| Wylie | e-texts based on the ACIP/ALL Input |
ཞུས་ཏེ་གཏན་ལ་ཕབ་པའོ།། །།ལྷོ་ཕྱོགས་ཀྱི་ཡུལ་པོ་ཏ་རར་སྐུ་འཁྲུངས་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སློབ་དཔོན་གྱི་མཆོག་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བསྡུས་པའོ།། །།*། (།འཕགས་པ་འཇམ་དཔལ ་གསང་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བཞུགས་སོ།།)་།།*། །རྒྱ་གར་སྐད་དུ། ཨཱརྱ་མཉྫ་ཤྲཱི་གུ་ཧཡ་ནནྟ་སྱ་མཎྜ་ལ་བདྷི། བོད་སྐད་དུ། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག། འཇམ་པའི ་དབྱངས་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་པའི་དབྱངས་ཀྱི་ནི། །ཁྲོ་བོ་ཡི་ནི་བསྙེན་པ་དང། སྔོན་དུ་བསྙེན་པ་བྱས་ནས་ནི། །དེ་ཡི་དཀྱིལ་འཁྲོ་ཕྲི་བར་བྱ། །དེ་ནས་འདི་ཡི་དཀྱིལ་འཁོར་ནི། །དངོས་གྲུབ་དམ་པ་སྦྱིན་མཛད་པ། །འཇིག་རྟེན་གསུམ ་པོ་འཁྲུག་པར་མཛད། །ཡི་དགས་དམར་པོ་ཞེས་བྱ་ཡི། །ཚད་དུ་འདི་ནི་དཀྱིལ་འཁོར་འདི། །གནས་ནི་གང་དུ་འགྲུབ་འགྱུར་པ། །སྔགས་པས་ཐོག་མ་ཉིད་དུ་ནི། །དེ་ཡི་གནས་ནི་བརྟག་པར་བྱ། །ཤིང་གཅིག་དང་ནི་དུར་ཁྲོད་དང། །ཁྱིམ་སྟོང་དང་ནི ་བཞི་མདོ་དང། །མཆོད་རྟེན་འགྲམ་དང་ལྷ་ཁང་འགྲམ། །ཐིགས་པོ་ལམ་སྲད་རྙིང་པ་དང། །སྐྱེད་མོས་ཚལ་དང་རིའི་རྩེ། །ཆུའི་འགྲམ་འམ་ནགས་ཚལ་དང། །ལྷ་ཆེན་གྱི་ནི་གནས་ཀྱང་རུང། །བ་ལང་ལྷས་ས་ཡུལ་གྱིས། །ཁྱད་པར་དུ་ནི་ཡུལ ་གཙང་བར། །ཡང་ན་ཡིད་ནི་རབ་འཇུག་པ། །དེར་ནི་དཀྱིལ་འཁོར་རབ་ཏུ་བྱ། །ཤར་དང་བྱར་ནི་དམའ་བའ་ཨམ། །ཁ་དོག་སྣུམ་པར་རབ་ཏུ་བཟང། །བ་ཚྭ་མེད་ཅིང་མ་གས་པ། །དང་པོར་མཁས་པས་བརྟག་པར་བྱ། །དག་པའི་གཟུགས་ནི་རབ་བཟུང་སྟེ། ་དེ་ཉིད་གསུམ་བརྗོད་ས་ལ་ནི། །ལག་གིས་བརྡབ་པ་དག་ཏུ་བྱ། །རབ་འགྱུར་ལྷ་མོ་སྦྲན་པར་བྱ། །སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ ་ཡིས། ཇི་ལྟར་བདུད་ཀྱི་ཚོགས་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །གསེར་གྱི་མདོ་གདབ་ལྡན་པ་ཡི། །ས་ཡི་ལྷ་མོ་ཇི་བཞིན་དུ། །ས་ལ་རབ་ཏུ་འཐོན་པ་ནི། །རྐང་བཀྲུ་མཆོད ་ཡོན་མཉེས་བར་བྱ། །སྔོན་གྱི་དུས་ན་དེ་བཞིན་གཤེགས། །ཤཱཀྱ་སེང་གེས་ས་འདིར་ནི། །སྡེ་དང་བཅས་པའི་བདུད་བཏུལ་ནས། །ཆོས་རྣམས་མངོན་རྫོགས་སངས་རྒྱས་བཞིན། །དེ་ནས་རིགས་འཛིན་ཅན་གྱིས་ནི། །སེམས་ཅན་དོན་དུ་དཀྱིལ་འཁོར་བྱེད ་མའི་ལྷ་མོ་དཔར་མཛོད་ཅིག། བདུད་རྣམས་ཞི་བར་མཛད་དུ་གསོལ། །ས་བསླང་བ་ཡི་ཆོ་གའོ། །དེ་ནས་རིགས་འཛིན་ཅན་གྱིས་ནི། །ས་ནི་ཡང་དག་སྦྱང་བར་བྱ། །ཁྲོ་བོ་ཡི་ནི་ང་རྒྱལ་གྱིས། །འབྱུང་པོའི་གཏོར་མ་བྱིན་ནས་ཀྱང། །ང་ནི་རྡོ་རྗེ་འདི་མིང ་སྟེ། །སློབ་མ་དག་དང་སེམས་ཅན་གྱི། །དོན་དུ་དཀྱིལ་འཁོར་ཆེན་པོ་ནི། །ཡི་དགས་པ་ལ་ཆེན་ཞེས་བྱ་བཞེངས། །གང་དག་ས་འདིར་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང། །ནམ་མཁའ་ལྡིང་དང་ཤ་ཟའི་ཚོགས། །འབྱུང་པོ་མང་པོ་ཐམས་ཅད ་ཀུན། །མཆོད་སྦྱིན་བདེན་པ་འདི་ལོང་ལ། །འདི་རུ་མ་གནས་གཞན་དུ་དེང། །ཁྲོ་བོ་འབར་བའི་བཀའ་བྱུང་གིས། །སྐད་ཅིག་གིས་ནི་མྱུར་དུ་དེང། །གང་དག་བསམ་པ་དང་ལྡན་ཞིང། །ཁྲོ་བོ་ཆེན་པོའི་བཀལ་གཅིག་པ། །མྱུར་དུ་འགྲོ་བར་ནི ་སེམས་ན། །སྤྱི་བ་ཙལ་པ་བརྒྱར་འགས་སོ། །ོཾ་ཨ་ཀྲོ་ཏེ་ག་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ་བགེགས་ཀྱི་ཕྱོགས་ནས་བརྗོད་ནས་ཀྱང། །ཁྲོ་བོ་འབར་བའི་བཞིན་གྱིས་ནི། །རྐང་མཐིལ་ཧཱུཾ་ལས་རྡོ་རྗེ་མཆོག། འབར་བས་བགེགས?་ཞི ་གསང?་བར་བྱ?། །ས་ལ་རྫགས་ཆུ་གཏོར་ནས་ཀྱང། །སའི་དབུས་སུ་ཁྲུ་གང་བརྐོ། །སོལ་བ་ལ་སོགས་རོ་དག?