| Wylie | e-texts based on the ACIP/ALL Input |
དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་འགྲེལ་པ་རིག་པའི་གནས་ཐམས་ཅད་ལ་མཁས་པའི་པཎྜི་ཏ་ཆེན་པོ་ཀརྨ་བཛྲས་མཛད་པ་རྫོགས་སོ།། (།།རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ་བཞུགས་སོ།)་།རྒྱ་གར་སྐད་དུ། བཛྲེ ་བི་དཱ་ར་ནཱ་མ་དྷྲ་ར་ཎི་ཊཱི་ཀ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པའི་འཇིག་རྟེན་མགོན། །དུག་གསུམ་ནང་སེལ་སྨན་གྱི་མཆོག་། ་འཕགས་པའི་ཚོགས་ལ་ཕྱག་འཚལ་ཏེ། །དེའི་གཞུང་འགྲེལ་བྱ་བར་འདོད། །དེ་ལ་མདོ་སྡེ་འདི་འཆད་པར་འདོད་པས། བསྡུས་པའི་དོན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། གླེང་གཞི་ཕུན་སུམ་ཚོགས་པ་དང། མདོ་བཤད་པའོ། །དེ་ལ་མདོ ་ལ་བཞི་སྟེ། ཡོན་ཏན་འབྱུང་བའི་རྒྱུའི་ཏིང་ངེ་འཛིན་གྱི་ཁྱད་པར་དང། ཡོན་ཏན་གྱི་རང་བཞིན་དངོས་གཞི་དང། ཡོན་ཏན་གྱི་ཕན་ཡོན་གྱི་འབྲས་བུ་དང། སྡུག་བསྔལ་ཞི་བར་བྱེད་པའི་སྒྲུབས་པའི་ཐབས་དང་བཅས་པ་རྣམས་བསྟན་ཏོ། །དེ ་ལ་གླེང་གཞི་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ཡང་ལྔས་བསྟན་ཏེ། མདོ་སྡེའི་དོན་དང། སྡུད་པ་པོ་དང། དུས་དང། སྟོན་པ་དང ་གནས་ལྔ་སྟེ། འདི་སྐད་བདག་གིས་ཐོས་པ་དང། དུས་གཅིག་དང། བཅོམ་ལྡན་འདས་དང། རྡོ་རྗེ་ལ་བཞུགས་ཏེ་རྣམས་གོ་རིམས་བཞིན་ནོ། །དེ་ལ་མདོ་སྡེའི་དོན་ཇི་ལྟ་བུ་ཞེ་ན། མིང་གིས་ཁྱད་པར་གྱིས་བསྟན་ཏེ། རྡོ་རྗེ་རྣམ་པར་འཇོམས ་པའི་གཟུངས་ཞེས་སྨྲས་སོ། །འདི་ལྟར་རྡོ་རྗེ་ནི་ཕྱི་རོལ་གྱི་འདུས་བྱས་ཀྱི་རྫས་དཔེར་བསྟན་པ་ལྟ་བུ་སྟེ། ཡེ་ཤེས་རང་གི་ངོ་བོ་ལ་གཞན་གྱི་རྟོག་པ་དག་གི་བར་མི་ཆོད་དེ། འདི་ལྟར་འོག་ནས་མི་ཚད་པ་ནས་ཐམས་ཅད་དུ་མ་ཕམ་པ་ཞེས་བྱ་བའི་བར ་དུ་མདུན་གྱི་བསྟན་པར་མངོན་ནོ། །རྣམ་པར་འཇོམས་པ་ཞེས་བྱ་བ་ནི། འདུས་བྱས་རྫས་ཀྱི་དངོས་པོ་དེས་བཅད་པར་བྱ་བ་གང་དག་རིན་པོ་ཆེའི་རིགས་གཞན་དག་ལྟ་བུ་སྟེ། གཟུང་བ་དང་འཛིན་པ་ཅན་གྱི་སེམས་ཅན་དག་འདུལ་བ་སྟེ། འདི་ལྟར ་འོག་ནས་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་བསྲུང་བར་བྱ་ཞེས་བྱ་བའི་བར་དུ་སྟན་ཏོ། །གཞན་དག་ཁ་ཅིག་ནི་རྡོ་རྗེ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པའི་ཡེ་ཤེས ་སུ་རྩེ་གཅིག་ཉིད་དུ་མཉམ་པར་བཞག་པའོ། །འཇོམས་པ་ནི་འཇིག་ཆོགས་ལ་ལྟ་བའི་བསམ་པ་ཅན་གྱིས་ཕྱི་ནང་གི་བགེགས་ལྔར་བའི་རྒྱུ་ལས་ཀྱི་བག་ལ་ཉལ་བ་དག་འདུལ་བའི་ཕྱིར་རོ་ཟེར་རོ། །གཟུངས་ཞེས་བྱ་བ་ནི་འཛིན་པ་དང་མི་གཏོང ་བའི་ཐ་ཚིག་གོ་།དེ་ཡང་གང་གིས་གང་ཞིག་ལ། རྡོ་རྗེ་ཞེས་བྱ་བ་དང། རྣམ་པར་འཇོམས་པ་ཞེས་བྱ་བ་གཉིས་ཏེ། གོ་རིམས་བཞིན་ནོ། །ད་ནི་ཡང་དག་པར་སྡུད་པར་བྱེད་པས་གུས་པ་སྐྱེད་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཕྱག་འཚལ་ཞེས་སྨོས་ཏེ། ཉོན་མོངས་པའི་འཆིང་བ་དག་སྤང་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པའི་སངས་རྒྱས་ཞེས་བྱའོ། །གང་དག་གི་ཉོན་མོངས་པ་ཟད་པར་བྱས་ཤིང། དེ་དག་ཕྱིས་ལྡང་བར་མི་འགྱུར་བའི་ཕྱིར་ན ་བྱང་ཆུབ་ཅེས་བྱའོ། །གང་དག་རྟོགས་པར་བྱ་བའི་དོན་ལ་མི་ཞུམ་པར་བྱ་བའི་ཕྱིར་སེམས་དཔའ་ཞེས་བྱའོ། །གཞན་དག་ན་རེ། དོན་བྱ་བའི་སེམས་ཅན་གྱི་དོན་ལ་མི་སྐྲག་པའི་སེམས་དཔའ་ཞེས་བྱའོ་ཞེས་ཟེར་རོ། །ཐམས་ཅད་ཅེས་པ་ནི ་རིགས་སུ་མ་བཅད་པའི་ཐ་ཚིག་གོ། ད་ནི་གླེང་གཞི་བསྟན་ཏེ། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན་ཞེས་སྨོས་སོ། །དེ་ལ་འདི་སྐད་ཅེས་བྱ་བ་ནི་གཟུངས་འདི་རྫོགས་པའི་བར་གྱི་ཐ་ཚིག་གོ། ཚིག་དེ་དག་བརྒྱུད་པ་ལྟ་བུའི་མ་ཡིན་པས ་བདག་གིས་ཞེས་བྱའོ། །བདག་ཉིད་སྟོན་པ་མ་ཡིན་པའི་ཕྱིར། ཐོས་པ་ཞེས་བྱའོ། །ཡུལ་ཡངས་པ་ཅན་དང། རྒྱལ་པོའི་ཁབ་ལྟ་བུ་ན་བཞུགས་པ་མ་ཡིན་ཏེ། རྡོ་རྗེ་ལ་བཞུགས་པའི་དུས་དེ་ན་ཐོས་པས་དུས་གཅིག་ན་ཞེས་བྱའོ། །བཅོམ་ལྡན་འདས་ཞེས ་བྱ་བ་ནི་དེ་བཞི་བཅོམ་ཞིང་དྲུག་དང་ལྡན་པའོ། ཁ་ཅིག་ན་རེ་དྲུག་དང་ལྡན་པ་ལ་བཞི་བཅོམ་མོ་ཟེར་རོ། །རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི་གང་གི་མདོ་སྡེ་བཤད་པའི་དུས་ན་ཕྱི་རོལ་གྱི་གདན་ལ་མ་བཞུགས་ཀྱི། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །ཁ ་ཅིག་ན་རེ་ཕྱི་རོལ་གྱི་གདན་ཡང་མི་མངའ་བམ་ཡིན་མོད་ཀྱི། རྡོ་རྗེ་ལྟ་བུའི་ཡེ་ཤེས་གཙོ་བོར་མཛད་པའི་ཐ་ཚིག་གོ་ཞེས་ཟེར་རོ། །འདི་ན་མར་སྤྱི་དོན་གཉིས་པ་སྟེ། དེ་ལ་བཞིས་བསྟན་པའི་དང་པོ་ལ་གཉིས་ཏེ། བྱིན་གྱིས་བརླབ་པ་དང། སྙོམས་པར་བཞུགས ་པའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེ་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་བྱ་བས་བསྟན་ཏེ། བྱིན་གྱིས་བརླབས་པ་ནི། གང་གི་མཐུས་བྱིན་གྱིས་བརླབ་པ་དང། གང་གིས་བརླབ་པ་དང། གང་ལྟར ་བྱིན་གྱིས་བརླབ་པ་དང། བཞི་བ་རིམ་པར་སྦྱར་རོ། །བྱིན་གྱིས་བརླབས་ནས་གང་ལ་སྙོམ་པར་ཞུགས་པ་ནི་དངོས་གཞི་དང། ཡུལ་དང། ཡུལ་ཅན་གསུམ་དང། དཔེ་དང་རྣམ་པར་མི་རྟོག་པ་དང། འབྱུང་འཇུག་མེད་པ་གསུམ་རིམ་པར་སྦྱར་རོ། །དེ་ལ་མདོ་སྡེ ་འདི་ཟབ་པའི་ཕྱིར་ལག་ན་རྡོ་རྗེ། ལྟ་བུ་དུས་གསུམ་གྱི་གསང་བ་ལ་དབང་བྱེད་པ་སྐྱང་བཤད་མི་ནུས་པའི་ཕྱིར་སང་རྒྱས་ཀྱི་མཐུ་ཞེས་བྱའོ། །ཡེ་ཤེས་ལ་མངའ་བསྙེད་པས་ལག་ན་ཡང་རྡོ་རྗེ་བསྣམས་པའི་ཐ་ཚིག་གོ། འབྱུང་བ་ཆེན་པོ་རྒྱུ ་ལས་བྱུང་བའི་ལུས་མ་ཡིན་གྱི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པར་བསགས་པའི་རྒྱུ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུ་སྐུ་ཅན་དུ་བྱས་པའི་ཕྱིར་ལུས་ཐམས་ཅད་རྡོ་རྗེ་བྱིན་གྱིས་བརླབ་ན་ཞེས་བྱའོ། །དེ་ལ་ལུས་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི ་དངོས་པོ་མ་ལུས་པར་ཡེ་ཤེས་ཀྱི་ལུས་སུ་བྱིན་གྱིས་བརླབས་པའི་ཐ་ཚིག་གོ། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ལ་ཐོགས་པ་མེད་པའི་ཡེ་ཤེས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཕྱིར་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱའོ། ་ད་ནི་སྤྱི་དོན་གཉིས་པ་ལ་བཞིས་བསྟན་པའི་མདོ་སྡེ་འདིའི་ཡོན་ཏན་གྱི་རང་བཞིན་དངོས་གཞིས་བསྟན་ཏེ། དེ་ལ་ཡང་གསུམ་སྟེ། ཡོན་ཏན་རྣམས་བྱིན་གྱིས་བརླབས་ལས་འབྱུང་བ་དང། གཟུངས་ཀྱི་མཚན་ཉིད་ཀྱི་ཁྱད་པར་ཡོན་ཏན་རང་བཞིན་གྱི་དངོས་གཞི་དང། ་གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡོན་ཏན་གྱི་རང་བཞིན་གྱི་དངོས་གཞིའོ། །དེ་ན་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང་ཞེས་བྱ་བ་ནས་རྡོ་རྗེ་སྙིང་པོ་རབ་ཏུ་སྨྲས་ཏེ། ཞེས་བྱ་བའི་བར་དུ་ནི་དང་པོ་བསྟན་ཏོ། །མི་ཚེད་པ་བྱ་བ་ནས་ལག་ན་རྡོ་རྗེ་རབ་ཏུ ་སྨྲས་སོ། །ཞེས་བྱ་བའི་བར་ནི་དོན་གཉིས་པ་བསྟན་ཏོ། །ན་མོ་རཏན་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲི་ཏེ་ཧཱུཾ་ཕཊ་ཅེས་བྱ་བའི་བར་གྱིས་ནི་དོན་གསུམ་པ་བསྟན་ཏོ། །དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་ཡིན་གྱིས་བརླབས་དང། བྱང་ཆུབ་སེམས ་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི། གང་གིས་སྨྲས་པ་དང། གང་གི་བྱིན་གྱིས་བརླབས་ཀྱིས་སྨྲས་པ་དང། གང་ལས་བྱུང་བ་སྨྲས་པ་རྣམས་དང། གང་སྨྲས་པ་དང། ལག་ན་རྡོ་རྗེ་དང། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཨི་བྱིན་གྱིས་བརླབས་དང། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་དང། རྡོ་རྗེ་སྙིང་པོ་རྣམས་གོ་རིམས་བཞིན་ནོ། །དེ་ལ་ལག་ན་རྡོ་རྗེ་བྱ་བ་དང། སྨྲས་ཏེ་ཞེས་བྱ་བའི་བར་སྐབས་སོ། །དྲིས་པ་ལག་ན་རྡོ་རྗེས་གང་སྨྲས་ཞེ་ན། སྨྲས་པ་རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང ་པོས་སྨྲས་ཏེ་ཞེས་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཐུགས་ཡེ་ཤེས་ཀྱི་ཁྲོ་བོའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་རྟོག་པ་མེད་པའི་ཕྱིར་རོ། །དེ་ལས་བྱུང་བའི་རྡོ་རྗེ་སྙིང་པོ་ནི་མི་ཆོད་པ་ལ་སོགས་པ་རྣམས་སོ། །དེ་དག་ལག་ན་རྡོ་རྗེས་སྨྲས་སོ། །ཞེས་བྱའོ ་གང་ཡེ་ཤེས་དེ་སྙིང་པོ་ཡིན་པའི་ཕྱིར་མི་ཆོད་པའོ། །རྩ་བར་གྱུར་པའི་ཕྱིར་མི་ཤེས་པའོ། །གཞན་དག་ན་རེ། ཡེ་ཤེས་དེ་ལ་རྟོག་པའི་དངོས་པོ་མེད་པའི་ཕྱིར་རོ། །མི་ཆོད་པ་མི་ཤིགས་པའོ་ཟེར་རོ་ཕྱིན་ཅི་མ་ལོག་པ་དང་ཡང་དག་པའི་ཕྱིར་བདེན་པའོ། །འདུས་བྱས ་ལས་བྱུང་བ་མ་ཡིན་པའི་ཕྱིར་སྲ་བའོ། །རྟོག་པའི་རླུང་མེད་པའི་ཕྱིར་བརྟན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་ཐམས་ཅད་དུ་ཐོགས་པ་མེད་པའོ། །དེ་ནི་མི་འཇིགས་པ་བཞི་དང་ལྡན་པས་ཐམས་ཅད་དུ་མ་ཕམ་པའོ། །རྡོ་རྗེ་ཞེས་བྱ་བའི་ངེས་པ་བསྟན ་ཟིན་ཏོ། །གང་དག་དངོས་པོར་སྨྲ་བ་རྣམས་ཡེ་ཤེས་དེ་ཐོས་ན་གཟུངས་འཛིན་ལ་ཆགས་པའི་དབང་དང། །གོམས་པའི་མཐུ་རྟས་པའི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པའོ། །ཡེ་ཤེས་དེའི་བྱིན་བརླབས་ཀྱིས་སྲོག་ཆགས་ཀྱི་རིགས་གང་དག་གིས་བདག་ལ ་ཚེ་བར་བྱེད་པའི་བསམ་པ་རྣམས་ཕྱིར་ནུར་བར་གྱུར་པའི་ཕྱིར། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པའོ། །ཡེ་ཤེས་རྡོ་རྗེ་ལྟ་བུ་དེས་བྲམ་ཟེ་དང་དྲན་སྲོང་གི་རིག་སྔགས་དང། དམོད་མོ་གཅོད་པའི་ཕྱིར། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། ་རིག་སྔགས་ཐམས་ཅད་མངོན་པར་བྱེད་པའོ། །ཡེ་ཤེས་དེ་བདག་གིས་མངོན་དུ་གྱུར་པའི་དུས་ན་རང་གི་ཤེས་པ་ལ་གནས་པའི་ངན་འགྲོའི་རྒྱུ་མེད་པའི་ཕྱིར་ལས་ཐམས་ཅད་འཇོམས་པའི་བྱེད་པའོ། །དྲིས་པ། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་དུ་དོན ་དཔྱོད་པ་ཡིན་ན། རང་གི་ངན་འགྲོའི་རྒྱུ་མེད་པར་བྱེད་ཅེས་བཤད་དཔ་ཅིའི་ཕྱིར་ཞེ་ན། སྨྲས་པ་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཀྱིས་གཞན་གྱིས་ཡང་ངན་འགྲོའི་རྒྱུ་མེད་པར་བྱེད་པས་གཞན་གྱི་ལས་ཐམས་ཅད་འཇོམས་པར་བྱེད་པའོ། ། ་ཡེ་ཤེས་དེས་མི་མ་ཡིན་པའི་གདོན་དང། འབྱུང་པོ་རྣམས་མིག་ནས་ཤིང་མེད་པར་བྱ་བ་དང། བརླག་པར་བྱ་བའི་ཕྱིར། གདོན་ཐམས་ཅད་རླག་པར་བྱེད་པའོ། །གཞིག་ཞིག་གང་གིས་ཟིན་པ་དེས་ཡེ་ཤེས་དེས་ཡེ་ཤེས་ནི་དེ་ལས་ཐར་བར་བྱེད་བས། གདོན་ཐམས་ཅད ་ལས་ཐར་བར་བྱད་པའོ། །གང་གི་དོན་དུ་གང་ཞིག་དགུག་ན་ཡེ་ཤེས་རྡོ་རྗེ་ལྟ་བུ་བྱེད་པའི་ཕྱིར། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པའོ། །རིག་སྔགས་ཀྱི་ལས་ཐམས་ཅད་ཅི་བྱ་བ་དག་ནི་བཞི་ཡང་ཡེ་ཤེས་རྡོ་རྗེ་ལྟ་བུ་དེ་ཡིན་པའི་ཕྱིར། རིག་སྔགས་ཀྱི་ལས ་ཐམས་ཅད་བྱེད་དུ་འཇུག་པའོ། །སྔར་མ་གྲུབ་པ་རྣམས་ནི་དེ་ལྟར་གྲུབ་པར་བྱེད་པ་སྔར་གྲུབ་པ་རྣམས་ནི་ད་ལྟར་དང་མ་འོངས་པ་ན་དོན་འབྲས་བུ་ཆུང་མི་ཟ་བར་བྱེད་པས། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པའོ། །འདོད་པ་གཉིས ་རབ་ཏུ་སྦྱིན་པས་ནི། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པའོ། །ཡེ་ཤེས་དེ་ནི་བྱིན་གྱིས་བརླབས་ཀྱིས་ཕྱི་ནང་གི་བགེགས་བསལ་བས་བློ་བུར་བའི་རྐྱེན་ཡང་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་སྲུང་བའོ། །ཁ་ཅིག་ན་རེ་ཐེག་པ་ཆེན་པོའི་རིགས་ཅན་དང་བདག་ལ ་སྐྱབས་སུ་གསོལ་བ་དག་སྲུང་ཞེས་ཟེར་ན། ཐམས་ཅད་ཀྱི་སྒྲས་རིགས་སུ་ཆད་པའི་སྐྱོན་དུ་འགྱུར་རོ། །དེ་དག་གིས་རྣམ་པས་འཇོམས་པའི་དོན་བཤད་ཟིན་ཏོ། །དེ་བས་ན་གཟུངས་མདོ་སྡེ་འདིའི་མཚན་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་གྲགས་སོ། །ཡེ་ཤེས་རྡོ་རྗེ་ལྟ་བུ ་དེས་དོན་མཛད་པའི་སྒོ་ན་མོད་མང་མོད་ཀྱང། ལས་རྣམ་པ་བཞིའི་སྒོ་ནས་དོན་མཛད་དེ། ཞི་བ་དང། རྒྱས་པ་དང། དྲག་པོ་དང། དབང་དང་བཞིའོ། །ཉོན་མོངས་པ་ལ་གསུམ་དང། ཚེ་དང་ལོངས་སྤྱོད་དང། གནོད་པར་བྱེད་པ་དག་དང། མི་འཇར་བ་བཞི་དང། ཞི་བ ་དང་རྒྱས་པ་དང། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པ། བཞི་གོ་རིམས་བཞིན་ནོ། །དྲིས་པ་ཕྱི་རོལ་གྱི་རྟག་པ་སྒྲ་བ་དྲུག་ཅུ་རྩ་བཞི་ལ་སོགས་པ་ལ་ནི་བྱེད་པ་ཡོད་པར་འདོད་ཀྱི། ཆོས་འདི་ལ་མ་བྱེད་པ ་ཞེས་མི་རིགས་སོ་ཞེས་ན། རྟག་པར་སྨྲ་བ་རྣམས་ཀྱི་བྱེད་པ་ནི། བདག་རྟག་པས་དབང་ཕྱུག་ལ་སོག་པས་བྱེད་པར་འདོད་པ་ཡིན་ལ། འདིར་མི་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་འབྱུང་སྟེ། སེམས་ཅན་ཐམས་ཅད ་སྐྲག་བར་བྱེད་པ་དང། རྨུགས་པར་བྱེད་པའི་བར་དག་གསང་སྔགས་ཀྱི་བྱེད་པའི་ཐ་ཚིག་གོ། དྲིས་པ་མི་ཆད་པ་ནས་རྨུགས་པར་བྱེད་པའི་བར་ལ། གོང་དུ་ནི་རྡོ་རྗེ་སྙིང་པོས་སྨྲས་ཞེས་འབྱུང་ལ། འདིར་ནི་རྨུགས་པར་བྱེད་པའི་གསང་སྔགས་མཐུ་ཞེས་སྨྲས ་པས། གོང་མ་དག་འོག་གི་གསང་སྔགས་ཀྱིས་བྱེད་པ་དང། བྱིན་གྱིས་བརླབས་པ་སྐད་འབྱུང་པ་ཅིའི་ཕྱིར་ཞེ་ན། སྨྲས་པ་རྡོ་རྗེ་སྙིང་པོ་ཞེས་གོང་དུ་སླད་འདྲེན་པ་ནི། མི་ཆོད་པ་ནས་ཐམས་ཅད་དུ་མ་ཕམ་པའི་བར་ཡིན་ལ། དེ་དག་གིས་སེམས་ཅན་གྱི ་དོན་བྱེད་པའི་ཐབས་ནི། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ནས། རྨུགས་པར་བྱེད་པའི་བར་ནི་གསང་སྔགས་ཀྱི་མཐུས་བྱེད་དོ། །ཁ་ཅིག་ན་རེ་གོང་དུ་རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོས་ཞེས་འབྱུང་བས། རྡོ་རྗེ་ཁྲོ་བོ་ནི་འོག་གི་གསང་སྔགས ་རྣམ་ལ་བྱ་བར་འདོད་དེ་ཞེས་ཟེར་རོ།། །།ད་ནི་གཟུངས་ཀྱི་དཀྱིལ་འཁྱོར་གྱི་ལྷ་རྣམས་ཀྱི་ཡོན་ཏན་གྱི་རང་བཞིན་ཏེ། དེ་ཡང་རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབས་པའི་གང་སྔགས་དང། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྐྱེད་པའི་གསང་སྔགས ་དང། བརྟན་པར་བྱིན་གྱིས་བརླབ་པའི་གསང་སྔགས་དང། དབང་བསྐུར་བའི་གསང་སྔགས་དང། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་སོ་སོའི་རྩ་སྔགས་རྣམས་བསྟན་ཏོ། །དེ་ལ་ན་མོ་རཏན་ཏྲ་ཡཱ་ཡ་ནི་དཀོན་མཆོག་གསུམ་ལ་ཕྱག་བཙལ་བའོ། །ན ་མ་ཤཙཎྜ་བཛྲ་པ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ་ཞེས་བྱ་བ་ནི། གནོད་སྦྱིན་གྱི་སྡེ་དོན་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ་ཞེས་བྱ་བ་ན་སུ་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་བར་དུ་ནི། རྡོ་རྗེ་སྙིང་པོར་བྱིན་གྱི་བརླབ ་པའི་གསང་སྔགས་བསྟན་ཏོ། །དེ་ཡང་ཏྲ་ཊ་ཏྲ་ཊ་ཞེས་བྱ་བ་ནས་སཾ་གྷ་ཊ་སཾ་གྷ་ཊ་ཡའི་བར་གྱིས་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ནས་རྨོངས་པར་བྱེད་པའི་བྱིན་གྱིས་བརླབ་པ་ཡིན་ནོ། །སརྦ་བིདྱཱ་བཛྲ་བཛྲ་ནས་སུ་བཛྲ་སྭཱ་ཧཱའི་བར་གྱིས་ནི་མི་ཆོད་པ་ཞེས ་བྱ་བ་ནས། ཐམས་ཅད་དུ་མ་ཕམ་པའི་བར་བྱིན་གྱིས་རློབ་པ་ཡིན་པར་བསྟན་ཏོ། །ཧེ་ཕུ་ལུ། ནེ་རུ་ཕུ་ལུ་ཞེས་བྱ་བ་ན། པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱའི་བར་དུ་ནི་ཁྲོ་བོ་རྣམས་ཀྱི་སྐུ་བསྐྱེད་པ་སྟེ། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྐྱེད་པའི་གསང་སྔགས ་བསྟན་ཏོ། །ཁྲོ་བོ་ཧཱུཾ་ཀ་ར་དང། ཨཱརྱ་ཨ་ཙ་ལ་དང། ཡ་མཱནྟ་ཀ་དང། ནཱི་ལ་དཎྜ་དང། ཧ་ཡ་གྲི་བ་དང། ཊཀྐི་རཱ་ཛ་དང། ཨ་མོ་གྷ་པཱ་ཤ་དང། མ་ཧཱ་བ་ལ་རྣམས། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱཧཱ། ཡན་ཆད་རིམ་བཞིན་དུ་སྦྱར་རོ། །ཧ་ར་ཧ་ར་བཛྲ་དྷཱ ་རཱ་ཡ་སྭཱ་ཧཱ། ཞེས་པ་ནི་སྒོ་མ་རྣམས་བསྐྱེད་པའི་སྔགས་སོ། །པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ན་སྭཱ་ཧཱ་ནི། ཨ་མྲི་ཏ་ཀུཎྜ་ལི་བསྐྱེད་པའི་སྔགས་སོ། །མཏིསྠ་རི་ཞེས་པ་ནས། ཨ་མུ་ཀཾ་མཱ་ར་ཡ་ཕཊ། བྱ་བའི་བར་དུ་ནི་བརྟན་པར་བྱིན་གྱིས་བརླབ་པའི་གསང་སྔགས ་ཏེ། གཟུངས་ཀྱི་དཀྱིལ་འཁོར་གྱི་ཁྲོ་བོ་རྣམས་ཀྱི་སྐུ་བསྐྱེད་པ་བརྟན་པར་བྱ་བ་དང། བདག་ཉིད་ལ་བདེན་པའི་བྱིན་བརླབ་བྱའོ། །ན་མ(རྒྱུད་འགྲེལ་ཀྱི་བུམ་པས་སྤྱི་བོ་ནས་དབང་བསྐུར་བའི་ཚེས་བཟླས་པར་བྱ་བ་དང། དབང་བསྐུར་བའི་ཚིག་ཡིན་ནོ། །ན་མོ་རཏན་ཏྲ་ཡཱ་ཡ་ཞེས་བྱ་བ་ནས་ཨ་མྲི་ཏ་ཧཱུཾ་ཕཊ་ཀྱི་བར་དུ་ནི་གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་སོ་སོའི་གསང་སྔགས་བསྟན་ཏོ། །དེ་ལ་ཕྱག་འཚལ ་བའི་ཚིག་ནི་གོ་སླའོ། །ོཾ་ཧ་ར་ཧ་བཛྲ་ནི་གཙོ་བོའི་ལས་ཀྱི་སྔགས་སོ། །མ་ཐ་མ་ཐ་བཛྲ་ནས་ཙྪནདི་ཙྪིནདའི་བར་དུ་བརྒྱད་ནི་ཁྲོ་བོ་བརྒྱད་རིམ་བཞིན་ནོ། །བྷིནད་བྷིནད་བཛྲ་ཧཱུཾ་ཕཊ་ནི་ཨ་མྲི་ཏ་ཀུནཌ་ལིའི་ལས་ཀྱི་སྔགས་སོ་དེ་མན་ཆད་ཀྱི་སྔགས་ནི་སྒོ་མ་བཞིའི ་ལས་ཀྱི་སྔགས་སོ། །སྔགས་འདི་དག་ནི་སཾ་སྐྲི་ཏའི་སྐད་ལ་སོགས་པ་སྒྲ་ཡན་ལག་མང་སྟེ། བྱིན་གྱིས་བརླབ་པ་ཡིན་པས། བཟླས་པས་བྱིན་བརླབས་ཅན་དུ་འགྱུར་བས། བོད་དུ་ཐར་ལོག་མི་འགྱུར་རོ། །ཞེས་མཁས་པ་དག་གིས་འཆད་དོ། ། ་ད་ནི་སྤྱི་དོན་གཉིས་ཀྱིས་བསྟན་པའི་གཉིས་པ་ལ་བཞིས་བསྟན་པའི་གསུམ་པ་ཡོན་ཏན་གྱི་ཕན་ཡོན་གྱི་འབྲས་བུ་འཆད་དོ། །དེ་ལ་ཡང་གཉིས་ཏེ། སྡུག་བསྔལ་སེལ་བར་བྱེད་པ་དང། འདི་བསྐྱེད་པར་བྱེད་པའོ། །ཚིག་རྐང་གཉིས་དང་སྦྱར་རོ། །གཟུངས་ཀྱི་དཀྱིལ ་འཁོར་འདི་ལྟར་བྱས་ཏེ་བསྒྲུབས་ན། སྔོན་གྱི་ཚེ་རབས་གྲངས་མེད་པ་ནས་བསགས་པའི་སྡིག་པ་དང། ད་ལྟར་འཕྲལ་དུ་བྱས་པ་དག་འབྱད་པར་གྱུར་ལ། རྒྱུ་སྡིག་པ་བྱས་ན་སྡིག་པའི་འབྲས་བུ་ངན་སོང་ཡོད་པའི་སྡུག་བསྔལ་མ་ལུས་པ་མེད ་པའི་ཕྱིར། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད་ཅེས་བྱའོ། །མདོ་སྡེ་འདི་ནི་དེ་ལྟར་ཡོན་ཏན་དང་གཟི་བརྗིད་དང་ཕན་ཡོན་ཆེ་བས། རྒྱུད་དང་མདོ་སྡེ་ཀུན་གྱི་སྙིང་པོ་དང་རྩ་བ་ཡིན་པའི་ཕྱིར་ནི། རྒྱུད་དོ་ཅོག ་གི་རྩ་བ་སྟེ། ཞེས་བྱ་བའོ། །ཅིའི་ཕྱིར་མ་རྒྱུད་དང་མདོ་སྡེ་མང་པོ་གཞན་དག་ལས་ཀྱང། སེམས་ཅན་གྱི་སྒྲིབ་པ་བསལ་བ་དང། སྡུག་བསྔལ་སྤྱད་པའི་ཐབས་ལས་གཞན་མི་སྟོན་པའི་ཕྱིར་རོ། །དེའི་ཕྱིར་ན་གཟུངས་འདི་ལྟར་བྱས་ན་སངས་རྒྱས ་ཀྱི་ཡོན་ཏན་ཅི་མདའ་བ་དེས་ཐོབ་པའི་ཕྱིར། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན་ཞེས་བྱའོ། །ད་ནི་སྤྱི་དོན་གཉིས་ཀྱི་བསྟན་གཉིས་པ་ལ་བཞིས་བསྟན་པའི་བཞི་ལ་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་བསྟན་ཏེ། དེ་ལ་ཡང་གསུམ་སྟེ ་སྡུག་བསྔལ་གྱི་རྣམ་གྲངས་དང། སྡུག་བསྔལ་འབྱུང་བའི་རྟགས་དང། སྡུག་བསྔལ་འགོག་པའི་ཐབས་སོ། །དེ་ཡང་སེམས་ཅན་དབང་པོ་ཉམས་པ་དང། ཞེས་བྱ་བ་ནས་མྱ་ངན་མངལ་ལས་བྱུང་བའི་བར་གྱི་སྡུག་བསྔལ་གྱི ་རྣམ་གྲངས་བསྟན་ཏོ། །རྨི་ལམ་སྡིག་པ་མཐོང་ན་ཡང་གིས་ནི་སྡུག་བསྔལ་འབྱུང་བའི་རྟགས་སོ། །དེས་ན་རབ་ཁྲུས་བྱ་བ་ནས་རྫོགས་པའི་བར་དུ་སྡུག་བསྔལ་བཟློག་པའི་ཐབས་བསྟན་ཏོ། །དེ་ལ་ཡང་གསུམ་སྟེ། སྟ་གོན་ལ་གནས་པ་དང། མདོ་སྡེ་འདི་མཉན ་ཅིང་ཉམས་སུ་བླངས་པའི་ཕན་ཡོན་དང། བུམ་པའི་དཀྱིལ་འཁོར་རོ། །དེ་ལ་དེས་ནི་རབ་བཀྲུས་གཙང་མ་ཡིས་ནས་གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། ཞེས་པའི་བར་དུ་ནི་སྟ་གོན་ལ་གནས་པ་བསྟན། ཟབ་མོ་སང་རྒྱས་སྤྱོད་ཡུལ་བ་ཞེས་བྱ་བ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར་ཞེས་བྱ་བའི་བར་དུ་ནི། མདོ་སྡེ་མཉན་པའི་ཕན་ཡོན་བསྟན། ནོར་བུ་ཡུངས་ཀར་མན་ཆད་རྫོགས་པའི་བར་གྱི་བུམ་པའི་དཀྱིལ་འཁོར་བསྟན་ཏོ། །དེ་ལ་བུམ་པ་ལ་ལྔ་སྟེ། ནང་གི་རྒྱུ་དང། བུམ་པའི་རྒྱུ་དང། མགུལ་དཀྲིས་ཀྱི་རྒྱུ་དང། ་བཟླས་བརྗོད་ཀྱི་གྲངས་དང། ཁྲུས་བྱ་བའི་ཐབས་དང་གདམས་ངག་གོ། དེ་ལ་ནོར་བུ་ཡུངས་ཀར་དུརྦ་དང། བྱ་བ་ནས་ཆུ་ཡིས་བྱ་བ་ཡན་ཆད་ཀྱིས་ནང་དག་པའི་རྒྱུ་བསྟན་ཏོ། །གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པ་དག་ཀྱང་རུང་ཞེས་པས་བུམ་པའི་རྒྱུ་བསྟན་ཏོ། ། ་གཙང་མའི་གོས་ཞེས་པས་མགུལ་དཀྲོས་ཀྱི་རྒྱུ་བསྟན་ཏོ། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད་ཅེས་པས་བཟླས་བརྗོད་ཀྱི་གྲངས་བསྟན་ཏོ། །རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིག་པ་ནི་ཁྲུས་བྱའི་ཐབས་དང་གདམས་ངག་གོ་།དབང་པོ་ཉམས ་ཞེས་པ་ནི་ཡིད་ཀྱི་དབང་པོ་ཉམས་པ་ལ་བྱ། ཁ་ཅིག་ན་རེ་མིག་ལ་སོགས་པའི་དབང་པོ་ཉམས་པ་ལ་ཡང་བྱ་ཟེར་རོ། །ཚེ་ཟད་ཅེས་པ་ནི་སྔོན་གྱི་རྣམ་པར་སྨིན་པའི་ཚེ་ཟད་པའོ། །འཕྲལ་གྱི་རྐྱེན་གྱིས་བསྒྱུར་པ་ལ་ནི་ཚེ་ཉམས་ཞེས་བྱའོ། །ཕུན་སུམ་ཚོགས་མིན་གང་ཆགས ་དང་ཞེས་བྱ་བ་ཆོས་ཀྱིས་འཕོངས་པའི་ལས་བྱས་པས་དེའི་ལོངས་སྤྱོད་དང་མི་ལྡན་པ་ལ་བྱའོ། །ཁ་ཅིག་ན་རེ་སེར་སྣའི་ལས་སྤྱད་པས་ལོངས་སྤྱོད་མི་ལྡན་པ་ལ་བྱ་ཞེས་ཟེར། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང། ཞེས་པ་ནི་འཇིག་རྟེན་པ་དང། ་འཇིག་རྟེན་ལས་འདས་པ་དག་གིས་གྲོགས་མི་བྱེད་ཅིང་འདོད་པ་མི་སྦྱིན་པའི་ཐ་ཚིག་གོ་།གཞན་དག་ནི་གོ་སླའོ། །རྨི་ལམ་སྡིག་པ་མཐོང་ན་ཡང་ཞེས་པ་ནི་སེམས་ཅན་ངག་གིས་དབང་པོ་ཉམས་པའི་རྨི་ལམ་སྡིག་པ་མཐོང་ངམ། ་ཚེ་ཟད་པའི་རྨི་ལམ་ནས་མྱ་ངན་ངལ་ནས་བྱུང་བའི། རྨི་ལམ་སྡིག་པ་མཐོང་ན་ཡང་ཞེས་བྱའོ། །གཞན་ནི་གོ་སླའོ། །གང་དག་ཡིད་དགེ་སེམས་དང་ཞིང་ཞེས་པས་སྡིག་པ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་བྱེད་པ་ནི་ཡིད་དགེ་བའོ། །གང་གཞན ་ཀྱི་ངོར་བྱེད་པ་མ་ཡིན་པས་དགེ་བ་སྤྱོད་པ་ནི་སེམས་དང་པའོ། །གཙང་མའི་གོས་ནི་སྲོག་ཆགས་ཀྱི་རྒྱུ་ལས་མ་བྱུང་བ་ལ་བྱའོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ་ཞེས་པ་ནི་མདོ་སྡེ་འདི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཟབ་མོའོ། །དེ་ནི་སངས ་རྒྱས་ཉག་ཅིག་གི་སྤྱོད་ཡུལ་ཡིན་པའི་ཕྱིར་གཞན་དག་གིས་བཤད་མི་ནུས་པའི་ཐ་ཚིག་གོ་།དྲིས་པ་དེ་ལྟར་ན་ལག་ན་རྡོ་རྗེས་སྨྲས་སོ། །ཞེས་འབྱུང་བ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ནས་སངས་རྒྱས་ཀྱི་མཐུ་ཞེས་འབྱུང་བས་འདི་ལ་འགལ ་བ་མེད་དོ། །གཞན་ནི་གོ་སླའོ། །མི་ཟད་པའི་ནད་རྣམས་ཀྱང་ཞེས་བྱ་བ་ནི་སེམས་ཅན་དབང་པོ་ཉམས་པ་དང་བྱ་བ་ནས་རྨི་ལམ་སྡིག་པ་མཐོང་ན་ཡང་ཞེས་པའི་བར་དག་ལ་བྱའོ། །གཞན་དག་ནི་གོ་སླ་བས་མ་བཤད་དོ། །རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས ་ཤིག་པའོ།?་།རྒྱལ་པོ་ཞེས་བྱ་བ་ནི་བོས?་པའི་ཚིག་ཉིད་དོ། །གཟུངས་ནི་གྲངས་བཞིན་བཟླས་ལ་ཁྲུས་ཀྱིས་ཤིག་པའི་གདམས་ངག་གོ་།སློབ་དཔོན་བོ་དྷི་སཏྭས་མཛད་པའི་འགྲེལ་པ་ཕྱི་མ་རྫོགས་སོ།། །།ལོ་ཙ་བ་དཔལ་བརྩེགས ་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།། (།།རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་ཀྱི་རྔ་མ་བཤད་སློབ་དཔོན་ཆེན་པོ་པདྨས་མཛད་པ་བཞུགས་སོ།)་།རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ནཱ་མ་དྷཱ་ར་ཎི་བྱཱ་ཁྱཱ་ན་བཛྲཱ་ལོ་ཀ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམ་པ ་