས་གསུམ་དང་འབྲེལ་པའི་ཞི་བའི་འཁྲུལ་འཁོར་གྱི་རྣམ་པར་དབྱེ་བ་རྫོགས་སོ།། །། !། (།རྡོ་རྗེ་རྣམ་པར་འཇོམས་པའི་མན་ངག་བཞུགས་སོ།།)་།།ཇི་ལྟར་སྔར་བསྟན་པའི་ཚུལ ་