་ནི། །བསམ་ནས་སྔགས་ཀྱི་ཆུ་ཡིས་གཏོར། །རིན་ཆེན་ལྔ་སོགས་གང་བ་ཡི། །བུམ་པའི་ནང་དུ་བཅུག་ནས་ཀྱང། །རང་གིས ་ཀྱང་ནི་དགང་བར་བྱ། །དྲི་ཡི་ཆུ་ཡིས་གཏོར་བར་བྱ། །བའི་སྔ་དང་ལྡན་པ་ཡི། །ལྕི་བས་ཀྱང་ནི་བྱུག་པར་བྱ། །དཀྱིལ་འཁོར་ཉིས་འབྱུང་ལྷག་ཅན་དུ། །ཀུན་ཏུ་སྦྱངས་པ་བཅས་བར་བྱའོ། །ས་སྤྱད་པའོ། །དེ་ནས་མཁས་པས་སྟ་གོན་གྱིས། །ལས་ནི ་གཉིས་པ་རབ་ཏུ་བརྩམ། །ལྔ་ཡི་རྫས་ལ་སྦྱར་བ་ཡི། །དྲི་ཡི་ཆུས་ནི་དཀྱིལ་འཁོར་བྱ། །དེ་ནས་ཙན་དན་དམར་པོས་ཀྱང། །པདྨ་དག་གི་གཟུགས་སུ་བྱ། །ཡི་དགས་འཛིན་པའི་སྔགས་དག་གིས། །མེ་ཏོག་དམར་པོ་དབུས་སོགས?་བཞག། ་དེ་ནས་མཆོད་ཡོན་གཞག་པར་བྱ། །མེ་ཏོག་སྡུག་གུ་དྲི་ཞིམ་དང། ། ཀ་རུ་དང་སྦྱར་བ་ཡི། །གུ་གུལ་གདུག་པའང་དེ་བཞིན་ནོ། །མར་མེ་མར་གྱི་མར་མེ་མཆོག་།དྲིའི་དོན་དུ་ཙན་དན་མཆོག་།ཙན་དན་དཀར་པོ་དམར་པོ་ཡིས་གཏོར་མ་ཉ་དང ་ཤ་ལ་སོགས། །སྦྱར་ཐུགས་ལ་སོགས་དེ་བཞིན་ནོ། །མེ་ཏོག་ཚུར་བཅས་ཨརྐ་དང། །རས་ལ་སོགས་པ་ཐམས་ཅད་ངོ། །དེ་ལྟ་དེ་ནི་ཚོས་བསགས་ནས། །སློབ་དཔོན་གྱིས་ནི་ཁྲུས་བྱས་ནས། །སྙུང་བ་བྱས་ཏ་མཉམ་བཞག་པས། །ཁྲོ་བོའི་བསྲུང ་བས་བྱིན་གྱིས་བརླབ། འདི་ལྟར་རྟོག་པ་ཞི་བ་མོ་ལས། །གསུངས་བའི་རིམ་པས་ཁྲོ་བོ་ཉིད། །བསྐྱེད་དང་སྤྱན་དྲང་ལ་སྩོགས་ཀྱིས། །ལྷ་ནི་འབད་དེ་མཉེས་པར་བྱ། །དེ་ནས་འབད་དེ་གསོལ་བ་གདབ། དཀོན་མཆོག་གསུམ་དང་རིགས་གསུམ་གྱི ་མགོན་པོ་དེ་བཞིན་གཤེགས་དང་བཅས། །གང་དགའ་རིགས་ཀྱི་ཁྲོ་བོའི་ཚོགས། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང། །ཁྲོ་བོ་ཁྱོད་ལ་མཆོད་པའི་ཕྱིར། །བདག་ནི་ནང་པར་དཀྱིལ་འཁོར་བགྱིད། །བྱིན་གྱིས་བརླབ ་ཅིང་གནང་མཛས་ཅིང?་ཐུགས་རྗེས་རྗེས་སུ་བཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །ལྷ་གནས་པའི་རིམ་པའོ། །གསེར་སོགས་རིན་ཆེན་ལས་བྱུང་བའི། །བུམ་པ་བཟང་པོ་མཉམས་པའི། །ཁྲུས་ཀྱིས་གཙང་མར་བྱས་པ་ཡི། །དྲི་ཡིས་ཆུས ་ཀྱང་བྱུག་པར་བྱ། །མཚན་ཉིད་ལྡན་པའི་བུམ་པ་གཉིས། །པདྨའི་སྟེང་དུ་བེ་ཅོན་དང། །ལས་ཀྱི་རྒྱ་གྲམ་བྲི་བར་བྱ། །གཙང་མའི་གོས་ཀྱིས་མགུལ་པ་དཀྲི། །དང་པོ་འོད་གསལ་རྒྱུ་ལས་ནི། །ཁ་དོག་དཀར་པོ་པཾ་ལས་བྱུང། །ཇི ་བཞིན་དབྱིབས་སུ་བསྐྱེད་ནས་སུ། །དེའི་ནང་དུ་པདྨ་བསམ། །པདྨའི་ལྟེ་བར་ཉི་མ་ལ། །ཧཱུཾ་ལས་བྱུང་བའི་ཁྲོ་བོ་བསྐྱེད། །ཁྲོ་བོ་གཉིས་པོ་དེ་དག་ནི་རང་མཚན་ཁ་དོག་ལྡན་པར་བྱ། །སྤྱན་དྲངས་ནས་ནི་རབ་བཅུག་ནས། །མཆོད་ཡོན་ལ་སོགས་དེ ་ལ་དབུལ། །སོ་སོའི་སྙིང་པོ་བརྒྱ་རྩ་བརྒྱད། །བཟླས་ནས་ཆུའི་རང་བཞིན་དུ། །ཁྲོ་བོ་གཉིས་ཀ་གྱུར་པར་བསམ། རིན་ཆེན་སྨན་ལ་སོགས་པ་དང། །དཔག་བསམ་ཤིང་སོགས་ཁ་བརྒྱན་བྱས། །བུམ་པ་གནས་པའི་ཆོ་གའོ། །སློབ་མ་གནས ་པའི་ཆོ་ག་དག་།གཞན་དུ་རྟོག་པ་ཞི་བ་ལས་བཤད། །དེ་བས་འདིར་ནི་དེ་བཞིན་ནོ། །སྤྱི་ཡི་ལས་ཀྱིས་གནས་པར་བྱ། །འོན་ཀྱང་རང་གི་ཆོ་ག་དག་།ཅུང་ཟད་འདི་དག་(སྦྱར་བར་བྱ། །སློབ་མ་བསྙུང?་བ་བྱས་ནས་ཀྱང།)་།ཁྲུས་ཀྱི་ཆོ་ག་ལེགས་བྱས་ཏེ། །ཁྲོ་བོས་བསྲུང་བ་བྱིན ་བརླབ་ནས། །བླ་མ་ལ་ནི་གསོལ་བ་གདབ། །དཔའ་བོ་ཆེན་པོ་དེང་གསོན་ཅིག་།བདག་ནི་འཁོར་བས་སྐྱོ་བྲ་དང། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །གསུམ་ལ་སྐྱབས་སུ་འགྲོ་བ་གསོལ། །དཀྱིལ་འཁོར་ལྷ་ལ་དེ་བཞིན་ནོ། །ཁྱད ་པར་དུ་ནི་སློབ་དཔོན་ལའོ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སྔགས་ཀྱི་སྤྱོད་དང་བརྟུལ་ཞུགས་གང། །དེ་བཞིན་བདག་ནི་བསྒྲུབ་པར་འཚལ། །ཐར་ཆེན་གྲོང་དུ་འཇུག་པར་འཚལ། །བློ་ཆེན་གྱིས་ནི་སྐྱབ་དུ་གསོལ། །སློབ་མའི་ཚིག ་གསང་བླ?་མ?་བཟང། །བརྩེ་བས་བུ་ལ་མངོན་ཕྱོགས་ནས། །དང་བའི་བཞིན་གྱིས་འདི་སྐད་སྨྲ། །བུ་གཅིག་འདིར་ཤོག་ཐེག་ཆེན་གྱི། ཁྱོད་ནི་ཚུལ་ཆེན་སྣོད་གྱུར་ཏེ། །རིག་པ་འཛིན་པ་སྤྱོད་པའི་ཚུལ། །ཁྱོད་ལ་ཡང་ནི་བཤད་པར་བྱ། །དུས ་གསུམ་བྱོན་པའི་སངས་རྒྱས་རྣམས། །སེམས་ཅན་ཕན་ཕྱིར་གང་བཞུགས་པ། །ཀུན་གྱིས་ཐབས་ཚན་སྔགས་ཀྱི་ནི། །ཆོ་ག་མཁྱེན་ནས་ཐམས་ཅད་མཁྱེན། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །གསང་སྔགས་སྤྱོད་པ་མཉམ་མེད་པ། །བདུད་ཀྱི་ཚོགས ་རྣམས་འདུལ་བྱེད་པ། །ཁྱོད་ཀྱིས་བློ་གྲོས་འདིས་གྱིས་ཤིག་།དེ་སྐད་སྤྲོ་བ་བསྐྱེད་ནས་སུ། །སློབ་མས་ཕྱག་འཚལ་ལ་སོགས་པ། །ཡན་ལག་བདུན་པའི་སྨོན་ལམ་བྱའོ། །དེ་ནས་སློབ་དཔོན་གྱིས་སྡོམ་པ་དཔོགས་ཏེ། སངས་རྒྱས་ཆོས་དང་དགེ ་འདུན་ལ། །ཁྱོད་ཀྱི་སྐྱབས་སུ་འགྲོ་བར་གྱིས། །དཀྱིལ་འཁོར་ལྷ་དང་སློབ་དཔོན་དག། ཁྱོད་ཀྱིས་རྟག་ཏུ་བཟུང་བར་བྱ། །སེམས་ཅན་ཐམས་ཅད་སྒྲོལ་བྱེད་པའི། །བྱང་ཆུབ་སེམས་ནི་མཉམ་མེད་པ། །ཡང་དག་བརྟན་པོར་གཟུང་བར་གྱིས། །རིག་པ་འཛིན་པའི་སྡོམ ་པ་གཟུང་བ་སྲོག་ཆགས་གསོད་དང་མ་བྱིན་ལེན། །འདོད་པ་བརྫུན་རྣམས་མི་བྱའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །དག་གི་ཉེས་པ་རྣམ་བཞི་དང། །ཡིད་ཀྱི་རྣམ་གསུམ་བསྲུང་བར་བྱ། །སེམས་ཅན་འཚེ་བ་མ་ལུས་སྤང། །སེམས་ཅན་དོན་ལ་མངོན་དགའ་ ་ཞིང། །ཐེག་པ་ཆེན་པོའི་ལམ་ལ་གནས། །དམ་པ་ཉེ་བར་མཉེས་པ་དང། །འདུལ་བའི་དོན་ནི་མ་ལུས་བྱ། །ལྷ་དང་ལྷ་མིན་གསང་བ་པ། །དེ་ལ་བརྙས་པར་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་རྣམས། །འོག་མ་འམ་བརྫི་བར་མི་བྱའོ། །སྤྱོད་དང་བརྟུལ་ཞུགས ་གསང་བ་གང། །ག་ར་བའི་བརྟུལ་ཞུགས་བརྟན་པོར་གྱིས། །སློབ་མ་བརྟན་པོ་རང་དང་བས། །ཇི་སྐད་གསུངས་པའི་སྡོམ་པ་ཀུན། །འཁོར་བས་སྐྱོ་བའི་ཡིད་བཞག་ནས། །ངེས་པར་ལེགས་པའི་དོན་དུ་གཟུང། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། ་སྡིག་པ་མང་པོ?་ཀུན་ནས?