| Wylie | e-texts based on the ACIP/ALL Input |
འཁོར་ཡིན་ཏེ་དོན་གྱིས་ཤེས་པར་བྱའོ། །རྡོ་རྗེ་རྣམ་པར་འཇོམས་པའི་དོན་རྣམ་པར་ཕྱེ་སྟེ་བཤད་པ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། (།།རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་དོན? ་བཤད་པ་བཞུགས་སོ།)་།རྒྱ་གར་སྐད་དུ། ཨཱརྱ་བཛྲ་བི་དཱ་ར་ནཱ་མ་དཱ་ར་ཎི་བྱཱ་ཁྱཱ་ཎ་པྲིཏྟི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྣམ་པར་བཤད་པའི་རྒྱ་ཆེར་འགྲེལ་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ་གཉིས་ཀ་རྒྱུད་ཀྱི་མན་ངག་སྙིང་པོའི་དོན་རྣམ་པར་བཤད་པའི་དོན་འདི་གསལ་བྱའི་ཕྱིར། །འགྲོ་དོན་རྣམ་པར་མཛད་ལ་ཕྱག་འཚལ་ཏེ། འདིའི་རྣམ་བཤད་འགྲེལ་པ་བྱ་བར་འདོད། །འདི་དོན་གླེང་གཞི་སྒྲུབ་ཐབས་བཤད་པ་རྣམས། །སྟོན ་པའི་རང་བཞིན་འདུལ་དབང་བསྟན་པ་སྟེ། །མདོར་བསྡུས་དཀྱིལ་འཁོར་སྒྲུབ་ཐབས་ཁྱད་པར་དག་།རབ་ཏུ་བསྡུས་ནས་བསྟན་པའི་དགོས་པ་ཡིན། །འདི་བརྩམ་པར་བྱ་བའི་དོན་བཤད་པར་དམ་བཅའ་བསྟན་པ་ནི། །རྒྱལ་བ་ཀུན་གྱིས་གསང་བའི་མཛོད ་འཛིན་པ། །རྒྱུད་ཀྱི་དོན་བྱུང་སྟོན་པའི་ངོ་བོ་ལ། །སྒོ་གསུམ་དང་བས་བཏུང་ཏེ་ཕྱག་འཚལ་ཏེ། མདོའི་རྣམ་བཤད་བདག་གིས་བྱ་བར་འདོད། །ཅེས་སྨོས་པ་ནི་ཐུགས་ཀྱི་རྒྱུད་འདི་གསུངས་པའི་སྟོན་པ་དེ་ལ་བརྩམས་པ་མཐར་ཕྱིན་པར་བྱ་བའི་ཕྱིར་ཕྱག ་འཚལ་ཞིང་བསྟོད་ནས་བཤད་པར་དམ་བཅའ་བར་བྱ་བའི་ཕྱིར་སྨོས་པས་དོན་དགྲོལ་བའི་མན་ངག་བསྟན་པའོ། །གང་འོག་གི་ས་མཚམས་སྦྱར་བ་ནི། དེ་ལ་དང་པོར་རྒྱུད་ཀྱི་དོན་ལ་མོས་པ་དང་ཞེས་པ་དང། གོ་རིམས་ལ་འཇུག་པའི་ཕྱིར་རོ་ཞེས ་པས་ནི་ལས་དང་པོ་པ་རྡོ་རྗེས་རྣམ་པར་འཇོམས་པ་ལ་རབ་ཏུ་མོས་པ་རྣམས་ལ་རིགས་པས་ཕུན་སུམ་ཚོགས་པ་ལྔ་དང། སྟོན་པའི་རང་བཞིན་དཀྱིལ་འཁོར་དང། སྒྲུབ་ཐབས་སུ་བསྟན་པའི་ཐབས་ཀྱི་དོན་གྱི་གོ་རིམས་ཀྱི་ཁྱད་པར་ཤེས་ནས ་སྒྲུབ་པའི་ཕྱིར་སྨོས་སོ། །གང་ཡིན་པ་བསྟན་པའི་དགོངས་པ་ནི། དེ་ལ་དང་པོར་མདོའི་མཚན་གྱི་དོན་ཞེས་པ་ནི་དབང་པོ་རབ་མགོ་སྨོས་པས་གོ་བའི་དབང་དུ་བསྟན་ཏེ། །དེ་ལ་རྡོ་རྗེ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ཏེ་ཞེས་པ་དང། དངོས་པོ ་དང་འབྲལ་བའི་དོན་ཏོ་ཞེས་པའི་བར་ནི་དོན་ལས་མཚན་དུ་བཏགས་པས་ན་ཆོས་ཉིད་རྟོགས་པ་ནི་ཡེ་ཤེས་ཏེ། ཡེ་ཤེས་ཀྱི་ཚིག་བླ་དགས་སུ་རྡོ་རྗེ་བསྟན་ལ། དེས་ཕྱི་རོལ་གྱི་མུ་སྟེགས་དང། ཉན་ཐོས་རྣམས་སྐྱོན་དུ་བསྟན་ནས་མཛའ་དང་བྲལ་བའི ་རྟགས་སོ། །དེ་ནི་མི་མཐུན་པ་ནི་རྣམ་པར་ནི་རྒྱུ་སེང་པ་དང་སྨོན་པའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། མུ་སྟེགས་རྒྱུ་མེད་པ་དང་དབང་ཕྱུག་ཆེན་པོ་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་དང། མུ་སྟེགས་རྟག་པར་ལྟ་བ་དང། ཉན་ཐོས་ཀྱི་མི་རྟོག་པར་ལྟ་བ ་དང། སོ་སོའི་སྐྱེ་བོས་བདེ་བར་ལྟ་བ་དང། ཉན་ཐོས་ཀྱིས་སྡུག་བསྔལ་བར་ལྟ་བའི་མཛའ་སེལ་བའི་དོན་དུ་བསྟན་ཏོ། །དེ་ཡིས་གཉེན་པོ་དོན་དུ་བསྟན་པ་ནི་འཇོམས་པ་ཞེས་བསྟན་ཏེ། རྒྱུད་ཀྱི་སྟོན་པའི་ཡེ་ཤེས་ཀྱིས་འཇོམས་པའི་རྟགས་དང། དེ་སྒྲུབ ་པའི་ཐབས་དཀྱིལ་འཁོར་དང། སྒྲུབས་ཐབས་ཀྱིས་ཁྱད་པར་གྱི་འཇོམས་པའི་ཕྱིར་རོ། །གཉེན་པོ་དང་མི་མཐུན་པ་ནི་གཟུངས་ནི་མི་འདའ་བའ་ཨི་ཕྱིར་དང། གཉིས་སུ་མེད་པའི་དོན་ཞེས་པ་ནི། གཉེན་པོ་དོན་ལས་མི་འདའ་བའ་ཨི་ཕྱིར་དང། གཉེན་པོ་དང་མི ་མཐུན་པ་གཉིས་སུ་མེད་པར་སྒོམ་པའི་དོན་ཏོ། །དགོས་འབྲེལ་བསྟན་པ་ནི། དེ་ལྟར་མདོའི་དགོས་ཆེད་རྣམས་བསྟན་ནས། དེའི་དོན་རྣམས་དགོས་པ་དང་འབྲེལ་བའི་དོན་སྟོན་ཏེ་ཞེས་པ་ནི། དགོས་པ་རྒྱུད་དང་འབྲེལ་པ་ཕུན་སུམ་ཚོགས་པའི་སྒོ ་ནས་དཀྱིལ་འཁོར་དང། སྒྲུབ་ཐབས་དང། དབང་དང། དམ་ཚིག་དང། ལྟ་སྤྱོད་དུ་འབྲེལ་བའི་དོན་དུ་སྨོས་སོ། །ཕུན་སུམ་ཚོགས་པའི་དགོས་པ་ནི་དེ་ལས་དགོས་པ་ནི་མི་འགལ་བར་བསྟན་པའི་སྟོན་པ་དང། གང་དུ་བཤད་པའི་གནས་དང། ཡོངས་སུ་དག་པའི་ ་འཁོར་དང། ཐ་ཚིག་ཅེས་པའི་བར་ནི་རྒྱུད་དང་མདོ་སྡེ་ཐམས་ཅད་ལུང་ཡིན་པས་སྔགས་དང། ཕ་རོལ་ཏུ་ཕྱིན་པའི་དོན་བྱུང་བ་ནི་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སྒོ་ནས་རབ་ཏུ་སྨོས་པའི་ཕྱིར་རོ། །དགོས་པ་ཕུན་སུམ་ཚོགས་པའི་སྒོ ་ནས་ནི་དེ་ལ་འབྲེལ་པ་ནི་ཞེས་པས་བསྟན་ཏེ། དོན་ནི་ཕུན་སུམ་ཚོགས་པ་རྣམ་པ་དྲུག་དང་ལྔའི་སྒོ་ནས་རྒྱུད་ཀྱི་དོན་བསྟན་ལ་འབེབས་པའི་ཕྱིར་རོ། །དོན་ཤེས་པར་བྱ་བའི་དངོས་པོ་ནི། དེའི་འོག་ཏུ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བའི་དང་ཞེས་པ་ན་ཕྱིར་རོ ་ཞེས་པས་བསྟན་ཏེ། ཕུན་སུམ་ཚོགས་པ་དང་རྒྱུད་འབྲེལ་པ་དང། རྒྱུད་དང་དཀྱིལ་འཁོར། །དཀྱིལ་འཁོར་དང་སྒྲུབ་ཐབས་སོ། །འདི་བསྡུས་པའི་དོན་ནི་དེ་ལྟར་དང། སྨོས་པའི་ཕྱིར་རོ། ཞེས་པའི་བར་ཏེ་དགོས་འབྲེལ་གྱི་སྒོ་ནས་བསྟན་པ་ཡང་གོ་རིམས་དང། ་བསྡུས་པའི་དོན་དུ་བསྟན་པ་བཅོམ་ལྡན་འདས་ཀྱིས་འདའ་ཀར་ཀུན་དགའ་བོ་ལ་གསུངས་པའོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང། རབ་ཏུ་ཐོས་པའི་ཕྱིར་ཞེས་པའི་བར་ནི་བཅོམ་ལྡན་འདས་སངས་རྒྱས་པ་ནི་རྡོ་རྗེ་ལྟ་བུ་སྟེ། བདུད་རྣམ་བཞི་བྱང་ཆུབ ་ཀྱི་སྙིང་བ་ག་ལ་བར་བཏུལ་ནས་གསུངས་པའི་དོན་དུ་བསྟན་པའི་ཐ་ཚིག་གོ། དེ་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་དང་ཞེས་བྱའོ། །ཞེས་པའི་བར་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་གསུང་དག་ལ་མངའ་བརྙེས་པ་ན། གདུལ་བྱ་སོ་སོའི་སྐད ་དུ་ཆོས་རྣམས་གོ་བས་སྟོན་པ་ཐུགས་རྗེས་ཆེ་བ་དང། སྡུད་པ་ཐོས་པ་ཆེ་བས་དོན་འདི་ལྡེམ་དགོངས་སུ་བསྟན་བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། ཆོས་སྟོན་པའི་ཚུལ་དུ་བཞུགས་སོ། །ཞེས་པའི་བར་ནི་དེ་བཞིན་གཤེགས་པ་རྡོ་རྗེ་གདན་དུ་མངོན་པར་སངས ་རྒྱས་པའི་དུས་དེར་བྱང་ཆུབ་ཀྱི་སྣོད་པ་ག་ལ་བ་དེར་སངས་རྒྱས་ནས་བདུད་འདུལ་བའི་དུས་སུ་གཉིས་ཀ་རྒྱུད་ཐུགས་ཀྱི་དོན་འདི་གསུངས་པས་སྨོས་པའི་ཕྱིར་རོ། །དེའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་པ་ནི། ད་ནི་བྱིན་གྱིས་བརླབས་ཀྱི ་སྟོན་པ་སྟེ། དུས་གསུམ་གྱི་སངས་རྒྱས་པ་དང། སྙོམ་པར་ཞུགས་པའི་ཕྱིར་རོ། །ཞེས་པའི་བར་ནི་སྔོན་འདས་པའི་བསྐལ་པ་གྲངས་མེད་པའི་དུས་སུ་དེ་བཞིན་གཤེགས་པ་རིན་ཆེན་མང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ། །དུས་དེའི་ཚེ་ན་རྒྱལ་པོ་ཆེན་པོ་དཔའ་བོ ་ཞེས་བྱ་བ་གླིང་བཞི་ལ་དབང་བྱེད་པར་སྲས་རྒྱལ་བུ་སྟོང་དུ་ཚང་བ་བྱུང་བས། ཀུན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐ་མ་ཕྱག་ན་རྡོ་རྗེ་འདི་ཡིན་པས་ན། དུས་དེར་སྨོན་ལམ་བཙན་པོ་རྣམས་ཀྱི་བསྟན་པ་ལ་གནོད་པའི་བདུད་འདུལ་ཞིང། སྐུ་དང་གསུང་དང་ཐུགས ་བསང་བའི་མཛོད་འཛིན་པས་སྨོན་ཏེ། འདི་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་བདུད་བཏུལ་ནས་ཆོས་སྟོན་པའི་ཚེ་མངའ་བདག་ཏུ་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ནས་དབང་བསྐུར་བའི་དོན་ཏོ། །ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས ་བརླབས་ནས་དང། བྱིན་གྱིས་བརླབས་པའི་ཕྱིར་རོ། །ཞེས་པའི་བར་ནི་ལག་ན་རྡོ་རྗེས་སྔོན་གྱི་བདག་གི་སྨོན་ལམ་གྱི་མི་མཛེད་ཀྱི་འཇིག་རྟེན་གྱི་ཁམས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ལས་རྣམས་བྱ་བའི་ཕྱིར་སྨོས་སོ། །རྡོ་རྗེའི་ཏིང་ངེ་འཛིན་ལ་སྙེམས་བར་ཞུགས་སོ། །ཞེས་པའི ་བར་ནི་བཅོམ་ལྡན་འདས་དང་པོ་སངས་རྒྱས་པ་ཡང་རྡོ་རྗེ་ལྟ་བུ་སྟེ། དེ་དང་མཐུན་པའི་སྒོ་ནས་ལག་ན་རྡོ་རྗེས་ཀྱང་བདུད་འདུལ་བ། ཕྱི་རབས་ཀྱི་སེམས་ཅན་ལ་ཕན་པའི་ཐབས་བསྟན་པའི་ཕྱིར་རོ། །དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང། ཐོགས་པ་མེད་པའི་ཡེ ་ཤེས་ཀྱི་ཚིག་སྨྲ་བའི་ཕྱིར་ཞེས་པའི་བར་ནི་ལག་ན་རྡོ་རྗེ་དེ་སྔོན་གྱི་སྨོན་ལམ་དེས་ནི་རིགས་ལྔ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མཐུས་གཉིས་སུ་མེད་པའི་དབང་བསྐུར་ནས་བྱིན་གྱིས་བརླབ་བསྐྱེད་པའི་ཕྱིར་རོ། །སྡུད་པ་ལས་ཀྱང ་འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་པ་བབ་ཅིག་ཞེས་པ་ལྟ་བུའོ། །སངས་རྒྱས་ཀྱི་བྱིན་གྱི་བརླབས་པ་དང། སྤོབས་པ་སྐྱེད་པའི་ཕྱིར་རོ། །ཞེས་པའི་བར་ནི་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ནས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཐམས་ཅད ་དུ་ལག་ན་རྡོ་རྗེ་ཞེས་ཀུན་ཏུ་གྲགས་པས་མཐུ་བོ་ཆེ་ཐམས་ཅད་དབང་དུ་གྱུར་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱིས་ཞེས་པ་དང། མཐུས་སྟོང་པའི་ཕྱིར་རོ། ཞེས་པའི་བར་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི ་མཐུ་ས་ལ་ནག་ན་རྡོ་རྗེ་དེ་སངས་རྒྱས་ཀྱི་ཞིང་གཞན་གྱི་བྱང་ཆུབ་སེམས་དཔའ་ཡང། རང་རང་གི་སངས་རྒྱས་ལ་ཞུས་ནས། བདག་ཅག་ཀྱང་མི་མཛད་གྱི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཤཱཀྱ་ཐུབ་པའི་འཁོར་ལག་ན་རྡོ་རྗེ་ལྟ་བར་མཆི་ཞེས་ཞུས ་ནས་འདིར་བྱོན་ཏེ། བྱིན་གྱིས་བརླབས་དང་མཐུ་སྔོན་གྱི་སྨོན་ལམ་དང་ལས་མཐུན་པས་བྱིན་གྱིས་རློབས་པའི་ཕྱིར་གསུངས་སོ། །རྡོ་རྗེ་ཁྲོ་བོ་ལས་འབྱུང་བ་དང། ཕྱིར་རོ་ཞེས་པའི་བར་ནི་དེ་ལྟར་ལག་ན་རྡོ་རྗེ་ས་རྣམ་པར་འཇོམས་པའི་རྒྱུད་ཀྱི་དོན་འདི་དབྱུང ་བའི་ཕྱིར། ཡེ་ཤེས་བཞི་དང་ཕྲིན་ལས་རྣམ་པ་བཞི་དང་ཁྲོ་བོ་ཕྱོགས་བཞི་དང་མཆི་མས་བཞི་དང་ཚད་མེད་པ་བཞི་ལས་སྒོ་བ་བཞི་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་དེ་དག་གི་སྤྲུལ་པས་རབ་ཏུ་བཀང་ནས་བདུད་དང་སྲིན་པོ་འདུལ་བའི ་དོན་ཏོ། །རྡོ་རྗེ་སྙིང་པོས་སྨྲས་ཏེ་དང་གསུངས་པའི་ཕྱིར་རོ་ཞེས་པའི་བར་ནི་ལག་ན་རྡོ་རྗེ་ལུས་སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟ་བུ་དང། སེམས་སངས་རྒྱས་ཀྱི་ཐུགས་སྙིང་པོ་བྱང་ཆུབ་སེམས་དང་ལྡན་པའི་སྒོ་ནས་སེམས་ཅན་ལ་ཕན་པའི་ཕྱིར། དེ་བཞིན་གཤེགས ་པའི་སྐུ་ལ་བརྟེན་ཅིང་ཐུགས་ཉིད་ལ་དགོངས་ནས་དོན་མ་ལུས་པར་སྨྲ་བའི་ཕྱིར་རོ། །ཤར་ཕྱོགས་ཀྱི་ཧཱུཾ་ཀ་རའི་དོན་སྟོན་ཏེ། མི་ཆོད་པ་མི་ཤིགས་པ། བདེན་པ་ཞེས་པ་དང། ཕྲིན་ལས་རྣམ་བཞི་ལས་བྱས་པས་འགྲུབ་པོ་ཞེས་པའི་བར་ནི། ཉན་ཐོས་ཀྱི ་ཡུལ་རྡུ་ཕྲ་རབ་འདུས་པ་ལས་ཡུལ་དུ་གྲུབ་པར་འདོད་དེ་ཐུགས་ཀྱི་ཁྲོ་བོ་དེས་འཇོམས་པར་གཟུང་བ་བཅོམ་སྟེ། གཤིན་རྗེ་གཤེད་དུ་བསྟན་ཏོ། །ནང་གི་འཛིན་སེམས་མུ་སྟེགས་ཀྱི་བདག་ཏུ་རྟགས་པ་དེ་འཇོམས་པས་ན་ཐོབ་ཡེ་ཤེས་ཀྱི་མེ་དཔལ་ཅན ་འཛིན། །དེ་ལྟར་གཟུང་འཛིན་དང་བྲལ་བའི་བྱང་ཆུབ་སེམས་དཀར་པོས་འགྲོ་བ་འདུལ་བར་བྱེད་དོ། །དེ་རྣལ་འབྱོར་པས་དཀྱིལ་འཁོར་དུ་སྒྲུབ་ཐབས་ཚུལ་བཞིན་དུ་བྱས་ནས་བསྒྲུབ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡ་མཚན་ཅན ་ན་གསུས་ཀྱང་བར་མི་ཆོད་པར་ཐོབ་སྟེ། དེ་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་པས་མཚན་མ་རྣམས་ཀྱིས་མི་ཤིགས་ཏེ། བསྐལ་པ་གྲངས་མེད་པར་གསུངས་བདེན་པའི་འབྲས་བུ་ཚད་མེད་པའི་ཡོན་ཏན་དང་ལྡན་པས་འགྲོ་བ་ལ་ཆོས་སྟོན་པའི་ཤུགས་དང་ལྡན་པའོ། ། ་འདི་ནི་ཁོ་བོ་ཐམས་ཅད་ཀྱི་ངོ་བོར་གྱུར་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་དང་ལྡན་པས་མི་དགེ་བ་ནི་སྤངས་པའི་དངོས་གྲུབ་རྣམས་རབ་ཏུ་འགྲུབ་པར་བྱེད་པ་མི་ཤིགས་པས། དེ་དཔའ་བར་འགྲོ་བ་ལ་སོགས་ཏེ། ཏིང་ངེ་འཛིན་གྱི་སྒོའི་རྣམ་གྲངས ་འབུམ་ཕྲག་ལ་མངའ་རྙེད་པས་ན་ཅིས་ཀྱང་བར་དུ་གཅོད་པ་དང་བྲལ་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་རང་བཞིན་དུ་འགྱུར་བས་ནི་སྐྱེ་ཤི་དར་བྲལ་བའི་སྐུ་ཚེ་དང་ལྡན་པས་མི་ཤིས་པ་སྟེ། བདེན་པའི་ཚིག་ལ་ཐོགས་པ་མེད་པས་འགྲོ་བའི་རྒྱུད་སྒྲོལ། ་བའི་བདེན་བའི་ཆོས་རྣམས་སྟོན་ཏོ། །དེའི་སྒྲུབ་ཐབས་རྣམས་སླ་བས་མ་བརྗོད་དོ། །ཧཱུཾ་ཀ་རའི་དོན་རྒྱ་ཆེར་བཤད་ཟིན་ཏོ། །ད་ནི་ལྷོ་ཕྱོགས་ཀྱི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་དོན་རྒྱ་ཆེར་སྟོན་ཏེ། སླ་བ་བརྟན་པ་ཐམས་ཅད་དུ་ཐོགས་པ་མེད་པ་ཞེས ་པ་དང་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་པོ་ཞེས་པའི་བར་ནི། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཚད་མེད་པའི་ཡོན་ཏན་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་འཁོར་བར་སྐྱེ་བར་བྱེད་པ་ལས་རྒྱལ་བའི་རྟགས་སུ་སྲིད་པའི་འཁོར་ལོ་བསྣམས ་ཏེ། རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པའི་ངང་དུ་འདུས་མ་བྱས་པས་ན་སྲ་བར་མཛད་དེ་སྙིང་རྗེ་ཚད་མེད་པའི་བྱང་ཆུབ་སེམས་མི་འགྱུར་བའི་སྒོ་ནས་བརྟན་པོར་མཛད་དོ། །སེམས་ཅན་ཐམས་ཅད་ཐུགས་རྗེས་འདུལ་ཞིང། ཐབས་མཁས་པའི་བརྩོན་འགྲུས ་འགྲོ་བའི་དོན་མ་ལུས་པར་མཛད་པ་དེ་ཕྲིན་ལས་ཅི་ལ་ཡང་ཐོགས་པ་མེད་པས་བདུན་པའི་དངོས་གྲུབ་རྣམས་རྣལ་འབྱོར་པ་ལ་རབ་ཏུ་སྟེར་རོ། །དགེ་བའི་བར་དུ་གཅོད་པ་གཞན་འཕྲུལ་དབང་བྱེད་ལྷའི་རྒྱལ་པོའི་བདུད་སྡིག་ཅན་དང། ་གནོད་སྦྱིན་དང་སྲིན་པོ་རྣམས་འདུལ་བ་ན། ཕ་རོལ་ཏུ་ཕྱིན་པའི་གོ་སྲ་བ་སྦྱིན་ཞིང། ཐོགས་པ་མེད་པས་བསམ་པ་བརྟན་པའི་སྒོ་ནས་འགྲོ་བ་མ་ལུས་པ་སྒྲོལ་བ་ལ་ཐེགས་པ་མེད་པའོ། །ཁམས་གསུམ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དོན་རྒྱ་ཆེར ་བཤད་ཟིན་ཏོ། །ད་ནི་ནུབ་ཕྱོགས་ཀྱི་ཁྲོ་བོ་ཧ་ཡ་གྲི་བའི་དོན་སྟོན་ཏོ། །གསུང་གི་སྒོ་ནས་འགྲོ་བའི་ཕྲིན་ལས་སྣ་ཚོགས་པ་མདའ་བས་ན་ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་བར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་དང། ཞེས ་པ་དང། བཀྲིས་པར་འགྱུར་རོ་ཞེས་པའི་བར་གྱིས་ནི། འདོད་ཁམས་དང། ཟུགས་ཁམས་དང། གཟུགས་མེད་པའི་ཁམས་རྣམས་ཐབས་མཁས་པའི་སྤྲུལ་པས་ཐམས་ཅད་མ་ཕམ་པ། བདུད་ཀྱི་རྒྱལ་པོ་དེད་དཔོན་ནག་པོ་དང། བགེགས་ཀྱི་རྒྱལ་པོ་བ་ནཱི ་ཡ་ཀ་ལ་སོགས་པ་འཇིག་རྟེན་ན་མཐུ་ཆེ་བ་རྣམས་དངངས་ཤིང་སྐྲག་པར་མཛད་ཅིག། ཉོན་མོངས་པའི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང་ང་རྒྱལ་དང། ཕྲག་དོག་དག་གིས་ཁམས་གསུམ་དག་དུ་ཉོན་མོངས་པ་རྣམས་འཇིལ་ཞིང། གསུང་མ་ཆགས ་ཤིང་ཐུགས་རྗེས་འགྲོ་ལ་རོལ་པའི་རྟོགས་སུ་པདྨ་བསྣམས་སོ། །ཐུགས་རྗེ་ཐབས་མཁས་པས་སྐུ་བསྐལ་པའི་འོད་ཟེར་དམར་པོ་འཕྲོ་བ་མཚན་མའི་རྣམ་པར་རྟོག་པ་རྣམས་དང་འབྲེལ་བས་ཆེ་བའི་ཡོན་ཏན་ཚད་མེད་པ་དཔག་ཏུ་མེད་པའི་ཡོན་ཏན ་དང་ལྡན་པས་འགྲོ་བ་ལ་ཕན་འདོགས་པས་གཞུང་ནས་འབྱུང་བ་བཞིན་དུ་བསྒྲུབ་ན། ཡོན་ཏན་ཚད་མེད་པའི་བཀྲིས་པར་འགྱུར་རོ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ་གྱི་དོན་རྒྱ་ཆེར་བཤད་ཟིན་ཏོ། །ད་ནི་བྱང་ཕྱོགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པའི ་དོན་སྟོན་ཏེ། ཕྲིན་ལས་རྒྱ་མཚོས་འགྲོ་བ་འདུལ་བའི་ཕྲིན་ལས་མཛད་དེ་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ་ཞེས་པ་དང། དམོད་པའི་བྱེ་བྲག་ཐམས་ཅད་ལས་ཐར་པར་འགྱུར་རོ ་ཞེས་པའི་བར་ནི། བདུད་དང། སྲིན་པོ་དང། གནོད་སྦྱིན་དང། ཤ་ཟ་ལ་སོགས་པ་ཕཊ་ཀྱི་རྒོལ་བས་སེམས་ཅན་ལ་གནོད་པའི་ཐབས་དང་དྲང་སྲོང་ནག་པོ་དང། སྣག་ཚ་དང། མེ་སྦྱིན་ལ་སོགས་པའི་དམོད་པ་རྣམས་ཀྱིས་སེམས་ཅན་གྱི་སེམས་ཕྱིན་ཅི་ལོག་ཏུ ་བྱེད་པ་རྣམས་ལ། སྡུག་བསྔལ་བ་གསུམ་དང་བརྒྱད་ཀྱི་མནར་བ་རྣམས། དེ་བཞིན་གཤེགས་པའི་ཕྲིན་ལས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་གོང་གི་སྡུག་བསྔལ་བ་དང། གནོད་པ་མ་ལུས་པ་གཅོད་པར་བྱེད་པས། ཐབས་མཁས་པའི་ཐུགས་རྗེས་སེམས་ཅན་གྱི་ལས་ཐམས་ཅད ་རབ་ཏུ་མ་ལུས་པར་རྫོགས་པར་བྱེད་པས། འབྲས་བུའི་རང་བཞིན་ཡེ་ཤེས་ཀྱིས། སྡུག་བསྔལ་གྱི་རྣམ་པ་འཇོམས་པའི་ཕྲིན་ལས་སྣ་ཚོགས་རྟགས་སུ། དེ་བཞིན་གཤེགས་པའི་ཐབས་ཀྱི་ཕྱག་རྒྱ་བདུད་རྩི་འཁྱིལ་པ་སྟེ། ཡང་དག་པའི་ཡེ་ཤེས་ལས་བྱུང་བའི ་རྟགས་སུ་ཐམས་ཅད་རང་བཞིན་རྣམ་པར་དག་པའི་རྟགས་སུ་འཕྲིན་ལས་རྣམ་པ་སྣ་ཚོགས་པ་རྣམས་འགྲོ་བའི་དོན་དུ་མཛད་དོ། །དཀྱིལ་འཁོར་དུ་སྒྲུབ་ཐབས་ཀྱི་ཁྱད་པར་གཞུང་བཞིན་དུ་བྱས་ན། ཕ་རོལ་གྱི་ངན་སྔགས་ཀྱི་བྱེ་བྲག་རྣམས་འཇོམས་ཤིང ་ཐར་པར་འགྱུར་རོ། །ཁྲོ་བོ་བདུད་རྩི་འཁྱིལ་པའི་དོན་རྒྱ་ཆེར་བསྟན་ཟིན་ཏོ། །ད་ནི་ཤར་ལྷོ་མཚམས་ཀྱི་ཁྲོ་བོ་ཡ་མནྟ་ཀའི་དོན་བཤད་དེ་གཤིན་རྗེ་དང། མེ་ལྷ་ལ་སོགས་པའི་གནོད་པ་རྣམས་འཇོམས་པའི་རྟགས་སུ་བསྟན་ཏེ། གཞན་གྱི་ལས་ཐམས་ཅད་འཇིག ་པར་བྱེད། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། ཞེས་པ་དང། ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀ་སྟེ་ཞེས་བའི་བར་གྱི་བསྟན་ཏེ་བདུད་དང་སྲིན་པོ་དང། གནོད་སྦྱིན་ལ་སོགས་པ་ཕྱིར་རྒོལ་བ་རྣམས། སྔོན་གྱི་སྨོན་ལམ་གྱིས ་སེམས་ཅན་མ་ལུས་པ་ཐམས་ཅད་ཐབས་མཁས་པའི་ཐུགས་རྗེས་འཇོམས་ཤིང། གཉེན་པོ་ཡེ་ཤེས་ཀྱིས་དངོས་པོ་ཐམས་ཅད་འཇིག་པར་བྱེད་ཅིང། སྙིང་རྗེ་ཆེན་པོ་རྒྱུ་མཐུན་པའི་བྱང་ཆུབ་ཀྱི་སེམས་གཞན་ལ་ཕན་འདོགས་པའི ་ངོ་བོར་བསྒྱུར་བས་སེམས་ཅན་གྱི་ལས་ཐམས་ཅད་འཇོམས་པར་བྱེད་པའི་རྟགས་སུ་གྱུར་བ་གསུངས་ཏེ། གདོན་མ་ལུས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་དཔོན་པོ་བི་ནཱ་ཡ་ཀ་དང་དབང་ལྡན་ལ་སོགས་པའི་མཐུ་དང་བློ་གྲོས་ཚད་མེད་པ་དང་ལྡན་པས། གཞན་གྱི་རིག ་སྔགས་ཐམས་ཅད་འགྲོ་བ་རྣམས་བྱེད་དུ་འཇུག་པར་གསུངས་སོ། །བྱང་ཤར་མཚམས་ཀྱི་ཁྲོ་བོའི་རྒྱལ་པོ་ཊཀྐི་རཱ་ཛའི་དོན་རྒྱས་པར་བཤད་ཟིན་ཏོ། །ད་ནི་ལྷོ་ནུབ་མཚམས་ཀྱི་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེའི་དོན་རྒྱས་པར་བཤད་དེ། ཡང་དག་པའི ་ཡེ་ཤེས་ཀྱི་སྟོབས་ཀྱིས་སེམས་ཅན་རྣམས་ཀྱི་དོན་མ་གྲུབ་པ་གྲུབ་པར་བྱེད་པ་དོན་གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། གང་བསྒྲུབ་པ་དེའི་དོན་རྣམས་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པས་ན། དེ་ནི་མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ ་སྦྱིན་པ་ཞེས་པ་དང་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་བསྟན་ཞེས་པའི་བར་ནི། རྣལ་འབྱོར་སྒྲུབ་པ་པོ་གང་ཡང་རུང་བ་དག་གིས་འདི་ཚུལ་བཞིན་དུ་བསྒྲུབས་ན། མདོ་ལས་འབྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ ་མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། སྒྲུབ་པར་བྱེད་པའི་ཐབས་རྣམ་པ་སྣ་ཚོགས་པའི་ལས་རྣམ་པ་རྣམས་ཕས་ཀྱི་རྒོལ་བདུད་རྣམ་པ་བཞི་ཉོན་མོངས་པ་དང། ཕུང་པོ་དང། ལྷའི་བུ་དང། འཆི་བདག་གི་བདུད་རྣམས་ཀྱི་དབང་དུ་ནི་མི་གཏོང ་བར་མཛད་པ་དང། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྣམ་གྲངས་མ་ལུས་པ་ཐམས་ཅད་རབ་ཏུ་སྦྱིན་པར་མཛད་པ་དང། དཔའ་བར་འགྲོ་བར་དགེ། ཟླ་བའི་རྒྱན་མཚན་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པའི་སྟོབས་དང་ལྡན་པ། ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་འདོད་པ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་རྣམ་ཐོབ་པར་སྒྲུབ་ཅིང། དེ་བཞིན་གཤེགས་པའི་འཕྲིན་ལས་སྣ་ཚོགས་པ་མཛད་དོ། །ལྷོ་ནུབ་མཚམས་ཀྱི་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེའི་དོན་རྒྱས་པར་བཤད་ཟིན་ཏོ། ་ད་ནི་ནུབ་བྱང་མཚམས་ཀྱི་ཁྲོ་བོ་ཨ་མོ་གྷ་པཱ་ཤའི་དོན་སྟོན་ཏེ། ཐབས་མཁས་ཐུགས་རྗེའི་ཞགས་པས་ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་རྣམས་འཁོར་བའི་སྡུག་བསྔལ་ལས་འདྲེན་ཅིང་ཐུགས་རྗེས་སྲུང་བར་བྱེད་པའི་དོན་ཏེ། སེམས་ཅན་ཐམས་ཅད ་སྲུང་བ་ཞེས་པ་དང། བྱང་ཆུབ་སེམས་ཐབས་མཁས་པས་སྲུང་བར་བྱེད་དོ་ཞེས་པའི་བར་ནི། ཐབས་མཁས་པའི་ཐུགས་རྗེ་ཚད་མེད་པའི་རང་བཞིན། སྔོན་བསྐལ་པ་ཚད་མེད་པ་སེམས་ཅན་མ་ལུས་པ་ཐམས་ཅད་ལ། བྱང་ཆུབ་སེམས་ཚད་མེད་པ་སྐྱེས ་ནས། ཡེ་ཤེས་ཀྱི་ཁྲོ་བོའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ཕྱུང་ནས། སྤྲུལ་པ་དག་འདོད་ཁམས་དང། གཟུགས་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་དག་ཇི་ལྟར་འདུལ་བ་བཞིན་དུ། ཐབས་མཁས་པའི་ཐུགས་རྗེ་ཚད་མེད་པའི་སྤྲུལ་པ ་དེས། འགྲོ་བ་སྣ་ཚོགས་པ་རྣམས་ཇི་ལྟར་འདུལ་བ་བཞིན་དུ་སྟོན་ཏེ། དེས་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་ལ་སོགས་པས་སྡུག་བསྔལ་བའི་རྣམ་པ་ལ། ཚད་མེད་པའི་ཐུགས་རྗེ་ཡོན་ཏན་སྣ་ཚོགས་པས་ཕན་བཏགས་ནས། འཁོར་བའི་སེམས་ཅན་རྣམས ་བསྲུང་བའི་ཕྱིར་རོ། །དེ་ནི་ཐུགས་རྗེ་དང་ཕྲིན་ལས་དོན་ཡོད་པའི་ཞགས་པ་སྟེ། སྔོན་གྱི་ཕྲིན་ལས་ཚད་མེད་པའི་སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཤིང་བསྡུ་བའི་དངོས་པོ་སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་དཔྱོད ་པ་དང། དོན་མཐུན་པའི་སྒོ་ནས་སྡུད་ཅིང་སྲུང་བར་བྱེད་དོ། །ནུབ་བྱང་མཚམས་ཀྱི་ཁྲོ་བོ་དོན་ཡོད་ཞགས་པའི་དོན་རྒྱས་པར་བསྟན་ཟིན་ཏོ། །ད་ནི་དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོ་ཕྱག་ན་རྡོ་རྗེའི་དོན་སྟོན་ཏེ། རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བའི་མཛོད་འཛིན་པ་ཐུགས ་ཆོས་ཉིད་ལས་མ་གཡོས་ཀྱང། སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱིས་སེམས་ཅན་གྱི་དོན་འདོད་པ་ཕུན་སུམ་ཚོགས་པ་སྒྲུབ་ཅིང། བདུད་དང་སྲིན་པོ་ལ་སོགས་པ་གདུལ་བའི་ཕྱིར་ཐུགས་རྗེས་ཁྲོ་བོར་སྐུ་སྤྲུལ་ཏེ། རེངས་པར ་མཛད་དེ། ཞི་བ་རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ཞེས་པ་དང། དབང་དུ་བསྡུས་ཕན་འདོགས་པའི་ཕྱིར་རོ། །ཞེས་པའི་བར་ནི། སེམས་ཕྱིན་ཅི་ལོག་དང། ལྟ་བ་ཕྱིན་ཅི་ལོག་དང། ཤེས་རབ་ཕྱིན་ཅི་ལོག་དང་འདུ་ཤེས་ཕྱིན་ཅི་ལོག་གི་ཉོན ་མོངས་པ་ཐམས་ཅད་ལས། ཐབས་མཁས་པའི་སྔོན་གྱི་བསོད་ནམས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་རབ་ཏུ་བསགས་པས་ད་ལྟར་ཤཱཀྱ་ཐུབ་པའི་བསྟན་པ་ལ་གནོད་པའི་སེམས་ཅན་དྲེགས་པ་ཅན་ལ། འཇིགས་བྱེད་ཐབས་ལ་མཁས་པའི་སྤྲུལ་པ ་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་པ་དག་གི་གནོད་པར་བྱེད་པའི་སེམས་ཅན་གཞན་ལ་བསྟན་ནས། དེ་དག་གི་དེ་དང་བདག་ཏུ་ལྟ་བའི་འདུ་ཤེས་ཕྱིན་ཅི་ལོག་གི་ཉོན་མོངས་པའི་སྡུག་བསྔལ་མ་ལུས་པ་རྣམས་མེད་པར་མཛད་དོ། །དྲེགས་པ་ཅན ་དེ་དག་བཏུལ་ནས། བྱང་ཆུབ་ཆེན་པོ་ལ་ཇི་ལྟར་འདོད་པ་བཞིན་དུ། ཡོན་ཏན་གྱི་ཚོགས་བསམ་གྱི་མི་ཁྱབ་པས་རྒྱས་པར་མཛད་ཅིང། བདུད་ཀྱི་རྒྱལ་པོ་དང། དྲེགས་པ་ཅན་ཁྱོད་ཤུག་ཅན་རྣམ་སྐྲག་ཅིང་དངངས་པ་དང། རེངས་ཤིང་འདར་བར་མཛད་པའི ་ཕྱིར་རོ། །རྣམ་པ་གཞན་དུ་ཡང་རྣམ་པར་མི་རྟོག་པའི་བྱང་ཆུབ་སེམས་ཆོས་ཉིད་ཞི་བའི་ཏིང་ངེ་འཛིན་མཉམ་པའི་ངང་ལས་མ་གཡོས་ཀྱང། ཚེ་རབས་སྔོན་གྱི་བསོད་ནམས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་རྒྱས་པར་མཛད་དོ། །འཇིག་རྟེན་རྣམ ་པ་གསུམ་ན་གནས་ནས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་ཐབས་ལ་མཁས་པའི་ཕྲིན་ལས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ལ་གནོད་པའི་བདུད་རྣམས་འདུལ་བའི་ཕྲིན་ལས་སྣ་ཚོགས་པ་འབྱུང་བའི་ཡོན་ཏན་གྱི་རང་བཞིན ་ཕུན་སུམ་ཚོགས་པ་གཞན་ལ་དབྱུང་བའི་ཕྱིར། རྣམ་གྲངས་སྣ་ཚོགས་པའི་སྒོ་ནས་སེམས་ཅན་རྣམས་ཚིམ་ཞིང་བདེ་བར་མཛད་དོ། །གོང་གི་ཞི་བས་མི་འདུལ་བའི་བདུད་དང་སྲིན་བུ་དྲེགས་བྱེད་རྣམས་ཁྲོ་བོའི་ཏིང་ངེ་འཛིན་ལས་ཁྲོ་བོའི་སྤྲུལ་པ་སྣ་ཚོགས་དག ་གིས་འདུལ་ཞིང། སྡུག་བསྔལ་ལས་སྐྱོབས་ནས་བདེ་བ་ལ་དགོད་པའི་ཕྱིར། འཇིགས་བྱེད་ཀྱི་དྲག་ཤུལ་གྱི་རེངས་ཤིང་འདར་བར་མཛད་དོ། །དེ་དག་དེ་བཞིན་གཤེགས་པའི་འཁོར་དུ་ཐུགས་རྗེ་དབང་དུ་བསྡུས་ནས། ཕན་པའི་ཡོན་ཏན་ཆེན་པོའི་སྒོ་ནས ་དོན་མཛད་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོ་ཕྱག་ན་རྡོ་རྗེའི་དོན་རྒྱས་པར་བཤད་ཟིན་ཏོ། །ད་ནི་ཤར་དང་ལྷོ་དང། ནུབ་དང་བྱང་གི་སྒོ་བའི་དོན་སྟོན་ཏེ། ཚད་མེད་པ་རྣམ་པ་བཞིའི་རྟགས་ཏེ་སྙིང་རྗེའི་ལྕགས་ཀྱུ་དང། བྱམས་པའི་ཞགས་པ་དང། དགའ་བའི་ལྕགས ་སྒྲོགས་དང། བཏང་སྙོམས་ཀྱི་དྲིལ་བུ་དང་ལྡན་པའི་སྒོ་ནས། སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་དཔྱོད་པ་དང། དོན་མཐུན་པའི་སྒོ་ནས་འགྲོ་བའི་དོན་མཛད་པའི་རྟགས་སོ། །རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ཞེས་པ་དང། མི་གནས་བྱེད་པའི ་དོན་ཏོ། །ཞེས་པས་བསྟན་ཏེ། ཡེ་ཤེས་ཀྱི་སྒོ་བ་རྣམ་པ་བཞིས་འདོད་པ་དང། གཟུགས་དང། གཟུགས་མེད་པའི་སེམས་ཅན་མ་ལུས་པ་རྣམས། ཕྱག་རྒྱ་རྣམ་པ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པའི་ཐབས་སྣ་ཚོགས་པ་བསྟན་ནས། མེ་ལོང་ལྟ ་བུའི་ལྕགས་ཀྱུ་དང། མཉམ་པ་ཉིད་ཀྱི་ཞགས་པ་དང། སོ་སོར་ཀུན་ཏུ་རྟོགས་པའི་ལྕགས་སྒྲོག་དང། བྱ་བ་ལ་ནན་ཏན་གྱི་དྲིལ་བུར་སྐུ་སྤྲུལ་ཏེ། འདུལ་བའི་དབང་དུ་རྡོ་རྗེ་རྟ་གདོང་ལྕགས་ཀྱུ་མ་དང། རྡོ་རྗེ་ཕག་གདོང་ཞགས་པ་མ་དང། རྡོ་རྗེ་ལྕགས ་སྒྲོགས་ཉི་ཟླའི་སྤྱན་དང། རྡོ་རྗེ་ཐལ་བྱེད་དྲིལ་འཁྲོལ་མར་སྤྲུལ་ཏེ། ཤར་དྲི་ཟ་དང། ལྷོར་གྲུལ་བུམ་དང། ནུབ་ཀླུ་དང། བྱང་གནོད་སྦྱིན་ལ་སོགས་པའི་བདུད་རྣམས་སྐབས་འཚོལ་ཞིང་གླགས་ལྟ་བ་རྣམས་ཐུགས་རྗེས་མ་རུངས་པ་རྣམས་རྨུ ་པར་བྱས་ནས། ལོག་པའི་ལམ་དུ་འཇུག་ཏུ་མི་སྟེར་བར་གསང་བའི་དྲག་ཤུལ་གྱི་མཐུས་བསྡིགས་ནས། སྡུག་བསྔལ་ལས་མི་གནས་པར་བྱེད་པའི་དོན་ཏོ། །ཚད་མེད་པའི་སྒོ་བ་བཞིའི་དོན་བཤད་ཟིན་ཏོ། །སྔགས་དབྱུང་བའི ་དོན་སྟོན་ཏོ། །སྔགས་ནི་ཡེ་ཤེས་ཀྱི་རྟགས་ཀྱི་དོན་གསང་བ་དབྱུང་བའི་ཐབས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ་ཞེས་པ་དང། ཐུགས་ཁྲོ་བོའི་སྔགས་དང་དབྱུང་བར་བྱ་བའི་དོན་ཏོ། །ཞེས་པའི་བར་ནི་དཀྱིལ་འཁོར་གྱི་རང་བཞིན་བཤད་པ་ལ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུས་ལག་ན་རྡོ་རྗེ་ལ། སྐུ་དང་གསུང་དང་ཐུགས་ཀྱི་དབང་བསྐུར་བས་བྱིན་གྱིས་བརླབས་ནས། འདས་པ་དང་མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཡེ་ཤེས་ལག་ན་རྡོ་རྗེ་རབ་ཏུ་སྨྲས་ནས། བྱང་ཆུབ་སྙིང་པོར ་དབང་བསྐུར་བས། ལྷ་གནས་དང་ནི་མི་གནས་ཀུན་ཏུ་ཐུགས་ཡང་དག་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་མཐུའི་དབང་བསྐུར་བར། བཅོམ་ལྡན་འདས་ཀྱི་འཁོར་འཇིག་རྟེན་ལས་འདས་པས་མཐོང་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས ་ཀྱིས་བྱིན་གྱིས་བརླབས་ནས་ལྷའི་རྒྱལ་པོ་དབང་སྒྱུར་གྱི་གནས་དང་ལྷོ་ཕྱོགས་གྱད་ཀྱི་ཡུལ་དང། སྙིང་པོ་བྱང་ཆུབ་ག་ལ་བ་འདིར་ལག་ཏུ་ཡེ་ཤེས་ཀྱི་རྡོ་རྗེ་བྱིན་ནས། རྡོ་རྗེ་མིང་འཛིན་པར་དབང་བསྐུར་བས། ལྷ་དང། ཀླུ་དང་གནོད་སྦྱིན་དང། དྲི་ཟ་དང ་ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང་ལྟོ་འཕྱེ་ཆེན་པོ་དང། མི་དང་མི་མ་ཡིན་རྣམས་སུ་ལག་ན་རྡོ་རྗེར་སོ་སོར་སྐད་དུ་འུར་ཅེས་རབ་ཏུ་གྲགས་པར་གྱུར་པའི་དོན་ཏོ། དུས་དེར་འདོད་ཁམས་དང། གཟུགས་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་སྲིད་པ ་གསུམ་གྱི་མཐུ་ཆེ་བ་རྣམས་དབང་དུ་འདུས་པར་འགྱུར་རོ། །ཐམས་ཅད་ཞབས་འོག་ཏུ་བསྡུས་ནས་བཀའ་དམ་ལ་བཏགས་ནས་སོ་སོ་རང་རང་གི་སྙིང་པོ་མདོང་གསོལ་དུ་ཕུལ་ནས། དམ་ཚིག་ཅན་དུ་བྱས་ནས་དེ་རྣམས་ཀྱང་དུས་གཅིག་ཏུ་གོ ་སྟེ། གོང་གི་ཁྲོ་བོ་རྣམས་ཀྱི་སྔགས་དང། ཆོ་གའི་ཕན་ཡོན་རྣམས་འདུལ་བའི་དབང་འགྲོ་བའི་དོན་དུ་ལག་ན་རྡོ་རྗེ་ཕྱོགས་བཅུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཚིག་འཇིག་རྟེན་རྣམ་པ་གསུམ་དུ་སྲིད་པའི་སེམས་ཅན་ལ་ཕན་པའི་ཕྱིར་རོ། །གསུང་ཁྲོ་བའི ་དཀྱིལ་འཁོར་འདི་འདུལ་བའི་དབང་དུ་གསུངས་སོ། །གསང་སྔགས་གསུང་གི་དཀྱིལ་འཁོར་དབྱུང་བའི་ཐབས་བཤད་ཟིན་ཏོ།། །།ད་ནི་གསུང་ཡིག་འབྲུའི་དཀྱིལ་འཁོར་བཤད་པའི་དོན་སྟོན་ཏེ། དང་པོ་ཕྱག་ན་རྡོ་རྗེའི་ཕྲིན་ལས་བཤད་དོ། །ན་མོ་རཏན་ཏྲ་ཡཱ ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་དོན་ཏེ། ཕྱག་ན་རྡོ་རྗེ་དཀོན་མཆོག་གི་རང་བཞིན་དུ་གྱུར་པས་ན། ཡེ་ཤེས་ལས་གྲུབ་པའི་ཕྱིར་ཞེས་པ་ན། དུས་གསུམ་དུ་རྒྱལ་བའི་རང་བཞིན་དུ་གྱུར་པས་དཀོན་མཆོག་གསུམ་ཞེས་བརྗོད་དོ། །ན་མཤཙཎྜ ་བཛྲ་པཱ་ཎ་ཡེ། རྡོ་རྗེ་རིན་ཆེན་གྱི་ངོ་བོ་ཕྱག་ན་རྡོ་རྗེའི་ཡང་དག་པའི་སྙིང་པོའོ་ཞེས་པ་ནི་ཐུགས་རྡོ་རྗེ་ལྟ་བུ་དང། ཡོན་ཏན་རིན་ཆེན་ལྟ་བུ་དང། ལྡན་པའི་ཐ་ཚིག་གོ། མཧཱ་ཡཀྵ་ས་ན་པ་ཏ་ཡེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ ་བའི་དོན་ཏེ། གནོད་སྦྱིན་གྱི་རྣམས་ཐུགས་རྗེས་འདུལ་བས་དེ་སྐད་ཅེས་བརྗོད་དོ། །ཞེས་པ་ནི་ཁམས་གསུམ་གྱི་དྲེགས་པ་ཅན་འདུལ་བའི་ཕྱིར་རིགས་གནོད་སྦྱིན་དུ་བསྟན་ཏེ། ཐབས་མཁས་པའི་ཕྲིན་ལས་ཀྱི་དབང་དུ་སྡུད་པས་སོ། །ཏདྱ་ཐཱ། འདི་ལྟ་སྟེ་གང ་ལྟ་ཞེ་ན། འོག་ནས་བྱུང་བའི་སྔགས་ཀྱི་ཚིག་རྣམས་ཞེས་པ་ནི། འོག་གི་དོན་མ་ནོར་བར་བསྟན་པའི་ཕྱིར་གསལ་བར་བསྟན་ཅིང་སྨོས་པའི་དོན་ཨོཾ་ཏ་ཊ་ཏ་ཊ་ཡེ་ཤེས་ལྔའི་ངོ་བོ་དག་གི་ཉོན་མོངས་པ་ཐམས་ཅད་སོང་ཞིག་པའི་དོན་ནི། ཆོས་ཀྱི་དབྱིངས་ཀྱི ་ཡེ་ཤེས་ལ་སོགས་པ་རྣམ་པ་ལྔས། ཉོན་མོངས་པ་རྣམས་རབ་ཏུ་གཅོད་པའི་དོན། །ཏྲོ་ཊ་ཡ་ཏྲོ་ཊ་ཡ་ཕྱག་ན་རྡོ་རྗེའི་བྱིན་གྱིས་བརླབས་ཀྱི་རབ་ཏུ་གཅོད་ཅིང་ལགས་བར་སོང་ཅིག་པའི་དོན་ནི། ཐུགས་གསང་བའི་མཛོད་འཛིན་པ་ཡེ་ཤེས་ཀྱི་དོན་ལ་དཔྱོད་ཅིང། ཉོན ་མོངས་པ་ལས་སྐྱོབས་ཤིག་པའོ། །སཕུ་ཊ་སཕུ་ཊ། ཞེས་པ་ནི་ཉོན་མོངས་པ་ལས་ཡེ་ཤེས་ཀྱི་མེས་འབར་བར་གྱིས་ཤིག་པའི་དོན་ནི་སྡུག་བསྔལ་གྱི་རང་བཞིན་ཡེ་ཤེས་ཀྱི་ཕྲིན་ལས་ཉོན་མོངས་པ་ལ་དོན་གསལ་བར་གྱིས་ཤིག་པའོ། །སཕོ་ཊ ་ཡ་སཕོ་ཊ་ཡ། བྱང་ཆུབ་ཀྱི་རང་བཞིན་གྱིས་ལེགས་པར་འབར་བར་གྱིས་ཤིག་པ་ནི་ཐུགས་རྗེ་ཚད་མེད་པའི་ཕྲིན་ལས་ཀྱི་ལེགས་པར་མཐོང་བར་བྱ་བའི་ཐ་ཚིག་གོ། གྷུརྞ་གྷུརྞ། བདག་གི་བགེགས་རྣམས་གཟུང་ལ་སྐྲོད་ཅིང། ཡེ་ཤེས་ཀྱི་མེས་མཚན་མ་སྲེགས ་ཤིག་པའི་དོན་ནི། ལྟ་བ་ལོག་པ་ནི་བགེགས་དང་འདྲ་སྟེ། ཡང་དག་པའི་ལྟ་བའི་བགེགས་ཏེ་ཡེ་ཤེས་ཀྱི་མེས་ཉོན་མོངས་པ་ཆོམས་ཤིག་པའི་དོན་ནི། གྷུརྞ་པ་ཡ་གྷུརྞ་པ་ཡ། ནི་ཐུགས་རྗེ་ལྕགས་ཀྱུས་གཟུང་ལ་ལེགས་པར་སྐྲོད་ཅིག་པའི ་དོན་ནི། ཕྲིན་ལས་ལྕགས་སྐྱུས་གདོན་ཟུང་ལ་མཚན་མ་སྐྲོད་ཅིག་པའི་དོན་ནོ། །སརྦ་ས་ཏྭ་ནི་སེམས་ཅན་ཐམས་ཅད་ཐུགས་རྗེའི་ཐུགས་ཀྱི་གཟིགས་ཤིག་པའི་དོན་ནི་ཐུགས་རྗེའི་ཞིང་སྟེ། དགོས་འབྲེལ་ཡོད་པས་གཟིགས་པའི་ཕྱིར་རོ། བོ་དྷ་ཡ་བོ་དྷ ་ཡ། ཁམས་གསུམ་གྱི་སེམས་ཅན་རྣམས། བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་ཅིག་པའི་དོན་ནི། དངོས་པོར་ལྟ་བ་རྣམས་དངོས་པོ་མེད་པའི་བྱང་ཆུབ་སེམས་ལ་དགོད་པའི་ཕྱིར་རོ། །སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། འགྲོ་བ་རྣམས་ལེགས་པར་བྱང་ཆུབ ་ཏུ་སེམས་བསྐྱེད་པའི་དོན་ནི། ལམ་ལོག་པའི་འགྲོ་བ་རྣམས་ཡང་དག་པའི་བྱང་ཆུབ་ལ་དགོད་པའི་ཕྱིར་རོ། །བྷྲ་མ་བྷྲ་མ། བྱང་ཆུབ་ཀྱི་སེམས་དང་མི་མཐུན་པའི་བགེགས་རྣམས་སྐྲོད་ཅིག་པའི་དོན་ནི། གཟུང་འཛིན་གྱི་བག་ཆགས་རྣམས་བྱང ་ཆུབ་ཀྱི་སྐྱོན་གསོལ་ཅིག་།སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། ཕྱིན་ཅི་ལོག་གི་ཉོན་མོངས་པ་རྣམས་ལས་ཐུགས་རྗེས་ལེགས་པར་སྐྲོད་ཅིག་པའི་དོན་ནི། ལྟ་བ་ལོག་པ་ནི་ཉོན་མོངས་པའི་རྒྱུ་ལས་ཕྲིན་ལས་ཀྱི་དེ་སེལ་བའི་དོན་ཏོ། །སརྦ་བུདྡྷ། སངས ་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོས་བདག་གི་སྡིག་པ་ཐམས་ཅད་ཆོམས་ཤིག་པའི་དོན་ཏོ་ནི་སྔོན་གྱི་ཐུགས་རྗེ་ཕྱི་ནང་གི་གནོད་པ་ཐམས་ཅད་མེད་པར་བྱ་བའི་ཕྱིར་ཆོམས་ཤིག་ཅེས་གསུངས་སོ། །ཀུ་ཊ་ནི་ཀུ་ཊ་ནི། གདོན་འབྱུང་པོ་རྣམས་གཏུབས་ཤིག ་གཏུབས་ཤིག་ཐུགས་རྗེ་ཡེ་ཤེས་ཀྱི་སྤྱན་གྱི་གཟིགས་པའི་དོན་ནི། གནོད་པ་རྣམས་མེད་པར་བྱེད་པ་དང། གདུག་པ་རྣམས་བཅད་པ་དང། ཐུགས་རྗེ་གཟིགས་པར་བྱེད་པའི་ཐ་ཚིག་གོ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། འཇིག་རྟེན་ན་གནོད་པར་བྱེད་པ་རྣམས་བྱམས ་པའི་ཐུགས་ཀྱིས་གཏུབས་ཤིག། ལེགས་པར་གཏུབས་ཤིག་པའི་དོན་ནི། ཁམས་གསུམ་གྱི་སེམས་ཅན་ལ་གནོད་པ་རྣམས་འཇོམས་པར་བྱེད་པའི་ཐབས་དང་ལྡན་པས་ཡེ་ཤེས་ཀྱི་རྟགས་ཀྱི་ཞབས་ཀྱི་ཟིལ་གྱིས་ནོན་ཅིང། སེམས་ཅན་རྣམས་ཀྱི་སྡུག ་བསྔལ་ཕ་རོལ་ཅིང་ཟད་པར་བྱེད་པས། གདོན་ཐམས་ཅད་འཇོམས་པར་བྱེད་ཅིང་རླག་པར་གསུངས་ཏེ། ཉན་ཐོས་དང་མུ་སྟེགས་ལ་སོགས་པའི་ཕྱི་ནང་གི་ལྟ་བ་རྣམས་ཀྱི་གནོད་པ་སྣ་ཚོགས་པ་རྣམས་རྟོགས་པའི་རང་བཞིན་གྱིས་དགེ་བའི་བར་དུ ་གཅོད་པའི་གནོད་པ་རྣམས། ཕྲིན་ལས་སྣ་ཚོགས་པས་གདུལ་བར་ཡང་མཛད་པས། ཁམས་གསུམ་གྱི་འགྲོ་བ་ལས་སྣ་ཚོགས་པས། ཕུང་པོ་ཉམ་ཐག་ནས་ནད་སྣ་ཚོགས་ཀྱིས་ཚེ་དང་མདངས་འབྲོག་པ་མ་ལུས་པ་རྣམས་ཐུགས་རྗེས་ཐབས ་མཁས་པས་ཐར་པར་མཛད་ཅིང། ཕྱིའི་གདོན་དང། ནང་གི་གདོན་དང། འབྱུང་བའི་ཁམས་མ་སྙོམས་པའི་གདོན་ཐམས་ཅད་ལས་རབ་ཏུ་ཐར་བའི་རྟགས་སུ། ཁྲོ་བོ་རྒྱལ་པོ་ཡ་མཱནྟ་ཀར་བསྟན། དེ་བསྒྲུབ་པར་བྱ་བའི་ཕྱིར་ཞེས་པ་དང། བཀྲིས་པར་འགྱུར་རོ།། ་ཞེས་པའི་བར་ནི། རྣལ་འབྱོར་པས་དོན་རྣམས་མ་ནོར་བར་བསྒྲུབ་པར་བྱ་བའི་ཕྱིར། དུས་གསུམ་གྱི་ད་བཞིན་གཤེགས་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་གནས་པར་བྱིན་གྱིས་བརླབས་ནས། གཞལ་ཡས་ཁང་དུ་གནས ་ཏེ། རང་བཞིན་གྱིས་དག་པར་བསམ་ཏེ། དེ་ཉིད་བསྒོམ་པའི་རྒྱུ། ཡ་མཱམཏ་ཀའི་རྩ་བའི་ཡིག་འབྲུ། ཐུགས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསམ་ཏེ། འོད་དུ་ཞུ་བས་དངོས་པོའི་རང་བཞིན་བྱང་ཆུབ་སེམས་སུ་གནས་པས་ན་སྙིང ་པོ་རྣམ་པ་ལྔ་ཐུགས་ཀྱི་རྟགས་དང་ལྡན་པ་ལ། རྒྱན་ཆས་རྣམ་པ་ཡོན་ཏན་གྱི་རྣམ་པ་སྣ་ཚོགས་པ་འབྱུང་བའི་གནས་སུ་ཐུགས་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཀྱི་རྟགས་ཧ་འབར་བ་བསམ་སྟེ། ཧ་དེས་དངོས་པོ་རྣམས་འོང་དུ་དངོས་པོ་མེད་པར་ཞུ་བས ་འབྲས་བུའི་རང་བཞིན་ཡོན་ཏན་གྱི་ངོ་བོ་རྒྱན་ཆས་དང། བྱང་ཆུབ་སེམས་ཀྱི་སྙིང་པོ་དང། རྒྱན་ལ་ཐིམ་པས་ཐམས་ཅད་རང་བཞིན་གཉིས་སུ་མེད་པར་གྱུར་པར་བསམས་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྣམ་པར་ཐར་པའི་ཆོ་འཕྲུལ ་བསམ་གྱིས་མི་ཁྱབ་པར་གྱུར་ནས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཐུགས་རྡོ་རྗེའི་བྱིན་བརླབས། དངོས་གྲུབ་སྣ་ཚོགས་པ་འབྱུང་བས་སེམས་ཅན་ཐམས་ཅད་ཀྱི་དགོངས་པ་སྣ་ཚོགས་པར་གྲུབ་པར་བསམ་སྟེ། དེ་ནས་རྣལ་འབྱོར ་སྒྲུབ་པ་པོས་བདག་ཡ་མཱནྟ་ཀའི་ཏིང་ངེ་འཛིན་དུ་ཞུགས་ཏེ། འགྲོ་བ་འདུལ་བའི་དབང་དུ་བདག་ཞི་བ་དང། རྒྱས་པ་དང། དབང་དང། དྲག་པོའི་ལས་རྣམས་འགྲོ་བ་གང་ལ་མོས་པ་བཞིན་དུ། དཀར་བ་དང། སེར་བ་དང། དམར་བ་དང། གནག་པ ་ཕྲིན་ལས་སོ་སོའི་ཁ་དོག་ཏུ་སྒྱུར་ཏེ། ཡེ་ཤེས་ཀྱི་བུམ་པ་དེས་དབང་བསྐུར་ཞིང་བསྙེན་པ་ཡང་གྲངས་དང། མཚན་མ་དང། དུས་ཀྱི་བསྙེན་པ་དང། ད་ཧ་བཛྲ་གྲངས་མང་པོར་བརྗོད་ན་བཀྲིས་ཀྱི་ཡོན་ཏན་སྣ་ཚོགས་པ་རབ་ཏུ་ཐོབ་པར་འགྱུར་རོ། གོང ་དང་འོག་གི་སྒྲུབ་ཐབས་རྣམས་བཤད་པ་ལས་འབྱུང་བ་ཡང་འདི་བཞིན་དུ་རྒྱས་པར་ཤེས་པར་བྱའོ། །རིག་པའི་གཏན་ཚིགས་གོང་འོག་ལ་སྦྱར་བར་ཤེས་པར་བྱའོ། །གཞན་དག་དོན་གཅིག་པས་མི་སྨོས་སོ་ཤར་ལྷོ་མཚམས་ཀྱི་ཁྲོ ་པོའི་རྒྱལ་པོ་ཡ་མཱནྟ་ཀའི་དོན་རྒྱ་ཆེར་བསྟན་ཟིན་ཏོ།། །།ད་ནི་བྱང་ཤར་མཚམས་ཀྱི་ཁྲོ་བོ་ཊཀྐི་རཱ་ཛའི་དོན་རྒྱས་པར་སྟོན་ཏེ། ཁམས་གསུམ་གྱི་འབྱུང་པོའི་རྒྱལ་པོ་དབང་ལྡན་རིག་སྔགས་ཀྱི་དམོད་པའི་ཚོགས་ཐམས་ཅད་ཞི་བར་བྱེད་པས་ཊཀྐི ་རཱ་ཛ་ཕྱུང་ནས་འགྲོ་བའི་དོན་དུ་བཞུགས་པའི་ཐབས་ནི་འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ཞེས་བྱ་བ་དང། ལས་ཐམས་ཅད་བྱེད་དུ་འཇུག་པར་གསུངས་ཞེས་པའི་བར་ནི། འདོད་ཁམས་ཀྱི་སེམས་ཅན་གྱི་གཟུང་བ་དང ་འཛིན་པའི་བག་ཆགས་རྣམ་པར་རྟོག་པ། ཀུན་གཞི་ལ་རབ་ཏུ་བསགས་པས་ནི། ནམ་མཁའ་ལ་སྤྲིན་གྱིས་བསྒྲིབས་པ་ལྟར། ཕྱིན་ཅི་ལོག་གི་བག་ཆགས་མཐུ་ལྟས་པས། བདག་ཏུ་ལྟ་བ་ལས་འབྱུང་བས་ན་འབྱུང་པོ་ལོག་པའི་མཐུ་རབ་ཏུ་ཞེས་པས་ན་མཚན་མ ་རྫས་ཀྱི་བྱེ་བྲག་སྣ་ཚོགས་པ་ལས་འབྱུང་བ་དང། སྔོན་གྱི་ལས་གྱུར་པའི་འབྱུང་པོ་ཐམས་ཅད་ཀྱི་རྒྱལ་པོ་དབང་ལྡན་ལ་སོགས་པ་རྣམས་འགུགས་པར་བྱེད་པའི་རྟགས་ཀྱི་ཕྱག་རྒྱ་ནི། འདུལ་བའི་དབང་དུ་སྐུ་སྤྲུལ་ཏེ། འགྲོ་བའི་དོན་བྱེད་པའི་རྟགས་ཊཀྐི་རཱ་ཛ་སྟེ། ་འཇིག་རྟེན་གྱི་ཁམས་རྣམ་པ་གསུམ་གྱི་ནང་དུ། ཕྱིའི་འབྱུང་པོ་དང། ལས་ལས་གྱུར་པའི་འབྱུང་པོའི་རིགས་ཐམས་ཅད་ཐབས་མཁས་པའི་ཐུགས་རྗེས་དབང་དུ་བསྡུས་ནས་འཁོལ་བས་ན། བྱང་ཤར་མཚམས་ཀྱི་འབྱུང་པོ་རྣམས་འགུགས་ཤིང་དབང ་དུ་སྡུད་པས་འདོད་པའི་རྒྱལ་པོར་སྣང་བས། དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་སྣ་ཚོགས་པ་རབ་ཏུ་མཛད་པ་ཐམས་ཅད་བྱེད་དུ་འཇུག་ཅིང། ཉམས་སུ་ལེན་པ་རྣམས་བྱམས་པའི་རལ་གྲིས་མངོན་དུ་བཏུལ་ཏེ། ་ལེགས་པར་གནས་པའི་དོན་ཏོ། །སརྦ་ཤ་ཏྲུཾ། བདག་ལ་གནོད་པར་བྱེད་པའི་བགེགས་རྣམས་ཐམས་ཅད་རང་བཞིན་འདུལ་བའི་དོན་ནི་གནོད་སྦྱིན་དང། སྲིན་པོ་དང། བགེགས་ཀྱི་རིགས་རྣམས་འདུལ་བའི་ཕྱིར་རོ། །གྷ་ཊ་ཡ་གྷ་ཊ་ཡ། བགེགས་དང་འབྱུང ་པོ་དེ་རྣམས་ཐུགས་རྗེས་སྐྲོད་ཅིག་པའི་དོན་ཏེ། བི་ནཱ་ཡ་ཀ་དང་དབང་ལྡན་ལ་སོགས་པ་རྣམས་ཐུགས་རྗེས་སྐྲོད་ཅིག་པའི་ཐ་ཚིག་གོ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ནི་ལེགས་པར་སྐྲོད་ཅིག་པའི་དོན་ཏེ། བདག་དང་སེམས་ཅན་ཐམས་ཅད ་ཉོན་མོངས་པ་ལས་ཐར་བར་གྱིས་ཤིག་པའི་དོན་ནི། ཉོན་མོངས་པས་སེམས་ཅན་ཐམས་ཅད་འཁོར་བས་དེ་ལས་བཟློག་ཅིང་ཐར་བར་བྱ་བའི་ཕྱིར་རོ། །སརྦ་བིདྱཱ། རིག་སྔགས་ཀྱི་མཐུས་གང་ལ་བྱ་བའི་ལས་ཐམས་ཅད་རྡོ་རྗེ་འབར་བས་གྲུབ་པར་བྱེད་པའི་དོན་ནི། ཡེ་ཤེས་ཀྱི ་མཐུ་དང་ལྡན་པས་དོན་མ་ལུས་པ་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར་སྨོས་སོ། །བཛྲ་བཛྲ་སཕོ་ཊ། ཡེ་ཤེས་འབར་བའི་ཆེ་བས་བགེགས་རྣམས་གཞན་དུ་སྤེར་ཅིག་པའི་དོན་ནི། ཐུགས་རྗེ་ཐབས་ཀྱི་ཕྲིན་ལས་ཆེ་བ་དང། འདྲ་བས་སྐྱེ་བཞི་བགེགས་རྩད་གཅོད ་པའི་ཕྱིར་སྨོས་སོ། །བཛྲ་བཛྲ་ཀ་ཊ། ཡེ་ཤེས་ལས་གྲུབ་པའི་རྡོ་རྗེ་འབར་བར་བས་ཉོན་མོངས་པ་ཐམས་ཅད་ཆོད་ཅིག་པའི་དོན་ནི། དངོས་པོ་རྣམས་དངོས་པོ་མེད་པར་བྱ་བའི་ཕྱིར། འདུལ་དབང་དུ་གཅོད་ཅིག་པའི་དོན་ཏོ། །བཛྲ་བཛྲ་མ་ཊ་བྱང་ཆུབ་སེམས་ཀྱི་རྡོ ་རྗེས་བདག་ལ་གདུག་པ་རྣམས་གཏུགས་ཤིག་པའི་དོན་ནོ། །ཆོས་ཉིད་ངོ་བོ་རྡོ་རྗེ་དང། འདྲ་བས་མཚན་མ་རྣམས་མེད་པར་བྱེད་པའི་ཐབས་སོ། བཛྲ་བཛྲ་མ་ཐ། ཡང་དག་པའི་ཡེ་ཤེས་རྡོ་རྗེས་བགེགས་རྣམས་ཐུལ་ཅིག་པའི་དོན་ནི། རྟོགས་པའི་ལྟ ་བ་ནི་རྡོ་རྗེ་དང་འདྲ་བས། ལོག་པའི་ལྟ་བ་རྣམས་མེད་པར་བྱེད་པའི་ཐབས་སོ། །བཛྲ་བཛྲ་ཨ་ཐ། ཡེ་ཤེས་ལས་གྲུབ་པའི་ཡང་དག་པའི་རྡོ་རྗེས་བདུད་རྣམས་གནས་དེར་མི་གནས་པར་གྱིས་ལ་སྐྲོད་ཅིག་པའི་དོན་ནི། དངོས་པོ་རྣམས་དངོས་པོ་མེད་པར ་བྱེད་པའི་ཡང་དག་པའི་དོན། རྡོ་རྗེས་མཚན་མ་རྣམས་མེད་པར་བྱེད་པའི་ཕྱིར་སྐྲོད་ཅིག་པའོ། ཧ་ས་ནི་ལ་བཛྲ། རྡོ་རྗེ་རྣོན་པོ་མེ་དང་འདྲ་བས་བག་ཆགས་རྣམས་ཆོད་ཅིག་པའི་དོན་ནི། ཏིང་ངེ་འཛིན་རལ་གྲི་དང་འདྲ་བས་དངོས་པོ་རྣམས་གཅོད་ཅིང་དོན་མཐོང ་བའི་ཐ་ཚིག་གོ་།སུ་བཛྲ་སྭཱཧཱ། ཐུགས་མཁྱེན་པའི་རྡོ་རྗེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ། ལེགས་སྦྱོར་ཅིག་པའི་དོན་ནི། རྟོགས་པའི་ལྟ་བ་རྣམ་པར་དག་པས་དོན་རྣམས་མཐོང་ཞིང་ལེགས་པར་རྟོག་པའི་ཕྱིར་རོ། །དཀྱིལ་འཁོར་གཙོ་བོ་ཕྱག་ན་རྡོ ་རྗེའི་རང་བཞིན་གྱི་དོན་བཤད་ཟིན་ཏོ།། །།བམ་པོ་གཉིས་པ། དེ་ནི་དེའི་ཐུགས་ཁྲོ་བོའི་ཕྲིན་ལས་ཀྱི་དོན་བཤད་དེ། ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་ཉོན་མོངས་པ་རྣམས་འཇོམས་པའི་རྟགས་སུ་ཐུགས་རྗེས་ཁྲོ་བར་སྦྲུལ་ཏེ། དྲེགས་པ་ཅན་འདུལ ་བ་དང། ཕྲིན་ལས་བྱ་བ་དང་དངོས་གྲུབ་རྣམས་སྦྱིན་པའི་ཕྱིར། རྣམ་པར་ཐར་པ་བརྒྱད་ཀྱི་རྟགས་ཁོ་ནའི་དོན་སྟོན་པའི་ཕྱིར་རོ། །ཧེ་ཕུ་ལུ་ནི་རུ་ཕུ་ལུ། དེ་ལྟར་ཕྱག་ན་རྡོ་རྗེ་ཐུགས་ཀྱི་ངོ་བོར་གསུངས་ནས། རྡོ་རྗེ་ཁྲོ་བོ་ལས་སྦྱོར་བའི་ཕྱིར་རོ། །རྡོ་རྗེ་ཁྲོ་བོ་འབར་བས ་ཉོན་མོངས་པའི་གཤིན་རྗེ་ཁམས་གསུམ་པ་རྣམས་ཐུགས་རྗེས་འབར་བར་བྱེད་པའི་དོན་ནི་ཐུགས་ཀྱི་བདག་པོའི་དོན་བསྟན་ནས། དེའི་འོག་ཏུ་ཁྲོ་བོས་ལྟ་བ་ལ་སོགས་པ་རྣམས་ཐུགས་རྗེའི་ཁྲོ་བའི་རང་བཞིན་གྱིས་འཇོམས་པའི་དོན་ནི། གྲིཧྞ་ཀུ ་ལུ། ཁམས་གསུམ་གྱི་གཤེད་ཀྱི་སྡུག་བསྔལ་དང། ལས་རྣམས་འཇོམས་པའི་དོན་ནི། འཇིག་རྟེན་པ་རྣམས་ཉོན་མོངས་པས་གཤིན་རྗེའི་དབང་དུ་སོང་བའི་སྡུག་བསྔལ་རྣམས་ཐུགས་རྗེས་གཤིན་རྗེ་ལྟ་བུས་འཇོམས་པའི་རྟགས་སོ། །མི་ལི་ཙུ་ལུ། ཀུ་རུ་ཀུ་ལུ། ་འཕགས་པ་རྟ་མགྲིན་སྔོན་པོ་འབར་བས་སྡུག་བསྔལ་རྣམས་སྦྱོངས་ཤིག་པའི་དོན་ནི། འཁོར་བ་ལས་འཕགས་པའི་གསུང་གི་རྟ་སྐད་དང་ལྡན་པས། ཆོས་ཉིད་ཀྱི་ངོ་བོས་སྡུག་བསྔལ་རྣམས་ཆོམས་ཤིག་པའི་དོན་ཏོ། །བཛྲ་བ་ཛ་ཡ་སོ་ཧཱ། ཁྲོ་བོའི་རྒྱལ་པོ ་བདུད་རྩི་འཁྱིལ་པ་འབར་བས་ཉོན་མོངས་པ་ཐམས་ཅད་བདུད་རྩིར་བྱིན་གྱི་བརླབས་ཤིག་པའི་དོན་ནི། ཡང་དག་པའི་རྟགས་གཟུང་འཛིན་ལས་རྒྱལ་ཞིང། དུག་བདུད་རྩིར་འགྱུར་ཞིང་ཉོན་མོངས་པ་འཇོམས་པའི་རྟགས་ཐུགས་ཆོས་ཉིད་དུ་འཁྱིལ ་བས་སྨོས་སོ། །ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨཱརྱ་ཨ་ཙ་ལས་ཐུགས་ཀྱི་ཕྲིན་ལས་མཛད་པ་དང། སྟོབས་པོ་ཆེས་དྲག་ཤུལ་གྱི་ཕྲིན་ལས་མཛད་པའི་དོན་ནི་འཁོར་བ་ལས་འཕགས་ཤིང་ཐུགས་ཀྱི་ཕྲིན་ལས་སྣ་ཚོགས་པའི་ངོ་བོ་དང། ཡང ་དག་པའི་ཤེས་རབ་ཀྱི་སྟོབས་དང་ལྡན་པ་གཉིས་ཀྱི་ཕྲིན་ལས་སོ། །ཀ་ཊ་ཀ་ཊ་ཞེས་པ་ནི་ཡ་མཱནྟ་ཀ་ཁྲོ་བོས་བདུད་རྣམས་སྤ་བཀོངས་ཤིག་པའི་དོན་ནི་ཐུགས་ཡེ་ཤེས་ཀྱི་རྒྱལ་པོས་ལྟ་བ་ངན་པ་རྣམས་མེད་པར་བྱེད་པའི་ཐ་ཚིག་གོ། མ་ཊ་མ་ཊ་ནི་ཧཱུཾ ་ཀ་རས་ཉོན་མོངས་པ་རྣམས་ལས་ཐུགས་རྗེས་སྐྱོབས་ཤིག་པ་ནི། མཚན་མ་ཐམས་ཅད་འཇིགས་པར་བྱ་ཡེ་ཤེས་ཀྱི་ཁྲོ་བོས་ལྟ་བ་ལོག་པ་རྣམས་མེད་པར་བྱེད་པའི་ཐ་ཚིག་གོ། ར་ཊ་ར་ཊ་ཁྲོ་བོའི་རྒྱལ་པོ་པདྨ་འཁྱིལ་པས་ཉོན་མོངས་པ་རྣམས ་ཞི་བར་མཛོད་ཅིག་པའི་དོན་ནི། ཉོན་མོངས་པ་ལ་ཁྲོ་ཞིང་མ་ཆགས་པའི་སྐྱོན་གྱི་བུ་འཁྱིལ་པས་མཚན་མ་རྣམས་ཞི་བར་བྱེད་པའི་ཐ་ཚིག་གོ། མོ་ཊ་ན་ཕྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཡེ་ཤེས་ཀྱི་གནོད་སྦྱིན་འབར་བ་གཤིན་རྗེ་གཤེད་ཀྱི་སྐྱོབས་ཤིག ་པའི་དོན་ནི། འཁོར་བ་འཇོམས་པའི་ངོ་བོ་ཐུགས་རྗེའི་མེ་འབར་བས་མཚན་མ་རྣམས་མེད་པར་བྱེད་པའི་ཐ་ཚིག་གོ། ཙ་ར་ནི་ཙ་ར་ནི་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་ནཱི་ལ་དན་ཌས། བདག་དང་སེམས་ཅན་ཐམས་ཅད་ལ་ཚེ་དང་དབང་ཐང་སྩོལ ་ཅིག་པའི་དོན་ནི། མཚན་མ་མེད་པའི་ཡེ་ཤེས་ཀྱི་བདག་པོས། མི་འཆི་བའི་གཡུང་དྲུང་དང། བསོད་ནམས་ཀྱི་ཚོགས་ཐོབ་པར་བྱེད་པའི་ཐ་ཚིག་གོ། ཧ་ར་ཧ་ར་ཡེ་ཤེས་ཀྱི་གཤོག་པས་འཁོར་བའི་སྡུག་བསྔལ་ལས་སྐྱོབས་ཤིག་པའི ་དོན་ནི། རྟོགས་པའི་ཡེ་ཤེས་ཀྱིས་འཁོར་བའི་སྡུག་བསྔལ་རྣམས་ལས་ཐར་པར་མཛད་དོ། །ས་ར་ས་ར་ཏིང་ངེ་འཛིན་དྲག་ཤུལ་གྱི་སེམས་ཉམས་པ་རྣམས་དྲན་པར་གྱིས་ཤིག་པའི་དོན་ནི་ཐུགས་ཀྱི་དད་བཞིན་ཕུན་སུམ་ཚོགས་པ ་དང་ལྡན་པས། སེམས་ཉམས་པའི་སྐྱོན་སྤྱོད་བའི་ཐབས་སོ། །མཱ་ར་ཡ་ཉོན་མོངས་པ་འཇོམས་པའི་རྡོ་རྗེས་བགེགས་རྣམས་སོང་ཅིག། ལས་དྲག་པོས་རྡུལ་དུ་ཐོད་ཞིག་པའི་དོན་ནི། ལྟ་བ་ངན་པ་འཇོམས་པའི་དྲག་པའི་སྟོབས་དང་ལྡན་པའི་རྡོ་རྗེ་ལྟ་བུས་གནོད ་པའི་གདོན་རྣམས་སྟོངས་པར་བྱེད་པའི་ཐབས་སོ། །བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། རྡོ་རྗེ་རྣམ་པར་འཇོམས་པས་དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནོད་པ་རྣམས་ཞི་བར་མཛད་ཅིག་པའི་དོན་ནི། ཡང་དག་པའི་ཡེ་ཤེས་ཀྱིས་མཚན་མ་ཐམས་ཅད་མཚན་མ་མེད ་པར་བྱེད་པའི་ཐ་ཚིག་གོ། ཙྪིནད་ཙྪིནད། ཁྲོ་བོའི་རྒྱལ་པོ་ཧ་ཡ་གྲི་བས། ཉོན་མོངས་པ་རྣམས་རྩད་ཆོད་པ་ནི། གསུང་གི་བདག་པོ་ཆགས་པའི་བདག་ཉིད་ཀྱི་གདུག་པ་རྣམས་མེད་པར་བྱེད་པའི་དོན་ནི། བྷིནད་བྷིནད། བདག་དང་སེམས་ཅན་རྣམས་ཀྱི་སྡུག་བསྔལ ་བཤིག་པའི་དོན་ནི། ཐུགས་རྗེ་ཕུན་སུམ་ཚོགས་པས་སྡུག་བསྔལ་གསུམ་དང་བརྒྱད་ལས་ཐར་པར་བྱེད་པའོ། །མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེས་ལས་དང་ཉོན་མོངས་པ་ཐམས་ཅད་ཐུགས་ཞི་བའི་སྒོ་ནས་ཞི་བར་མཛོད་ཅིག ་པའི་དོན་ནི། འཁོར་བ་འཇོམས་པའི་སྟོབས་དང་ལྡན་པས་གཟུངས་འཛིན་གྱི་བག་ཆགས་རགས་པ་རྣམས་སྟོངས་པར་བྱེད་པའི་ཐ་ཚིག་གོ་།བནད་བནད་ཊིཀྐ་རཱུ་ཛ་སྟེ་ཁྲོ་བོའི་རྒྱལ་པོས་གདུག་པའི་བདུད་རྣམས་མགོ་ནས་གཟུང་ལ་ཆིངས། ་ཤིག་པའི་དོན་ནི། འཁོར་བ་འཇོམས་པའི་རྒྱལ་པོས་ལྟ་བའི་བདུད་རྣམས་རྩ་བ་ནས་འབྱིན་པའི་ཐ་ཚིག་གོ། ཏྲོ་ཊ་ཏྲོ་ཊ། ཁྲོ་བོའི་ཁྲོ་བོས་ཉོན་མོངས་པ་རོལ་ཅིག་པའི་དོན་ནི། ཉོན་མོངས་ཁྲོ་བོ་ལ་ཐུགས་རྗེ་ཁྲོ་བོས་འཇོམས་པའི་ཐ་ཚིག་གོ། ཀཱི་ལི ་ཀཱི་ལ་ཡ་སྭཱ་ཧཱ། བྱང་ཆུབ་སེམས་ཀྱི་རང་བཞིན་བདུད་རྩི་འཁྱིལ་པས་ཐམས་ཅད་ཞི་བར་མཛད་ཅིག་པའི་དོན་ནི། གཟུང་འཛིན་གྱི་སྐྱོན་སྤངས་པའི་བདུད་རྩི་དང་ལྡན་པས། ཆོས་ཉིད་དུ་དངོས་པོ་རྣམས་ལ་བཟློག་པའི་ཕྱིར་རོ། །ཙུ་རུ་ཙུ་རུ། ཁྲོ་བའི ་རྒྱལ་པོ་ཨ་མོ་གྷ་པཱ་ཤས་དམ་ཚིག་བཞིན་དུ་ཕྲིན་ལས་མཛོད་ཅིག་པའི་དོན་ནི། ཐབས་ཐུགས་རྗེ་ཆེན་པོའི་ཞགས་པ་དང་ལྡན་པས་སྔོན་གྱི་ཕྲིན་ལས་བཞིན་དུ་ལས་མཛོད་ཅིག་པའི་དོན་ནོ། །ཙཎྜ་ལི། ཁྲོ་བོའི་རྒྱལ་པོ་ཚུར ་སྤྱོན། དམ་ཚིག་ལ་དགོངས་ཤིག་པའི་དོན་ནི། མ་རུངས་པ་འདུལ་བའི་བདག་པོ་གཉིས་སུ་མེད་པར་བྱ་བ་དང། མི་འདའ་བར་བྱ་བའི་ཕྱིར་རོ། ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། བདུད་རྩི་འཁྱིལ་པས་ཐུགས་རྗེ་ཚད་མེད་པའི་གསུང་སྒྲས་ཐམས་ཅད་བྱང ་ཆུབ་སེམས་སུ་ཞི་བར་མཛོད་ཅིག་པའི་དོན་ནི། ལྟ་བའི་བདུད་རྣམས་བྱང་ཆུབ་སེམས་ཀྱི་རྩིས་བསྒྱུར་ཞིང། ཤེས་རབ་ཀྱི་སྒྲས་ཆོས་ཉིད་དུ་སྟོན་ཅིང་བྱང་ཆུབ་སེམས་ལ་དགོད་པའི་དོན། ཏྲཱ་ས་ཡ་ཏྲཱ་ས་ཡ། ཁྲོ་བོའི་རྒྱལ་པོ་མཧཱ་བ་ལས ་བདུད་དང་དྲེགས་བྱེད་རྣམས་སྐྲག་པར་གྱིས་སྐྲག་པར་གྱིས་ཤིག་པའི་དོན་ནི་ཉོན་མོངས་པ་འཇོམས་པའི་སྟོབས་དང་ལྡན་པ། བདུད་རྣམ་བཞི་འཇོམས་ཤིང་སྐྲག་པར་བྱེད་པའི་དོན་ནོ། །བཛྲི་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཡེ་ཤེས་ཀྱི་རྡོ་རྗེ་འབར ་བས་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན་ནི། ཡང་དག་པའི་ཡེ་ཤེས་ཀྱི་དངོས་པོ་རྣམས་དངོས་པོ་མེད་པར་གྱིས་ཤིག་པའི་དོན་ནོ། །ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ། རྡོ་རྗེ་ཡེ་ཤེས་འབར་བའི་སྒོ་བ་བཞིས་བགེགས་སྲེགས་ཤིག་སྲེགས ་ཤིག་པའི་དོན་ནི། ཕྲིན་ལས་འཇོམས་པའི་བདག་ཉིད་ཀྱི་བལྟ་བའི་བགེགས་རྣམས་མེད་པར་གྱིས་ཤིག་པའི་དོན་ནོ། །པྲ་ཧ་ར་ཡ་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པས། མཚན་མའི་དངོས་པོ་ཐམས་ཅད་ཞི་བར་མཛད་ནས། བྱིན ་གྱིས་བརླབས་ཤིག་པའི་དོན་ནི། ཉོན་མོངས་པའི་བདུད་འཇོམས་པའི་བདུད་རྩི་འཁྱིལ་པས་མཚན་མ་ཐམས་ཅད་བདུད་རྩིར་བྱིན་གྱིས་རློབས་ཤིག་པའི་དོན་ནོ། །བཛྲ་པྲ་བྷཉྫ་ནཱ་ཡ་སྭཱཧཱ། བྱང་ཆུབ་སེམས་ཀྱི་རྡོ་རྗེ་འབར་བས ་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན་ནི། འབྲས་བུའི་རང་བཞིན་མཚན་མ་འཇོམས་པའི་ཡེ་ཤེས་ཀྱིས་དངོས་པོ་མ་ལུས་པ་རྣམས་ཞི་བར་གྱུར་པ་དང། རབ་ཏུ་ཞི་བར་གྱུར་པའི་ཕྱིར་རོ། །ཡེ་ཤེས་ཀྱི ་རྟགས་ཀྱི་ཁྲོ་བོ་རྣམས་ཀྱི་ཕྲིན་ལས་ཀྱི་དོན་རྣམས་བཤད་ཟིན་ཏོ།། །།ད་ནི་ཐུགས་ཁྲོ་བོའི་ཕྲིན་ལས་བསྲུང་བའི་དོན་སྟན་ཏེ། ད་ནི་ཡེ་ཤེས་ལས་གྲུབ་པས་ཐུགས་རྗེས་འགྲོ་བ་སྲུང་བའི་ཐབས་སྟོན་ཏེ། མ་ཏིསྠི་ར་བཛྲ། བློ་གྲོས ་བརྟན་པའི་རྡོ་རྗེས་བྱང་ཆུབ་སེམས་ཀྱི་རང་བཞིན་དང་ལྡན་པར་གྱིས་ཤིག་པའི་དོན་ནི་ཏིང་ངེ་འཛིན་གྱི་རྡོ་རྗེས་བདག་གི་ལུས་རྡོ་རྗེ་ལྟ་བུར་ཞི་བར་མཛོད་ཅིག་པའི་དོན་ཏོ། །སུ་ཏིསྠི་ར་བཛྲ། ཤིན་ཏུ་བརྟན་པའི་རྡོ་རྗེས་ལེགས་པའི་ཡོན་ཏན་རྡོ་རྗེ་ལྟ་བུ་ཞི ་དད་ལྡན་པར་གྱིས་ཤིག་པའི་དོན་ནི། ཏིང་ངེ་འཛིན་མི་འགྱུར་བའི་ངོ་བོས་སྐྱོན་སྤངས་ནས་ཐམས་ཅད་ཞི་བར་བྱེད་པའི་དོན། པྲ་ཏིསྠི་ར་བཛྲ། སོ་སོར་བརྟན་པའི་རྡོ་རྗེས་བདག་གི་ལུས་རྡོ་རྗེ་ལྟ་བུར་ཞི་བར་མཛོད་ཅིག་པའི་དོན་ནི། སོ་སོར་རྟོག་པའི ་ཡེ་ཤེས་ཀྱིས་དངོས་པོ་རགས་པ་རྣམས་རབ་ཏུ་བཅོམ་ནས་ཆོས་ཉིད་ལ་གནས་པར་བྱེད་པའི་དོན་ནོ། །མ་ཧཱ་བཛྲ་ཆེན་པོ་རྡོ་རྗེས་ཞི་བའི་ཚུལ་དུ་བདུད་ལས་རྒྱལ་བར་མཛོད་ཅིག་པའི་དོན་ནི། ལྷ་སྤྱོད་རྣམ་པར་དག་པས་གཟུང་འཛིན་གྱི་སྐྱོན་གྱི ་བདུད་འདུལ་བའི་རྟགས་སོ། ། པྲ་ཏི་ཧ་ཏ་བཛྲ། རབ་ཏུ་བརྟན་པའི་རྡོ་རྗེས་བདག་ལ་ཡེ་ཤེས་ཀྱི་མཚན་ཆ་སྩོལ་ཅིག། གཞན་གྱི་གཏི་མུག་རྣམས་གཞོམ་པའི་ཕྱིར་རོ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་དངོས་པོའི་མཚན་མ་རྣམས་འཇོམས ་ཤིང་ཏི་མུག་གནས་སུ་དག་པར་བྱེད་པའི་ཕྱིར་རོ། ། མོ་གྷ་བཛྲ། དོན་ཡོད་པའི་རྡོ་རྗེས་བདག་ལ་དོན་རྣམས་སྩོལ་ཅིག་པའི་དོན་ནི། དེ་བཞིན་གཤེགས་པའི་ཐུགས་རྗེའི་འཕྲིན་ལས་ཀྱི་འཁོར་བ་ལས་འདྲེན་པ་དང་དོན་རྣམས་སྦྱིན་པའི ་ཐ་ཚིག་གོ་།ེ་ཧི་བཛྲ། བདེན་པའི་རྡོ་རྗེས་བདག་འཁོར་བ་ལས་དྲོངས་ཤིག་།ཚུར་གཤེགས་ཚུར་བྱེན་ཞེས་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་འཁོར་བ་རྣམས་སྟོངས་པར་གསལ་བར་བྱེད་པ། རྟོགས་ཤིང་འགྲོ་བའི་དོན་དུ་གཤེགས་པ་ཐ་ཚིག་གོ་།ཤཱི་གྷྲཾ ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དཔའ་བར་འགྲོ་བའི་རྡོ་རྗེ་ལ་གོ་ར་རྒྱུག་པའི་ཕྱིར། དེ་བཞིན་གཤེགས་པའི་ཕྲིན་ལས་མཛོད་ཅིག་པའི་དོན་ནི། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ལས་ཀྱི་ཕྲིན་ལས་སྣ་ཚོགས་པ་མཛད་ཅིང་དངོས་པོ་རྣམས་འཇོམས་པའི ་དོན། ཁྲོ་བོ་བསྲུང་བའི་ཕྲིན་ལས་བཤད་ཟིན་ཏོ། །སྒོ་བཞིའི་བསྲུང་བ་སྟོན་ཏེ། ཡེ་ཤེས་ཀྱི་རྟགས་ཀྱི་བསྲུང་བར་བྱེད་པའོ། །དེ་ནི་ལྟ་བ་ལོག་པའི་སེམས་ཅན་རྣམས་ལ་ཡེ་ཤེས་རྣམ་པ་བཞིས་འགྲོ་བའི་དོན་དུ་ཐུགས་རྗེས་འདུལ་དབང་དུ ་བསྟན་ཏོ། །སརྦ་ཀུ་ལཾ་ཨཱ་བརྟ་ཡ། རྡོ་རྗེ་འཁོར་དང་བཅས་པ་བདག་ལ་བྱིན་གྱིས་བརླབས་ཤིག། གནོད་པའི་བྱེ་བྲག་ཐམས་ཅད་རབ་ཏུ་ཞི་བར་མཛོད་ཅིག་པའི་དོན་ནི། ཡེ་ཤེས་ཀྱི་འཁོར་རྟགས་ཀྱི་ཕྱག་རྒྱས་དངོས་གྲུབ་སྦྱིན་ཞིང ་གནོད་པ་རྣམས་འདུལ་ཞིང་མེད་པར་བྱེད་པའི་དོན་ཏོ། །དྷ་ར་དྷ་ར། བྱང་ཆུབ་སེམས་ཀྱི་རང་བཞིན་ཞི་པས་ཐམས་ཅད་ཁྱེར་ལ་གཟུངས་སུ་གྱིས་ཤིག་པའི་དོན་ནི། སྙིང་རྗེ་ཆེན་པོ་ཚད་མེད་པས་ཉོན་མོངས་པ་ཞི་བར་བྱ་བ་དང། བྱང་ཆུབ་ཏུ་ཁྱེར ་ལ་གཉིས་སུ་མེད་པར་བྱེད་པའི་དོན་ཏོ། །དྷི་རི་དྷི་རི། དབྱིངས་ཀྱི་རང་བཞིན་ཆོས་ཉིད་ཀྱིས་ལེགས་པར་ཐོབ་ཤིག་པའི་དོན་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྲིན་ལས་ཀྱི་ཆོས་ཉིད་དུ་ལ་ཟློ་བའི་དོན་ཏོ། །དྷུ་རུ་དྷུ་རུ། ལུས་ཅན་ཐམས་ཅད ་ཐུགས་རྗེས་གཟུང་ཐོགས་ཤིག་པའི་དོན་ནི། སྒོ་བ་བཞིས་དངོས་པོ་རྣམས་ཐུགས་རྗེས་རབ་ཏུ་འདུལ་ཞིང་འཛིན་པར་གྱུར་པའི་ཐབས་སོ། ། མུ་ཀ་མཱ་ར་ཡ་ཕཊ། བདག་དུས་མ་ཡིན་པའི་འཇིགས་པ་བཟློག་ཅིང། བདུད་རྣམས་ཆོམས ་ཤིག་པའི་དོན་ནི། དངོས་པོའི་བདུད་དངོས་པོ་མེད་པ་ལ་བཟླ་བའི་ཕྱིར་དང། ཕྱི་ནང་གི་བདུད་འཇོམས་པའི་རྟགས་སོ། །ཁྲོ་དེ་བརྒྱད་དང། སྒོ་བ་བཞིའི་བསྲུང་བའི་ཕྲིན་ལས་ཀྱི་དོན་བཤད་ཟིན་ཏོ། །ད་ནི་ཁྲོ་བོའི་དབང་གི་དོན་སྟོན་ཏེ། ཐུགས་རྗེས་འཁོར་བ ་དབང་དུ་བསྡུད་པའི་ཕྱིར་འདུལ་དབང་དུ་དབང་གི་ལས་བསྟན་ཏེ། ན་མ(རྒྱུད་འགྲེལ་བ་ལེ། ཐམས་ཅད་ཀུན་གྱི་རང་བཞིན་སྟོབས་ཆེས་དབང་བསྐུར་བའི་དོན་ནི་ཆོས་ཉིད་ཀྱི་སྟོབས་ཀྱི་དངོས་པོ་ཐམས་ཅད་འཇོམས་པའི་དབང་བསྐུར་བའི་ཕྱིར་རོ། །ཱ་བ་རྟ་ཡ། མ་ཧཱ་བ་ལེ་མཉེས་པར་བྱེད་པ་སྟོབས་པོ་ཆེ་མགྱོགས་པ་རླུང་དང་འདྲ་བས་དབང ་བསྐུར་བའི་དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྟོབས་མགྱོགས་པར་བྱེད་པ་དང། མྱུར་བ་རླུང་ལྟ་བུས་དབང་བསྐུར་བའི་ཕྱིར་རོ། །ཀ་ཏ་བེ་ཏ་ཏ་ལེ། ཡེ་ཤེས་ཀྱི་མཆེ་བས་ཉོན་མོངས་པའི་བདུད་ཐུལ་ཅིག་པའི་དོན་ནི། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི ་མཆེ་བས་སྐྱེ་བཞི་འཇོམས་པའི་རྟགས་སོ། ། ཙ་ལེ། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་མངའ་བདག་གི་སྤྲུལ་པས་བདག་ལ་དབང་བསྐུར་ལ་སྐྱོབས་ཤིག་པའི་དོན་ནི། འཇིག་རྟེན་ལས་ཡེ་ཤེས་ཀྱི་རྒྱལ་བར་བྱེད་པའི་ཐུགས་ཆོས ་ཉིད་ཀྱི་མངའ་བདག་གིས་དབང་བསྐུར་བའི་དོན་ནོ། །མཎྜ་ལ་མཱ་ཡེ། དཀྱིལ་འཁོར་གྱི་སྲུང་མ་རྣམས་ཀྱི་སྤྲུལ་བའི་ངོ་བོ་ཉིད་ཀྱི་མཆེ་བ་སྣ་ཚོགས་སུ་སྣང་བའི་དོན་ནི། ཐུགས་རྗེས་འདུལ་དབང་དུ་སྐུ་སྤྲུལ་ཏེ། འགྲོ་བའི་དོན་དུ་མཛད་ལས་པའི་བདེ་བ ་སྦྱིན་པའི་དོན། ཨ་ཏི་བཛྲ་རྡོ་རྗེ་བཟང་པོས་གནོད་པ་ཐམས་ཅད་བདག་ལས་སྐྱོབས་ཤིག་པའི་དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ལས་ཀྱི་བག་ཆགས་རྣམས་འཇོམས་པའི་ཕྱིར་རོ། །མཧཱ་བ་ལེ་བེ་ག་ར་ཎ། སྟོབས་པོ་ཆེས་མགྱོགས་པ་རླུང་དང ་འདྲ་བས། གནོད་པ་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྟོབས་ཀྱི་ཕྲིན་ལས་ཀྱིས་ནི་སྡུག་བསྔལ་འཇོམས་པའི་ཐ་ཚིག་གོ་། ཛི་ཏི་ཛཝ་ལ་ཛཝ་ལ། ཡང་དག་པའི་ཤེས་རབ་ཀྱིས་བདུད་ཀྱི་དྲེགས ་པ་རྣམས་སྲེགས་ཤིག་།འབར་བས་ཉོན་མོངས་པ་སྲེགས་ཤིག་པའི་དོན་ནི། དེ་བཞིན་གཤེགས་པའི་སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་ཀྱི་ལྟ་བའི་བདུད་རྣམས་མེད་པར་གྱིས་ཤིག་པའི་དོན་ནོ། ཏི་ཊི་ཏི་ཊི་པིངྒ་ལེ། འབར་བ་སྐམ་པོ་འབར་བས ་སྡུག་བསྔལ་ལས་སྐྱོབས་ཤིག་པའི་དོན་ནི། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དངོས་པོ་རྣམས་མེད་པར་བྱེད་པའི་ཐ་ཚིག་གོ་།ད་ཧ་ད་ཧ། བདག་གི་ཉོན་མོངས་པ་རྣམས་སྲེགས་ཤིག་།ཡང་དག་པའི་ཡེ་ཤེས་འབར་བར་གྱིས་ཤིག་པའི་དོན ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟོག་པ་རྣམས་མི་རྟོག་པར་བྱེད་པའི་དོན་ཏོ། །ཏེ་ཛོ་བ་ཏི། ཡང་དག་པའི་ཡེ་ཤེས་ཀྱི་གཏི་མུག་གི་མུན་པ་ལས་འབར་བར་གྱིས་ཤིག་པའི་དོན་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་མ་རིག་པའི་ལྟ་བ་རྣམ་པར་སེལ་བའི ་དོན་ཏོ། །ཏི་ལི་ཏི་ལི། བདག་གི་སྡུག་བསྔལ་ཐམས་ཅད་ཆོད་ཅིག་པའི་དོན་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་སྡུག་བསྔལ་རྣམས་མེད་པར་བྱེད་དོ། །བནདྷ་བནདྷ། བགེགས་དང་འབྱུང་པོ་ཐམས་ཅད་ཆིངས་ཤིག་པའི་དོན་ནི། བྱ་བ་གྲུབ་པའི་ཡེ ་ཤེས་ཀྱི་གནོད་པ་རྣམས་འཇོམས་པར་བྱེད་པའི་དོན། མ་ཧཱ་བ་ལེ། སྟོབས་པོ་ཆེས་ལས་མཛོད་ཅིག་པའི་དོན་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འདོད་པ་འབྱུང་བའི་ལས་བྱེད་པའི་རྟག་གོ་།བཛྲ་ཨཾ་ཀུ་ཤ་ཛཝ་ལཱ་ཡ་སྭཱ་ཧཱ། རྡོ་རྗེ་མེ་དང་འདྲ ་བས་མཚན་མ་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་སྡུག་བསྔལ་རྣམས་མེད་པར་བསྲེགས་པའི་ཐབས་སོ། །ཐུགས་ཁྲོ་བོའི་དབང་གི་དོན་བཤད་ཟིན་ཏོ། །ད་ནི་ཡེ་ཤེས་ཀྱི་ཁྲོ་བོ་ལག་ན་རྡོ་རྗེ་དང། ་ཁྲོ་བོ་བརྒྱད་དང་སྒོ་བའི་དོན་སྟོན་ཏེ། དེ་ནི་དཀྱིལ་འཁོར་གྱི་བདག་པོ་དང། འཁོར་གྱི་སྙིང་པོ་བྱང་ཆུབ་སེམས་ཡིན་པར་བསྟན་ཏོ། །ན་མོ་རཏན་ཏྲ་ཡཱ་ཡ། ཡེ་ཤེས་ཀྱི་སྙིང་པོ་ལས་རྣམ་པ་བཞིའི་རང་བཞིན་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ ་བའི་དོན་ཡིན་པས་ཕྱག་ན་རྡོ་རྗེ་བདུད་རྩི་ངོ་བོ་ནི་མེ་ལོང་ལྟ་བུ་ཡེ་ཤེས་ཀྱིས། ཡེ་ཤེས་ཐམས་ཅད་ཀྱི་རང་བཞིན་དང། འབྱུང་གནས་ཡིན་པས་དཀོན་མཆོག་གི་དོན་དུ་བསྟན་ཏོ། །ན་མཤཙཎྜ་བཛྲ་པཱ་ནཱ་ཡེ། ཁམས་གསུམ་གྱི་སེམས་ཅན་རྣམས ་འདུལ་བའི་དོན་དུ་ཐུགས་རྗེས་ཁྲོ་བོའི་ཚུལ་དུ་བཞུགས་པས་རྡོ་རྗེ་ཁྲོ་བོར་བསྟན་པ་ནི། སངས་རྒྱས་ཀྱི་ཐུགས་ལས་སྐྱེས་པས་བདུད་འདུལ་དབང་ཕྱུག་ཏུ་བསྟན། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེ་ཡེ་ཤེས་ཀྱི་ངོ་བོར ་གསུངས་པའི་ཕྱིར་རོ་ནི། འཇིག་རྟེན་གྱི་དྲེགས་པ་ཅན་ཐུགས་རྗེས་འདུལ་བའི་རྟགས་སུ་བརྟན་པའི་དོན་ཏོ། །ཧ་ར་ཧ་ར་བཛྲ། ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཕྱག་ན་རྡོ་རྗེ་དབུས་ན་བཞུགས་ཏེ། རུས་ནི་གནོད་སྦྱིན་དུ་བསྟན་པ་སྟེ། ལྷ་ཆེན་པོས་མ ་ལུས་པ་འདུལ་བའི་ཕྱིར། དཀྱིལ་འཁོར་གྱི་བདག་པོར་བསྟན་ཏོ། །གཤིན་རྗེ་གཤེད་ཀྱི་སྙིང་པོ་ནི་མ་ཐ་མ་ཐ་བཛྲ། ཧཱུཾ་ཀ་ར་གཤིན་རྗེ་གཤེད་ཀྱི་རྒྱལ་པོའི་སྙིང་པོའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདུད་གཡུལ་བཟློག་པའི་རྟགས་སུ ་བསྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་པོ་ནི། དྷུ་ན་དྷུ་ན་བཛྲ། མཱནྟ་ཁྲོ་བོའི་རྒྱལ་པོ་མཚན་མའི་དངོས་པོ་ཐམས་ཅད་འཇོམས་པས་ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་པོ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་བདག་ཏུ་ལྟ་བའི ་མཚན་མ་རྣམས་འཇོམས་ཤིང་དོན་མཐོང་བར་བྱེད་པའི་ཕྱིར་རོ། །ཡ་མཱནྟ་ཀ་སྙིང་པོ་ནི། ད་ཧ་ད་ཧ་བཛྲ། ཡ་མཱནྟ་ཀ་ཁྲོ་བོའི་རྒྱལ་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་བྱང་ཆུབ་ཐོབ་པའི་རྒྱུའོ། །ནཱི་ལ་དཎྜའི ་སྙིང་པོ་ནི། པ་ཙ་པ་ཙ་བཛྲ། ནཱི་ལ་དཎྜའི་རང་བཞིན། རྟ་མགྲིན་སྔོན་པོའི་ངོ་བོར་བསྟན་པ་ནི། ཡེ་ཤེས་རྣམ་པ་བཞིའི་ཕྲིན་ལས་འདུལ་དབང་དུ་ཕྱུང་བའོ། །ཧ་ཡ་གྲི་པའི་སྙིང་པོ་ནི། ད་ར་ད་ར་བཛྲ། ཧ་ཡ་གྲ་པའི་རང་བཞིན ་སྔགས་ཀྱི་ས་བོན་བྱང་ཆུབ་སེམས་ཀྱི་ངོ་བོའི་སྙིང་པོ་ནི། ཐབས་མཁས་པའི་ཆགས་པས་དབང་དུ་སྡུད་པ་པདྨ་འཁྱིལ་པའི་རྟགས་སུ་སྣང་ངོ། །བདུད་རྩི་འཁྱིལ་པའོ་སྙིང་པོ་ནི། དྷ་ར་ཡ་དྷ་ར་ཡ་བཛྲ་བདུད་རྩི་འཁྱིལ་པའི་སྙིང་པོའི་རང་བཞིན། བྱང་ཆུབ་སེམས་མཚོན་པའི་རང ་བཞིན་ནི། ཐབས་མཁས་པའི་ཐུགས་རྗེའི་ཕྲིན་ལས་ཀྱི་སེམས་ཅན་གྱི་འདོད་པ་སྐོད་པའི་ཕྱིར་རོ། ། མོ་གྷ་པཱ་ཤའི་སྙིང་པོ་ནི། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཡང་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས། ཨ་མོ་གྷ་པཱ་ཤའི་རང་བཞིན་བྱང ་ཆུབ་སེམས་ཀྱི་སྙིང་པོ་ནི། ཐུགས་རྗེ་ཐབས་ཀྱི་ཞགས་པས་འཁོར་བ་རྣམས་འདྲེན་པའི་ཕྱིར་རོ། །སྟོབས་པོ་ཆེའི་སྙིང་པོ་ནི། ཙྪིནད་ཙྪིནད་བཛྲ། མ་ཧཱ་བ་ལ་སྟོབས་པོ་ཆེ། མ་ཧཱུ་ཀ་ར་ཉིད་ཀྱི་རང་བཞིན་དུ་བསྟན་པ་ནི། ཡེ་ཤེས་ཀྱི་སྟོབས ་ཀྱི་ཐབས་དང། ཤེས་རབ་གཉིས་སུ་མེད་པའི་དོན་ཏོ།། །།དེ་རྣམས་ཀྱི་ཕྱག་རྒྱ་ནི། བྷིནད་བྷིནད་ཧཱུཾ་ཕཊ། པདམོ་འཁྱིལ་པོའི་རང་བཞིན་ཡེ་ཤེས་ཀྱི་ཕྱག་རྒྱ་བཞིས་སྡོམས་ཤིག་པའི་དོན་ནི། མ་ཆགས་པ་ཆོས་ཉིད་ཀྱི་ཕྱག་རྒྱ ་སྟེ། འཛིན་ཅིང་འདྲེན་པ་དང། སྡུད་ཅིང་དགྱེས་པར་བྱེད་པའོ། །ཁྲོ་བོའི་སྙིང་པོའི་རང་བཞིན་བཤད་ཟིན་ཏོ། །ད་ནི་ཕྱག་འཚལ་བ་དང་སྒོ་བའི་དོན་བཤད་དོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྣམ་པ་བཞིས་མཚོན་པའི ་ཐབས་སྒོ་བ་བཞི་བསྟན་ཏེ། ན་མཤཙཎྜ་བཛྲ་ཀྲོ་དྷཱ་ཡ། ཕྱག་འཚལ་བའི་དོན་དང། ཕྲིན་ལས་ཏེ་ཨ་མྲི་རྟ་ཀུཎྜ་ལའི་སྙིང་པོའོ། །ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཀྱིས་དོན་གྱིས་རྡོ་རྗེ་ཡེ་ཤེས་ཀྱི་ཁྲོ་བོ་ཞེས་སྨོས་སོ་ནི་དེ་བཞིན་གཤེགས་པའི ་ཕྲིན་ལས་ནི་བདུད་རྩི་འཁྱིལ་བས་དེའི་རྟག་སུ་རྡོ་རྗེ་འཛིན་པ་སྟེ། ཡེ་ཤེས་ཀྱི་ཁྲོ་བོ་སྟེ། ཕྱག་ན་རྡོ་རྗེར་བསྟན་ཏེ། འདུལ་དབང་དུ་སྨོས་པས་མི་འགལ་ལོ། །ཧུ་ལུ་ཧུ་ལུ། བགེགས་དང་འབྱུང་པོ་རྣམས་ཚུར་ལྕགས་ཀྱུས་དྲེངས་ཤིག་ཤར་ཀྱི་ལྕགས ་ཀྱུ་མེ་ལོང་ལྟ་བུའི་ཕྱག་རྒྱའོ་ནི། གནོད་པའི་བྱེ་བྲག་རྣམས་ཐུགས་རྗེ་ལྕགས་ཀྱུས་འདྲེན་ཅིང། འགུགས་པའི་ཕོ་ཉའོ། །ཏིཤཐ་ཏིཤཐ་ཆིངས་ཤིག་ལྷོའི་ཞགས་པ་མ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་ཉོན་མོངས་པ་རྣམས་དབང་དུ་བསྡུས ་ཤིག་པ་ནི། ལས་དང་ཉོན་མོངས་པའི་བག་ཆགས་རྣམས་ཐབས་མཁས་པའི་ཐུགས་རྗེས་འདྲེན་ཅིང་འཛིན་པའི་ཕྱིར་རོ། །བནདྷ་བནདྷ། ནུབ་ཀྱི་སྒོ་བ་ལྕགས་སྒྲོག་མ་སྟེ། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་ལྕགས་སྒྲོག་གིས་བགེགས་དང་འབྱུང ་པོ་ཐམས་ཅད་སྡོམས་ཤིག་པའི་དོན་ནི། བྱང་ཆུབ་སེམས་ཐབས་དང་ཤེས་རབ་འགྲེལ་པའི་ལྕགས་སྒྲོག་གིས་གཉིས་སུ་མེད་པར་བྱེད་པའི་དོན་ནི། ཧ་ན་ཧ་ན། བྱང་གི་དྲིལ་བུ་མ་སྟེ། བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོས་བགེགས་དང་འབྱུང་པོ ་ཐམས་ཅད་རྡུལ་དུ་ལྷོགས་ཤིག་བྱ་བའི་དོན་ནི། ཕྱིན་ཅི་ལོག་གནོད་པའི་བྱེ་བྲག་ལ་ཐབས་མཁས་པའི་ཐུགས་རྗེས་སྟོངས་ཤིང་ཟད་པར་བྱེད་པའི་ཕྱིར་རོ། །ལས་ཀྱི་ལྷག་ཆད་ཁ་སྐད་བ་ནི། ཨ་མྲི་ཏ་ཧཱུཾ་ཕཊ། དཀྱིལ་འཁོར་གྱི་སྔགས་ཞེས་པ་དང ་ཤེས་པར་བྱེད་པའི་བར་ནི། གོང་གི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཐམས་ཅད་བདུད་རྩིར་བྱིན་གྱི་བརླབས་པའི་ཕྱིར་དང། དངོས་གྲུབ་འགྲུབ་པར་བྱེད་པའི་ཐབས་སོ། །སྒོ་བ་དང་སྒྲུབ་ཐབས་བསྟན་ཟིན་ཏོ།། །།དེ་ལྟར་ཁྲོ་བོ་རྣམས་ཀྱི་དོན ་བཤད་ནས། དེའི་འོག་ཏུ་ཡོན་ཏན་གྱི་རྣམ་གྲངས་ཆོ་གའི་ཐབས་ཀྱི་བྱེ་བྲག་སྟོན་ཏེ་ནི། དཀྱིལ་འཁོར་གྱི་དོན་བསྟན་ནས། སྒྲུབ་ཐབས་དང་ཆོ་གའི་བྱེ་བྲག་སྟོན་པའི་ཐ་ཚིག་གོ་།སྡིག་པ་ཐམས་ཅད་བྱང་བྱས་ནས། དོན་རྣམ་པ་གཉིས་སུ་ཤེས་པར ་བྱའོ། །རྒྱུད་ཀྱི་དོན་ལ་འཇུག་པའི་ཕྱིར་དང། རྒྱུད་ཀྱི་དོན་རྟོགས་པས་སྡིག་པ་འབྱང་བ་ནི། དང་པོ་ཉན་པའི་ཚེ་གཞན་ལ་རགས་ལས་པས་ཉེས་པ་འགྱོད་ནས་འཇུག་པ་དང། དེ་ནས་བསམ་ཞིང་བསྒོམ་པའི་ཚེ། བར་ཆད་ཞི་བར ་བྱ་བའི་ཕྱིར་གཤེགས་པའི་དོན་ནི། །རྒྱུད་ཀྱི་དོན་ལ་འཇུག་པའི་ཕྱིར། སྡིག་པ་ཐམས་ཅད་བྱང་བར་བྱ་བ་ནི། ཤེས་བྱའི་སྒྲིབ་པ་དང། ཉོན་མོངས་པའི་སྡིག་པ་དང། ཞེས་པ་དང། སྡིག་པ་རྣམས་འགྱོད་པ་བསྐྱེད་པའི་དོན་ཞེས་པའི་བར་ནི། དང་པོར་ཉན་པའི ་དོན་ལ་འཇུག་པའི་ཚེ། སྡིག་པའི་རྣམ་གྲངས་ཆོས་ལ་བདག་ཏུ་ལྟ་བ་དང། གང་ཟག་ལ་བདག་ཏུ་ལྟ་བ་དང། སྒོ་ལྔའི་ཡུལ་ལ་ལས་ཀྱི་ཞེན་པའི་བག་ཆགས་ཀུན་གཞི་ལ་སྒྲིབ་པ་དང། སྔོན་གྱི་བག་ཆགས་ད་ལྟར་སྨིན་པ་དང། དངོས་པོ་ལ་ཞེན་པའི ་བདག་ཏུ་ལྟ་བ་དང། ཡང་དག་པ་དང་རྒྱུ་འབྲས་ལ་ཡིད་མཆིས་པའི་བག་ཆགས་རྣམས་རང་བཞིན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྤྱན་དྲངས་ནས། གསལ་བར་བསྒོམ་པར་བྱ་སྟེ། ཕྱི་ནང་གི་མཆོད་པ་ཕུལ ་ནས་ཉེས་པ་བཤགས་ནས། ལུས་ངག་གི་དད་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རབ་ཏུ་བསྐྱེད་ནས་སྟ་གོན་ལ་སོགས་པའི་ཆོ་ག་བྱས་ནས། ལས་ཀྱི་གཞུང་མ་ནོར་བར་བགྱི་?་མཁྱེན་པར་གསོལ་ནས། ཉོས་པ་ལ་སོགས་པ་བཤགས ་པའི་དོན་ནོ། །དེ་ལ་རྒྱུད་ཀྱི་དོན་རྟོན་པས་སྡིག་པ་འབྱང་བ་ནི་ཞེས་པ་དང། འབྱང་བར་གསུངས་ཞེས་པའི་བར་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དོན་མ་ནོར་བར་བསྟན་ཅིང། སློབ་དཔོན་གྱིས་རྒྱུ་འབྲས་ཀྱི་དོན་མ་ནོར་བར་བསྟན་པས ་སེམས་གྲོལ་བའོ། །དེའི་འོག་ཏུ་སྡིག་པ་བྱང་ནས་འབྲས་བུ་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞེས་པ་ནི། གོང་དུ་གསུངས་པ་བཞིན་བྱས་ནས་འབྲས་བུ་ཆུད་མི་ཟ་བའི་ཕྱིར་སྨོས་སོ། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད་ཅེས ་པ་དང། དེ་སྐད་གསུངས་ཞེས་པའི་བར་ནི། འདིའི་དོན་ཚུལ་བཞིན་དུ་བྱས་པས་སྡུག་བསྔལ་གསུམ་སྤོང་བར་བྱེད་པ་ནི། ལྷ་འགྱུར་བའི་སྡུག་བསྔལ་དང། འདུ་བྱེད་ཀྱི་སྡུག་བསྔལ་དང། སྡུག་བསྔལ་གྱི་སྡུག་བསྔལ་དང། རྣམ་པ་གསུམ་མོ། །སྡུག ་བསྔལ་བརྒྱད་ཀྱང་སྤོང་སྟེ། སྐྱེ་བའི་སྡུག་བསྔལ་དང། རྒྱས་པའི་སྡུག་བསྔལ་དང། ན་བའི་སྡུག་བསྔལ་དང། འཆི་བའི་སྡུག་བསྔལ་དང། དགྲ་སྡང་བ་དང་ཕྲད་ཀྱི་དོགས་པའི་སྡུག་བསྔལ་དང། གཉེན་བྱས་པ་དང་བྲལ་གྱི་དོགས་པའི་སྡུག་བསྔལ ་དང། ཡོད་པ་མེད་པར་དོགས་པའི་སྡུག་བསྔལ་དང། མེད་པ་མི་རྙེད་པའི་སྡུག་བསྔལ་ལ། །དེའི་འོག་ཏུ་རྒྱུད་ཐམས་ཅད་ཀྱི་རྩ་བའི་དོན་སྟོན་ཏེ། འདིའི་རྣལ་འབྱོར་གྱི་རྒྱུད་དང་བྱ་བའི་རྒྱུད་གཉིས་དོན་འདིར་འདུས་པས་རྩ་བའོ། །རྒྱུད་ད་ཅོག?་གི་རྩ ་བ་སྟེ་ཞེས་པ་དང། དོན་གྱི་རྩ་བར་གསུངས་ཞེས་པའི་བར་ནི། འདི་ནི་རྩ་བ་བྱང་ཆུབ་སེམས་ཡིན་པས་རྩ་བའི་དཀྱིལ་འཁོར་ཏེ། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དབྱེར་མེད་པའི་དཀྱིལ་འཁོར་ཏེ། ཁྲོ་བོ་དང། སྐལ་བཟང་དང་ཕྱི་ནང ་ལྷ་མོ་དང། བཀྲ་ཤིས་ཀྱི་རྟགས་བརྒྱད་དང། ལྷ་བརྒྱད་དང། གཟའ་བརྒྱད་དང། རྒྱུས་ཀར་དང། ཕྱོགས་སྐྱོང་བ་བཅུ་དང། སྒོ་བ་རྣམས་བྲི་བའི་དོན་ནོ། །དེའི་འོག་ཏུ་ཡང་རྒྱུད་ཀྱི་དོན་གྱི་དཔལ་གྱི་བཞིར་འགྱུར་བ་ནི། དེ་བཞིན་གཤེགས་པས་འདི ་གསུངས་ན་རྡོ་རྗེ་གདན་ལ་གཤེགས་པའི་ཚེ་བདུད་ལ་རྟགས་བརྒྱད་སྐུ་ལ་བསྟན་ནས་བདུད་བཏུལ་བའོ། །དཔལ་ཀུན་གྱི་ནི་ལེགས་པར་བརྒྱན་ཞེས་པ་དག་ལེགས་པར་བརྒྱན་ཞེས་པའི་བར་ནི་སྐུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། དེ་བཞིན་གཤེགས ་པའི་སྐུ་ལ་ཡེ་ཤེས་ཀྱི་རྟགས་བཀྲ་ཤིས་ཀྱི་རྟགས་བརྒྱད་པས། འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་དཔལ་སྒྲུབ་པའི་ཕྱིར་ན། ཐུགས་ཁྲོ་བོའི་དཀྱིལ་འཁོར་ལ་རྟགས་བརྒྱད་བྲི་བའི་ཕྱིར་རོ། །དེའི་འོག་ཏུ་སེམས་ཅན་དབང་པོ་ཉམས་པ་ལ་ཕན་པའི ་ཐབས་ནི་དབང་པོ་ཉམས་པའི་ལྔ་ལྟས་བཅོ་བརྒྱད་གསོ་བའི་དོན་ཏེ། སེམས་ཅན་དབང་པོ་ཉམས་པ་དང་ཞེས་པ་དང། འབྱང་བར་འགྱུར་རོ་ཞེས་པའི་བར་ནི། དབང་པོ་ཉམས་པ་ནི། མིག་དང་རྣ་བ་དང། སྣ་དང། ལྕེ་དང། ལུས ་དང། ཡིད་ཀྱི་དབང་པོ་ཉམས་པ་དང། དེའི་ཡུལ་འབྲས་བུ་གཟུགས་ནི། གཟུགས་དང། སྒྲ་དང། དྲི་དང་རོ་དང། རེག་བྱ་དང། ཆོས་རྣམས་ཀྱང་མི་གསལ་བས་ཉམས་ཏེ། དེའི་རྒྱུ་གཞི་མི་མཐུན་ཏེ། ས་དང། ཆུ་དང། མེ་དང། རླུང་དག་མི ་མཐུན་པས། དེའི་རྐྱེན་གྱིས་ནང་དང། འཆི་བའི་སྔ་ལྟས་བྱུང་བ་དེ་བཟློག་པའི་ཐབས་སོ། །དེའི་འོག་ཏུ་ཚེ་ཉམས་པ་གསོ་བའི་ཐབས་ཏེ། ཚེ་ནི་སྲོག་སྟེ། རྣམ་པ་བཞིར་བསྟན་ཏེ། སྲོག་དབུགས་དང། དྲོད་དང། ཟས་དང་ལས་གསུངས་སོ། །ཚེ ་ཟང་ལ་དང་ཚེ་ཉམས་པ་ཞེས་པ་དང། སོས་པར་གསུངས་ཀྱི་བར་དུ། ཚེ་ཉམས་པའི་སྔ་ལྟས་རྣམ་པ་ལྔ་སྟེ། རྒྱུ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ཕྲག་དོག་དང། ང་རྒྱལ་ཏེ། རྒྱུ་དེ་དག་།སེམས་ཅན་ལྡན་པས། འབྱུང་བ ་བཞིན་དུས་དང་ལྔ་གྱུར་པ་དང། རྟགས་རྣམ་པ་ལྔ་བྱུང་པའོ། །དེའི་འོག་ཏུ་དོགས་པ་ཉམས་པ་གསོ་བའི་ཐབས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཆོ་ག་རྒྱས་པའི་སྦྱིན་སྲེག་ཚུལ་བཞིན་བྱ་བའི་ཐ་ཚིག་སྟེ། ཕུན་སུམ་ཚོགས་མིན་གང ་ཆགས་དང་ཞེས་པ་དང། ཕུན་སུམ་ཚོགས་པ་དང་ལྡན་པའི་བབས་ཞེས་པའི་བར་ནི། རྒྱས་པའི་སྦྱིན་སྲེག་བྱ་བའི་ཐབས། ཆོད་རྫས་རྣམས་དང་སྲེགས་རྫས་རྣམས་ཚང་བར་བྱ་བ་དང། གཞུང་གཞན་ནས་འབྱུང་བདག་ཏུ་ས་སྟེགས ་བརྩིགས་ལ། ཐམས་ཅད་ཁ་དོག་སེར་པོ་བྱས་ལ། གང་ལ་ལས་བྱས་པའི་སེམས་ཅན་གྱི་མི་དག་།ལྷའི་སྔགས་སྤེལ་ཞིང་ལས་བྱས་ན་རྒྱས་པ་འགྱུར་རོ། །དེའི་འོག་ཏུ་ཉོན་མོངས་པའི་ཕྱོགས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་ལྷའི་མི་དགའ་བ་སྟོན་པ་ནི། ཐུགས་ཁྲོ་བོའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷ་བརྒྱད་ཀྱི་དཀྱིལ་འཁོར་བྲིས་ནས་ལས་བྱ་བའི་དོན་ནི། ལྷ་རྣམས་རྒྱབ་ཀྱི་ཕྱོགས་པ་དང་ཞེས་པ་དང། འགྲུབ་པར་གསུངས་པ་ནི་གོང་གི་དཀྱིལ་འཁོར ་དུ་གཞུང་གི་ལྷ་མི་དགའ་བ་སྟེ། ལྷ་ཆེན་པོའི་དཀྱིལ་འཁོར་དང། དབང་གི་སྦྱིན་སྲེག་གི་ལས་དག་ནི། གཞུང་གཞན་ནས་རྒྱས་པར་བྱ་བའི་ཐ་ཚིག་གོ་།དེའི་འོག་ཏུ་ལྷ་འཕངས་པའི་སྔ་ལྟས་སྟོན་ཏེ་ནི། དམ་ཚིག་ཉམས་པ་དང། ལུས་དག ་ཡིད་ཀྱི་སྤྱོད་པ་མི་དགེ་བས་ཉམས་པའི་སྔ་ལྟས་ནི། མཛའ་སྡུག་སྐྱེ་བོ་སྡང་བ་དང། ཞེས་པ་དང། འགྲུབ་པར་གསུངས་ཞེས་པའི་བར་ནི། དྲག་པོའི་སྦྱིན་སྲེག་དང། དཀྱིལ་འཁོར་གྱི་ལས་དག་བྱས་པས་བདག་གིས་མཛའ་ཨོ་ཤག ་ཞེས་དང། སྙིང་དུ་སྡུག་པའི་བུད་སྨད་དང། ཡོངས་ཀྱི་སྐྱེ་བོ་རྣམས་ལ་སྡང་བའི་རྣམ་པ་མེད་པར་འགྱུར་རོ། །དེའི་འོག་ཏུ་འཁོར་ལ་གནོད་པ་སྟེ། བསོད་ནམས་ཅན་གྱི་སེམས་ཅན་བསོད་ནམས་ཟད་དུ་ཉེ་བ་ན། དེའི་འཁོར་གྱི་བྲན་དང། ནང་གི་བཟའ་ ་མི་ལ་སོགས་པ། གནོད་སྦྱིན་དང། གདོན་སྟོང་ཕྲག་བརྒྱད་ཅུའི་གནོད་པ་རྣམས་ཀྱིས་ཞེས་པ་རྣམས་བཟློག་པའི་ཐབས་ནི། བྲམ་ཟེ་ལ་སོགས་གཙེས་པ་དང། ཞེས་པའི་དོན་ནོ། །དེའི་འོག་ཏུ་མི་མཐུན་པ་སྟོན་པ་ནི། སེམས་ཅན་དེ་དག ་ལས་ཀྱི་བག་ཆགས་གདོན་གྱིས་བྱིན་གྱིས་བརླབས་པའི་མཐུས། ཕན་ཚུན་དགྲ་བོ་ལྟ་བུར་བྱེད་པས། དེ་དག་གི་མིང་དང། ལྷའི་སྔགས་བསྲེ་ཞིང་ལས་བྱས་ནས། ཕན་ཚུན་ཞི་བས་ན། ཕན་ཚུན་མཐུན་པ་མ་ཡིན་དང། ཞེས་པའི་ཐ་ཚིག་གོ་། ་དེའི་འོག་ཏུ་དོགས་པ་ཉམས་པ་སྟོན་ཏེ་ནི། སེམས་ཅན་རྣམས་སྔོན་གྱི་བསོད་ནམས་ཟད་པའི་སྔ་ལྟས་ནི། བདོག་པའི་ནོར་རྫས་དང་འབྲལ་ཏེ། ཤིན་ཏུ་ཕོངས་པས་སྡུག་བསྔལ་བ་ལ་རྒྱས་པའི་ལས་བྱས་ན་འགྲུབ་པའི་ཕྱིར་མནོར ་འགྲིབ་པས་ནི་གནོད་པ་དང་ཞེས་པའི་ཐ་ཚིག་གོ་།དེའི་འོག་ཏུ་མྱ་ངན་གྱིས་གནོད་པ་སྟོན་ཏེ་ནི། སེམས་དེ་དག་གདོན་གྱིས་གནོད་པས་བྱིན་གྱིས་བརླབས་ནས། སེམས་སྡུག་བསྔལ་གྱི་གནོད་པས་མྱ་ངན་སྐྱེས་པས་ལུས་ཐད་ཆད་ནས་ངལ ་སྡུག་བསྔལ་བ་དེ་དག་ལ་ལས་བྱ་བའི་དམིགས་པ་ཡིན་པས་ན། མྱ་ངན་ངལ་དང་གནོད་པ་དང། ཞེས་པའི་དོན་ནོ། །དེའི་འོག་ཏུ་འཇིགས་པ་དང་འཕོངས་པ་སྟོན་ཏེ་ནི། སེམས་ཅན་དེ་དག་ནི་འཇིགས་པ་བརྒྱད་དེ། མེ་དང། ཆུ་དང། དུས ་མ་ཡིན་པའི་འཆི་བ་དང། དགྲ་དང། དུག་དང། རྒྱལ་པོའི་འཆད་པ་དང། གཅན་གཟན་ཁྲོ་བོ་དང། མི་རྒོད་ཀྱི་ཆོམ་རྐུན་གྱི་འཇིགས་བ་རྣམས་ལ་སོགས་པ་ལ། ལས་བྱ་བའི་ཕྱིར་མ་འཇིག་པ་དང་མི་འཕོངས་པ་དང་ཞེས་པའི་ཐ་ཚིག ་སྟའོ། །དེའི་འོག་ཏུ་བྱད་སྟེམས་སྟོན་ཏེ་ནི། འཇིག་རྟེན་གྱི་སེམས་ཅན་རྣམས་གཟའ་དང། རྒྱུ་སྐར་གྱི་བྱད་སྟེམས་ཀྱིས་ཕོག་པ་ལ། ཁྲོ་བོའི་དཀྱིལ་འཁོར་འཁོར་ལོ་ལ་གཟའ་དང་ཧཡུ་སྐར་གྱི་ལྷ་དགོད་ལ་སོ་སོའི་གདུག་པ་ཞི་བར་བྱ ་བའི་ཕྱིར། དཀྱིལ་འཁོར་དང་སྦྱིན་སྲེག་གི་ལས་རྣམས་ཚུལ་བཞིན་དུ་བྱ་བ་དང། དབང་བསྐུར་བའི་ཐབས་ལ་སོགས་པས་ཞི་བ་སྟེ། གཟའ་དང་རྒྱུ་སྐར་བྱད་སྟེམས་དང་ཞེས་པའི་ཐ་ཚིག་གོ་།དེའི་འོག་ཏུ་གདོན་གྱི་ཉེན་པ་བསྟན་ཏེ་ནི། ་གཉེན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས། སེམས་ཅན་རྣམས་ལ་གནོད་པར་བྱེད་པ་ལ་དེ་བཞིན་གཤེགས་པས་དེ་དག་རབ་ཏུ་བཏུལ་ནས་བཀའ་དམ་ལ་བཏགས་ཏེ་གནས་པས། གདོན་གྱི་གཙོ་བོ་ཕྱོགས་སྐྱོང་བ་བཅུའི་དཀྱིལ ་འཁོར་གྱི་དབུས་སུ་ཁྲོ་བོ་རྣམས་རབ་ཏུ་བཀོད་ལ། ཆོ་གའི་ཁྱད་པར་གྱི་དཀྱིལ་འཁོར་གྱི་ལས་དང། སྦྱིན་སྲེག་དག་ཚུལ་བཞིན་དུ་བྱས་ཏེ། དབང་བསྐུར་ནི་ཞི་སྟེ། མི་ཟད་གདོན་གྱིས་ཉེན་པ་དང། ཞེས་གསུངས་པའི་ཐ་ཚིག་གོ། ་དེའི་འོག་ཏུ་མྱ་ངན་གྱི་ལས་ལས་བྱུང་བའི་མི་ལམ་བསྟོན་པ་ནི། འཁོར་བའི་སེམས་ཅན་རྣམས་ཉོན་མོངས་པའི་བག་ཆགས་མཐུར་ལྟས་པའི་སྡིག་པའི་སྔ་ལྟས་ཀྱི་རྨི་ལམ་སུམ་ཅུ་རྩ་གཉིས་ཏེ། དེ་ཡང་མདོ་འདི་གསུངས་པའི་ཚེ། དེ་བཞིན ་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཀར་བདུད་སྡེ་གཞོམ་པའི་ཕྱིར། བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས་ནས། བདུད་ཀྱི་རྨི་ལམ་ལྟས་ངན་སུམ་ཅུ་རྩ་གཉིས་རྨིས་པ་དག། ཞིབ་ཏུ་རྒྱ་ཆེར་རོལ་པ་ལས་འབྱུང ་བ་དང་སྦྱར་རོ། །ཡང་ནི་བསྣན་པའི་དོན་ཏེ། ཆོ་གའི་ཐབས་ཀྱིས་ཞི་བར་བྱེད་པས་ན། མྱ་ངན་ངལ་ལས་བྱུང་བའི་རྨི་ལམ་སྡིག་པ་མཐར་ན་ཡང། ཞེས་གསུངས་པའི་ཐ་ཚིག་གོ་།དེའི་འོག་ཏུ་ཆོ་གའི་ཐབས་སྟོན་ཏེ། དེས་ནི་རབ་བཀྲུས་གཙང ་མ་ཡིན། མདོ་སྡེ་དམ་པ་མཉན་པར་བྱ། ཞེས་པ་དང། ལྷ་ངོ་བོ་བསྟན་པའི་ཐ་ཚིག་གོ་།ཞེས་པའི་བར་ནི་རྣལ་འབྱོར་པས་དང་པོ་དཀྱིལ་འཁོར་གྱི་ལས་བྱེད་པའི་ཚེ། སློབ་མ་ལ་བུམ་པ་བྱིན་གྱི་བརླབས་པ་དེར། སློབ་མ་ལ་སོགས་པའི་ ་ཡོན་བདག་དག་བར་ཁྲུས་བྱས་ནས་ཕྱི་ནང་གི་དྲི་མ་རྣམས་རབ་ཏུ་བསལ་ཞིང། དེའི་འོག་ཏུ་སྟ་གོན་ལ་གནས་པའི་ཆོ་ག་བྱའོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས། མདོའི་དོན་འདི་དད་བས་ཉན་པའི་བསོད་ནམས་བསྐུལ་ཞིང་ཕན་ཡོན ་བཤད། དཀྱིལ་འཁོར་དུ་བཞུགས་ཅིང་ལྷའི་ངོ་བསྟན་ལ། དམ་སྒྲགས་ལ། བསྒོམ་པའི་ལུང་ཡང་དཔོག་གོ་།དེའི་འོག་ཏུ་ཕྱི་ནང་གི་ཆོ་ག་བསྟན་ཞེས་པ་ནི། ཕྱི་མ་ནི་ས་གཞི་བྱིན་གྱིས་བརླབས་པ་ལ་སོགས་པ། ཏིང་ངེ་འཛིན་གྱི་ཁྱད ་པར་དུ་གྱུར་པའི་བསྒོམ་པའི་མན་ངག་ཏུ་བསྟན་པའོ། །གང་དག་ཡི་དགེ་སེམས་དང་ཞིང། གཙང་མའི་གོས་ཀྱི་རབ་བརྒྱན་ཏེ་ཞེས་པ་དང། ཕྱི་ནང་གི་རྒྱན་གྱི་ལུས་སེམས་མཛེས་པར་བརྒྱན་ཏེ། ཞེས་པའི་བར་ནི། སློབ་མ ་གཞི་དད་པ་དང་ལྡན་ཞིང་རབ་ཏུ་ཡིད་ཆེས་པས་དམ་ཚིག་ལྔ་ལ་གནས་ཏེ། དཀོན་མཆོག་གསུམ་གཙོ་བོར་ལྟ་བ་དང་རྡོ་རྗེ་སློབ་དཔོན་རིགས་གསུམ་གྱི་སངས་རྒྱས་འདྲ་བ་ལྟ་བ་དང། རྡོ་རྗེ་སྤུན་དང་མི་སྲིད་བྱང་ཆུབ་སེམས ་དཔའ་བའ་ཨི་ཚོགས་སུ་ལྟ་བ་དང། སྔགས་ནི་གཙང་མ་མཆོག་གི་དངོས་གྲུབ་ཏུ་ལྟ་བ་དང། ཕྱག་རྒྱ་ནི་དམ་ཚིག་གཙང་མའི་དཔུང་དུ་ལྟའོ། །དམ་ཚིག་པ་དེ་ལྔ་དང་ལྡན་པ་ཡང། ཡིད་དགེ་བ་རྣམ་པ་བཅུ་སྟེ། ལུས་ཀྱི་རྣམ་པ་གསུམ་དང། དག་གི་རྣམ ་པ་བཞི་དང། ཡིད་ཀྱི་རྣམ་པ་གསུམ་དང་ལྡན་པས། སེམས་དང་ཞིད། ཚུལ་ཁྲིམས་ཀྱི་སྤྱོད་པ་བསྙེན་གནས་ཡན་ལག་བརྒྱད་ལ་གནས་པས་སྤྱོད་པ་ཚང་བ་དང། སློབ་དཔོན་གྱི་ལུང་ཇི་སྐད་གསུངས་པ་བཞིན་བགྱིད་པས་བཀའ་བློ་བདེ་ལ ་གཡོ་སྒྱུ་ལ་སོགས་པ་ཆུང་བས་ངོ?་རྟག་པ་སྟེ། སེམས་ཀྱི་དྲི་མ་བསལ་ཏེ། སློབ་མ་དེ་ལྟ་བུས་དེའི་འོག་ཏུ་ནི་བདག་གིས་ཡོན་ཏན་དང་ལྡན་པ་ཐོབ་པའི་ཕྱིར་སེམས་ཀྱི་དྲི་མའི་སྐྱོན་རབ་ཏུ་བསལ་ཏེ། ཉེས་པ་བསལ་ནས། དེའི་འོག་ཏུ་སྣང་གི་རྟག ་རས་ལ་སོགས་པ་རབ་ཏུ་སར་བ་རབ་ཏུ་གཙང་མ་རྣམས་སློབ་མའི་ལུས་དང། སློབ་དཔོན་གྱི་ལུས་ལ་བསྐོན་ནས། ཟས་ནི་ཁ་ཟས་དཀར་གསུམ་བཟའ་ཞིང། རྒྱན་གྱི་རྣམ་པ་བསམ་གྱི་མི་ཁྱབ་པས་སློབ་དཔོན་དང། སློབ་མའི ་ལུས་དཀོན་མཆོག་མཆོད་པའི་ཕྱིར་དད་པས་བརྒྱན་གྱི་རྣམ་པ་སྣ་ཚོགས་ཀྱི་མཛེས་པར་བྱ་བའི་ཐ་ཚིག་གོ་།དེའི་འོག་ཏུ་ཐེག་པ་ཆེན་པོའི་ཆོས་ཉན་པའི་ཡོན་ཏན་བསྟན་ཅིང་བསྐུལ་མ་གདབ་སྟེ་ཞེས་པ་ནི། སློབ་མ་དེ་ལྟ་བུ་དེ ་ཆོས་ལ་སྐྱབས་སུ་སོད་བའི་ཕན་ཡོན་རྣམ་པ་བཞི་སྟན་ཏེ། དང་པོར་ཆོས་མ་ནོར་བར་སྟོན་པའི་མཁན་པོ་སྨྲ་བ་བསྟན་པ་དང་གཉིས་པ་དེ་ལ་ཆོས་ཉན་བ་དང། གསུམ་པ་ཡིད་ལ་འཇོག་པ་དང། བཞི་པ་གཞན་ལ་བསྟན་པའི ་ཕན་ཡོན་སྟོན་པའོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ་མདོ་སྡེ་འདི་ནི་ཉན་བྱེད་ན་ཞེས་པ་དང། སློབ་མ་ལ་སྟན་ཞེས་པའི་བར་ནི། འདས་པ་དང། ད་ལྟར་དང། མ་བྱོན་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་རྟགས། མདོ་སྡེ་འདི་དོན་ཟ་ ་ལ་རྒྱ་ཆེ་བ། དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པར་བྱེད་པའི་རྒྱུ་འདི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། འདིའི་དོན་གཞན་ལ་ཉན་པ་དང། གླེགས་བམ་ཀློག་པ་དང། མན་ངག་མི་བརྗེད་པར་འཛིན་པ་དང། ་དེ་ལྟར་ཤེས་པའི་སྒོ་ནས་གཞན་ལ་སྟོན་པ་དང། གུས་པའི་དད་པས་ཉམས་སུ་ལེན་པའི་དོན་དག་རྒྱས་པར་བསྟན་པའི་དོན་ནི། དེའི་འོག་ཏུ་ཉན་པའི་བསོད་ནམས་ཀྱི་ཕན་ཡོན་བསྟན་དེ་ནི། འདིའི་དོན་མི་ཤེས་པའི་མུན་སེལ་བ ་དང། །བློ་རྣོ་ཞིང་ཤེས་རབ་ཆེ་བ་དང། རྟག་ཏུ་ཆོས་དང་ལྡན་ཞིང། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་རོ། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། སྲོག་ཆགས་དག་ནི་ཐམས་ཅད་ཀྱི་ཞེས་པ་དང། ཕན་པའི་ཐ་ཚིག་གོ་།ཞེས ་པའི་བར་ནི། མདོ་སྡེ་འདིའི་དོན་སྒྲུབ་པའི་ཕན་ཡོན་ནི། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གཟི་བརྗིད་ཀྱིས་ཁམས་གསུམ་དགུའི་སོ་སོའི་ཉོན་མོངས་པའི་ཕྲ་རྒྱས་ཀྱི་མི་མཐུན་པའི་རྣམ་པར་རྟོག་པས་སྡུག་བསྔལ་གསུམ་དང ་བརྒྱད་ཀྱི་ལས་རྣམས་ལས་ཐར་པར་འགྱུར་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མི་བཟད་པའི་ནད་རྣམས་ཀྱང། དེ་དག་ཐམས་ཅད་ཞི་བར་ལྟ་ཞེས་པ་དང། གོང་དུ་གསུངས་པ་ལྟར་བྱ་བའི་ཐ་ཚིག་གོ་།ཞེས་པའི་བར་མི་འདོད་ཁམས་དང། གཟུགས ་ཁམས་དང། གཟུགས་མེད་པའི་ཁམས་ཐམས་ཅད་ཉོན་མོངས་པའི་ལས་སྣ་ཚོགས་པ་དང། ཀུན་བཞི་ལ་བག་ཆགས་རྒྱུད་དང་འབྲས་བུའི་ཚུལ་དུ་སྔ་ཕྱིར་ད་ལྟར་གློ་བུར་དུ་སྒྲིབ་པས། དེས་ནད་བཞི་བརྒྱ་རྩ་བཞི་འབྱུང་བའི་ཁས ་མ་སྙོམས་པའི་ནད། མདོའི་ཡོན་ཏན་ཀྱིས་ཞི་བར་འགྱུར་རོ། །དེའི་འོག་ཏུ་གནོད་བ་ཞི་ནས། བདེ་བ་ཐོབ་པའི་ཐབས་སྟོན་ཏེ། འདིའི་དོན་ལ་དོན་མ་ནོར་བར་བྱས་པས་གཡུ་དྲུང་གི་ཚེ་དང། མི་ཟད་པའི་བསོད་ནམས་ཐོབ་པར་འགྱུར་རོ། །ཚེ་དང ་བསོད་ནམས་འཕེལ་བར་འགྱུར། སྡིག་པ་ཀུན་ལས་རྣམ་པར་ཐར་ཞེས་པ་དང། ཐར་པར་འགྱུར་བའི་དོན་ཞེས་པའི་བར་ནི། ཛམྦུ་གླིང་གི་སེམས་ཅན་སྔོན་གྱི་ལས་ཀྱི་འཆི་བ་དེ་མི་འཆི་བར་བྱ་བ་དང། བསོད་ནམས་ཟད་པ་བསོད་ནམས་རབ་ཏུ་འཕེལ་བ་དང། སྡིག་པ ་ཅན་རྣམ་སྡིག་པ་ལས་ཐར་བར་བྱ་བའི་ཕྱིར། ཆོ་ག་དང་ལས་ཀྱི་བྱེ་བྲག་ཚུལ་བཞིན་དུ་བྱས་ན་བསོད་ནམས་ཐོབ་པར་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་གའི་ཐབས་དང་ཕན་ཡོན་བཤད་ཟིན་ཏོ།། །།དཀྱིལ་འཁོར་གྱི་རྒྱན་དང། བུམ ་པའི་ཆ་རྐྱེན་སྟོན་ཏེ། ཆེ་བའི་ཡོན་ཏན་ལྔ་དང་ལྡན་པའི་རྟགས་སུ་སྣང་སྟེ། ནོར་བུ་ཡུངས་ཀར་དཱུརྦ་དང་ནི། ནོར་བུ་ནི་མུ་ཏིག་དང། བྱུ་རུ་དང། གཟི་དང། མཆོད་དང། རིན་ཆེན་ཆུ་ཞེས་པའི་ཐ་ཚིག་སྟེ་ནི། དེ་ནི་བུམ་པའི་སྙིང་པོ་བྱ་བའི་དོན། ་རྣམ་པ་གཅིག་ཏུ་དཀྱིལ་འཁོར་གྱི་ཚོན་སྣ་ལྔ་ཡང་བསྟན་ཏོ། །ཡུངས་ཀར་ནི་སྐུ་ལྔ་དག་པའི་རྟགས་སུ་བསྟན་ཏེ། དེའི་ཁོངས་སུ་བསྡུ་བ་ནི་ནས་སོ་བ་དང། གྲོ་དང། ཏིལ་དང། འབྲས་སོ་བ་དང། མོན་སྲན་གྲེའུ་ལ་སོགས་ཏེ། བུམ ་པའི་ཡོ་བྱད་དུ་བསྟན་ཏོ། །གཞན་དུ་ཡང་རྒྱུ་ཆུད་ན། ཚོན་རྣམ་པ་ལྔས་ཁ་དོག་བསྒྱུར་ལ་བྱ་བའི་དོན་ཏོ། །དཀྱིལ་འཁོར་གྱི་མཆོད་རྫས་རྣམས་དེ་ལ་བྱ་བའི་དོན་དུ་ཡང་བསྟན། རྣམ་གཅིག་ཏུ་ཡུངས་ཀར་ནི་མུག་ཏི་ཧ་རར་བསྟན་ཏོ།། ་དཱུརྦ་ནི་ཁ་རྒྱན་གྱི་དོན་ཏེ། དེའི་ཁོངས་སུ་བྱ་གྲི་དང། སེང་གྲི་དང། ཙན་དན་ལ་སོགས་པ་དྲི་ཞིམ་པའི་ཡལ་ག་དང་བཅས་པའོ། །དེ་ནི་སེམས་ཅན་གྱི་འདོད་པ་ཕུན་སུམ་ཚོགས་པའི་སྒྲུབ་པའི་རྟགས་སུ། དཔག་བསམ་གྱི་ཤིང་ལྗོན ་པར་བསྟན། དཀྱིལ་འཁོར་གྱི་གནས་སྐབས་སུ། དཱུརྦའི་གནས་བྱ་བ་དང། ཀུ་ཤའི་གདུ་བུ་བྱ་བའི་དོན་ཏོ། །རིན་ཆེན་རྨ་མེད་ཙན་དན་བཅས་ཞེས་པ་ནི། རིན་ཆེན་ནི་ལྔ་སྟེ། གསེར་དང། བཻ་ཌཱུརྱ་དང། ཤེལ་དང་མུ་ཏིག་དང། པདྨ་རཱ་གའོ། །ཞེས་པ་ནི ་ཆེ་བའི་ཡོན་ཏན་ལྔ་དང་ལྡན་པའི་རྟགས་སུ་བསྟན་ཏོ། །དཀྱིལ་འཁོར་གྱི་རིན་པོ་ཆེའི་ཕུང་པོ་ལ་བྱ་བའི་ཐ་ཚིག་གོ་།རྨ་མེད་ནི་སྐྱོན་ལ་སོགས་པ་མེད་པ་ནི་ཞེས་པ་ནི་རིན་པོ་ཆེ་མ་ཡིན་པའི་སྐྱོན་ཁ་དོག་འདྲ་བ་དང། མ་དག་པའི་སེལ་མེད་པའོ། །དཀྱིལ་འཁོར ་ཕོ་བྲང་དུ་གཅོད་པའོ། །ཙན་དན་བཅས་ནི། ཨ་ཀ་རུ་དང། དུ་རུ་སྐ། ཤ་ཀ་ར་དང། གུར་གུམ་མོ། །སྤྲུལ་གྱི་སྙིང་པོ་ལ་སོགས་པའི་བྱེ་བྲག་སྨོས་པའི་དོན་ནི། ཕྲིན་ལས་རྣམ་པ་ལྔ་དང་ལྡན་པའི་རྟགས། །དཀྱིལ་འཁོར་ལ་ནི་ལྷའི་གདན་ས་ལ་དེ ་དག་སྟ་གོན་གྱི་དུས་སུ་ཐིག་ལེར་བྱ་བའི་ཐ་ཚིག་གོ་།ཤེལ་དང་རྡོ་རྗེ་མེ་ཏོག་དང་ནི། ཤེལ་དང་རྡོ་རྗེ་གཉིས་ནི་སྙིང་པོར་ཤེས་པའི་དོན་ཏེ། ཤེལ་ནི་མེ་ཤེལ་དང་ཆུ་ཤེལ་གཉིས་ཀྱི་དོན་ཏེ་ནི། རྡོ་རྗེ་ནི་སྙིང་པོ་ཕྱི་མ་གསུམ་གྱི་དོན་ནི། ཤིང་གི་སྙིང་པོ་བུ ་རམ། རྩིའི་སྙིང་པོ་མར། མེ་ཏོག་གི་སྙིང་པོ་སྦྲང་རྩི་ཞེས་པའི་དོན་ནི་དེ་བཞིན་གཤེགས་པའི་ཐུགས་ལྔ་རྣམ་པར་དག་པའི་རྟགས་སུ་སྙིང་པོ་རྣམ་པ་ལྔར་བསྟན་པའི་དགོངས་པའོ། །མངོན་ན་ཐབས་དང་ཤེས་རབ་ཀྱི་རྟགས་དང། དེ་བཞིན་གཤེགས ་པའི་ཡེ་ཤེས་ཀྱི་དཔེར་སྣང་བས་ན། བྱང་ཆུབ་ཤིང་ལ་བརྟེན་ནས། རྩ་དཱུརྦའི་སྟེང་དུ་སངས་རྒྱས་ནས། སྤྲེའུའི་རྒྱལ་པོས་སྦྲང་རྩི་ཕུལ་ནས་ཆོ་འཕྲུལ་ཆེན་པོ་འབྱུང་བར་བསྟན་ཏོ། །གཞན་དུ་ན་དཀྱིལ་འཁོར་བསྟན་པ་ནི། ཤེལ་ནི་དཀྱིལ ་འཁོར་གྱི་ས་རི་སྟེ། ཤེལ་ལྟར་དཀར་ཞིང་དྲི་མ་མེད་པར་བསྟན་ཏེ། བྱང་ཆུབ་སེམས་རང་བཞིན་དག་པ་དྲི་མ་མེད་པའི་དོན་ནོ། །རྡོ་རྗེ་ནི་རྡོ་རྗེ་ར་བ་སྟེ། ཐུགས་མི་འགྱུར་བ་དང། ཐབས་དང་ཤེས་རབ་འབྲེལ་བས། གྲཝའི་རྡོ་རྗེ་ཟླ་བ་ལྟ་བུར་བསྟན་ཏོ། །མེ ་ཏོག་ཅེས་པ་ནི། བུམ་པའི་གདན་གྱི་ཐ་ཚིག་གོ་།དབྱར་ནི་མེ་ཏོག་གི་དཀྱིལ་འཁོར་བྱ། དགུན་ཚོན་སྣ་ལྔའི་པདྨ་འདབ་མ་བརྒྱད་པ་དང། ནས་ལ་སོགས་པ་ལ་བྱ་བའི་དོན་ཏོ། །གཞན་དུ་ན་བུམ་པས་བརྒྱན་ཏེ། མེ་ཏོག་ལ་སོགས་པ ་དང། དར་གྱི་ཁ་རྒྱན་བྱ་བའི་ཐ་ཚིག་ཅེས་པའི་བར་ནི། བུམ་པའི་གནས་དང། ཁ་རྒྱན་དུ་བསྟན་ཏེ་གཞན་དུ་ན་དཀྱིལ་འཁོར་ལ་ནི་མེ་ཏོག་ནི་མཛེས་པས་མཆོད་པ་རྣམ་པ་ལྔར་ཡང་བསྟན་ཏོ། །རྣམ་གཅིག་ཏུ་དཀྱིལ་འཁོར་མེ་ཏོག་ལྟར་རབ་ཏུ་མཛེས ་པའི་ཕྱིར་མདའ་དང། རལ་གྲི་དང། མེ་ཏོག་ཕུར་བུ་དང། ཚོན་རྩི་དང། བསྲུང་སྐུར་དང། འཚམས་ཤིང་ལ་སོགས་པར་སྨོས་པའི་དོན་ཏོ། །ཆུ་ཡི་གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པ་དག་ཀྱང་རུང། གཙང་མའི་གོས་ཀྱི་བཀྲི་ཞིང་དགང་ནི། བུམ ་པའི་རྒྱུ་སྟེ། རྒྱལ་པོ་ནི་གསེར་གྱི་བུམ་པ། བློན་པོ་ནི་དངུལ་གྱི་བུམ་པ། ཀྱང་གི་ཚིག་ནི་ལྷག་མ་ཅན་ཏེ། འབངས་ཕལ་ནི་ཟངས་དང་ལྕགས་ལ་སོགས་པའི་བུམ་པ་ལ་བྱ་བའི་ཐ་ཚིག་གོ་།གཞན་དུ་ནི་ཕྲིན་ལས་སོ་སོའི་བྱེ་བྲག་ཏུ་ཤེས་པར་བྱ་བའི ་དོན་ནི། བུམ་པ་དེ་རྣམས་ཀྱང། དཀྱིལ་འཁོར་གྱི་ཁྱད་པར་གྱི་རྒྱན་ཆས་ཏེ། དབུས་རྣམ་པར་རྒྱལ་བའི་བུམ་པ་གསེར་ལས་བྱས་པ་མི་བསྐུལ་བར་བཞག་པའི་ཐ་ཚིག་གོ་།དངུལ་ལ་སོགས་པའི་ཕྱི་མ་རྣམས་ནི་ཐུགས་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་གྲངས ་སུ་བྱ་བར་འབྱུང་ངོ། །ལྷ་སོ་སོའི་ཁ་དོག་བཞིན་དུ་བུམ་པ་ཡང་དེ་བཞིན་དུ་ཕྱོགས་ཕྱོགས་སུ་རྒྱན་ཆས་གོང་དུ་གསུངས་པ་བཞིན་བྱའི་ཐ་ཚིག་གོ་།གཙང་མའི་གོས་ནི་རས་སར་བ་ཁ་ཚར་མ་ཉམས་པ་དང། ཏིང་ངེ ་འཛིན་གྱི་བྱིན་གྱིས་བརླབས་པའི་ཐ་ཚིག་སྟེ། ཞེས་པ་ནི་བུམ་པ་དེ་རྣམས་ཀྱི་མགུལ་ཆིངས་ལྷའི་ན་བཟའ་ཀ་ཙ་ལིན་ད་ལྟར་བྱིན་གྱིས་བརླབས་ཤིང། ཚུལ་ཁྲིམས་ཀྱི་གོས་མཆོག་ཏུ་སྒོམ་མོ། །གཞན་དུ་ན་དཀྱིལ་འཁོར་གྱི་ཞལ་ཁབས། འགབ་དཀྲིས་སུ ་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་རྒྱན་ཆ་དང། བུམ་པའི་དོན་སྦྱར་བ་བཤད་ཟིན་ཏོ།། །།ད་ནི་གྲངས་ཀྱི་ཁྱད་པར་གྱི་དོན་སྟོན་ཏེ། ད་ནི་བཟླས་བརྗོད་ཀྱི་དོན་ལ་དགའ་བའི་དབང་དུ་གསུངས་ཏེ། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། ་རྡོ་རྗེ་རྣམ་འཇོམས་བཟླས་ནས་སུ། ཞེས་པ་དང། གྲངས་ཀྱི་དོན་ཏེ། འབངས་ཉི་ཤུ་རྩ་གཅིག་ལ་སོགས་ཏེ། ཅི་འབྱོར་པ་བློན་པོ་ནི་བརྒྱ་རྩ་བརྒྱད་ལ་སོགས་ཏེ་འགྲུབ་ཚད་དོ། །རྒྱལ་པོ་ནི་བསོད་ནམས་ཆེ་བས་ཐ་མ་བརྒྱ་རྩ་བརྒྱད་བློན་པོ་ཐ་མ་ཉི་ཤུ་རྩ་གཅིག ་འབངས་ཀྱི་ཐ་མ་བདུན། དེ་ནི་གྲངས་ཀྱི་བསྙེན་པའི་དོན། མཚན་མའི་བསྙེན་པ་དང། ཚིག་དང་དོན་དང། བཟླས་བརྗོད་ནི། རང་བཞིན་གྱིས་ཤེས་པར་བྱ་བའི་ཐ་ཚིག་གོ་ཞེས་པ་ནི། གྲངས་ཀྱི་བསྙེན་པའི་དོན་དང། དུས་ཀྱི་བསྙེན་པའི་དོན་དང་ལྡན་བ་སྟེ། དེ ་ཡང་བཟླས་བརྗོད་ལ་དགའ་བ་དང། དངོས་གྲུབ་ཀྱི་མཚན་མ་ལ་དགའ་བ་དང། ནམ་སླད་དུ་བཞི་དང། ཚེས་གྲངས་དང་བཟའ་དང། སྐར་མ་ལ་དགའ་བའི་དོན་གསུངས་སོ། །དེ་ཡང་བཟླས་པའི་དོན་ལ་དགའ་བ་ལ་སྔགས་ཀྱི་བཟླས་པ་གསུངས་སོ། ། ་དོན་གྱི་བཟླས་པའི་ཏིང་ངེ་འཛིན་ལ་དགའ་བའི་ཕྱིར་རོ། །གང་གིས་དེའི་འོག་ཏུ་ཁྲུས་བྱ་བའི་དམིགས་པ་ནི། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་།ཅེས་པའི་དོན་ནི། རྒྱལ་པོ་སྟོབས་ལྡན་སྙིང་པོ་ལ་སོགས་པ། རྒྱལ་པོའི་རིགས་སུ་གཏོགས་པ་རྣམས་སོ་ཞེས་པ ་དང། དོན་གྱིས་ཤེས་པར་བྱ་བའི་ཐ་ཚིག་ཏུ་རིག་པར་བྱའོ་ཞེས་པའི་བར་ནི། མདོའི་དོན་ནི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་པའི་ཕྱིར་ན། སེམས་ཅན་གྱི་དཔོན་པོ་རྒྱལ་པོ་སྨོས་པས་ན། ཕྱི་རབས་ཀྱི་འགྲོ་བའི་དཔོན་པོ། རྒྱལ་པོ ་བས་གཙོར་བྱས་པས་ན། ཕྱིའི་ཁྲུས་བྱ་བ་དང། ནང་གི་ཁྲུས་བྱ་བ་དང། ཕྱི་ནང་གཉི་གའི་ཁྲུས་བྱའོ། །ཕྱི་ནི་བཟླས་བརྗོད་དང། ནང་ཏིང་ངེ་འཛིན་གྱི་དབང་དུ་བྱས་པ་སྟེ། དེས་ནི་གཟུང་བ་དང། འཛིན་པ་དག་པར་བྱེད་པའོ། །རྣམ་པ་གཅིག་ཏུ་ཕྱི་ལུས་དང། ་ནང་སེམས་ཀྱི་བག་ཆགས་ཀྱི་རྣམ་པའོ། །དེ་དག་པའི་ཕྱིར་རོ། །ད་ནི་དགེ་བ་བསྔོ་བའི་ཚུལ་སྟོན་ཏེ། བརྩམས་པའི་དོན་ནི། མདོའི་དོན་གྱིས་དགོངས་པ་ལ་ཞེས་པའོ། །བརྩམས་པའི་ཐབས་ནི་རིག་པའི་ཚུལ་གྱིས་འདི་གཞུང་འབད། བརྩམས་པ ་དང། མི་མཐུན་པ་ནི། འཕགས་པ་རྣམས་ལ་བཟོད་པར་གསོལ། །བརྩམས་པའི་འབྲས་བུ་ནི། འདི་གྲུབ་བརྩམས་པས་བདེ་གྲུབ་ཤོག་ཅེས་པ་དང། སློབ་དཔོན་གྱིས་དགེ་བ་བསྔོ་བའི་ཚུལ་ལོ། །འདི་དོན་གཞན་གྱིས་བཤད་ཀྱང་དེ་གསལ་ཕྱིར། གཏན་ཚིགས ་རིགས་པས་མདོའི་དགོངས་པ་བཀྲོལ། །མཁས་པ་རྣམས་ཀྱི་མི་དཔྱ་བཟོད་པར་གསོལ། བསོད་ནམས་མི་བསླུ་འགྲོ་བ་ཡོངས་ལ་བསྔོ། །རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་དོན་རྣམ་པར་བཤད་པ་རྒྱ་ཆེར་འགྲེལ་པ། བི་མ་ལ་མི་ཏྲས་མཛད་པ ་རྫོགས་སོ།། (།།རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་བཤད་པ་བཞུགས་སོ།།)་།།རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎཱ་ནཱ་མ་དྷཱ་ར་ཎི་བྱཱ་ཀ་ཁྱཱ་ན། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྣམ་པར་བཤད་པ། དཔལ ་