་བཤགས། །དགེ་བ་ཀུན་ལ་ཀུན་ལ་ཡིད་རང་ངོ། །སངས་རྒྱས་བྱང་ཆུབ་བཟུང་བར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ནི་སྐྱེད། །སེམས་ཅན་མ་ལུས ་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང། །སེམས་ཅན་མ་བསྒྲལ་དཔག་མེད་པ། །མྱ་ངན་འདས་ལ་དགོད་པར་བྱ། །ལུས་ངག་ཡིད་ཀྱི་ཉེས་རྣམས་བསྡམ། །བག་མེད་ཆང་རྣམས་བཏུང་བ་ཡང། །ཐེག་པ་དམན་ལ ་འདོད་མི་བགྱི། །ལྷ་དང་ལྷ་མིན་གསང་བ་པ། །བླ་མ་བརྙས་པར་མི་བྱའོ། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང། །མཚན་མ་ལ་སོགས་མི་འགོམ་མོ། །རིག་པ་འཛིན་པའི་སྡོམ་པ་ཀུན། །ཚུལ་ཆེན་སྔགས་པས་གསུངས་པ་ཀུན། །ཀུན་ནས་ཀུན་ཏུ་བཟུང ་བར་བགྱི། །ལས་དང་བཀའ་སྩལ་མ་ལུས་བགྱི། །སྤྱི་གཙུག་ལ་སོགས་གནས་རྣམས་སུ། །ཁྲོ་བོའི་སྔགས་རྣམས་བཞག་པར་བྱ། །སོ་ཤིང་བསྲུང་སྐུད་དེ་བཞིན་སྦྱིན། །ཀུ་ཤའི་སྟན་ལ་ཆོ་ག་བཞིན། །སློབ་མ་གནས་པའི་ཆོ་གའོ། །ཇི་ལྟར་རིམ་པར ་དཀྱིལ་འཁོར་ལ། །མཆོད་ཡོན་ལ་སོགས་ཕུལ་ནས་ཀྱང། །ཡིད་ཀྱིས་ནམ་མཁར་བཞུགས་ནས་ནི། ནང་པར་མཁས་པས་ཐིག་གདབ་བོ། །དཀར་པོ་དམར་པོ་སྔོན་པོ་ཡི། །ཁ་དོག་གསུམ་པའི་སྐུད་པ་ནི། །རས་བལ་ལ་སོགས་བཙོས་པས་བྱ།། ་སྟོང་པའི་རྒྱུ་ལས་ཡི་གེ་གསུམ། །སོ་སོའི་ཆ་རུ་བསྐྱེད་ནས་ཀྱང། །སྐུ་གསུང་ཐུགས་དག་བསམ་པར་བྱ། །ནམ་མཁའ་གནས་པའི་དེ་བཞིན་གཤེགས། །ཡེ་ཤེས་ཐིག་སྐུད་གསུམ་ཏེ་གཞུག། དྲི་ཡི་མཆོག་ལ་སོགས་པས་མཆོད། །གཉིས་སུ་མེད ་པའི་སྔགས་ཀྱིས་ནི། །ཐིག་སྐུད་སུམ་སྒྲིལ་མཛེས་པ་ཡིས། །མཁས་པས་ཐིག་གཏབ་ཕུན་སུམ་ཚོགས། །ཤར་གྱི་སྒོར་ནི་གནས་ནས་སུ། །ཁྲོ་བོའི་སྐུར་ནི་རང་བྱས་ནས། །སྔགས་ཀྱིས་ཡི་གེ་དགོད་པར་བྱ། །གཡོན་གྱི་ཁུ་ཚུར་ལྟེ་བར་བསྟན། ། ་ལས་ཀྱི་ཁྲོ་བོར་བསམས་ནས་སུ། །ཐོག་མར་ཤར་ནས་ནུབ་ཏུའོ། །དེ་འོག་ལྷོ་ནས་བྱང་དུ་སྟེ། །ནམ་མཁའ་ཐིག་གཉིས་གདབ་པར་བྱ། །ཕྱོགས་བཅུ་ན་བཞུགས་དེ་བཞིན་གཤེགས། །འགྲོ་དོན་དུས་ལ་བབ་པར་བསྐུལ། །དེ་ནས་ཡང་ན་དེ་བཞིན་ཏེ།། ་ཐིག་སྐུད་དེ་ནི་ཕྱོགས་མཚམས་གནས། ཤར་ལྷོ་ཡི་ནི་མཚམས་ནས་ཀྱང། །ནུབ་ནས་བྱང་གི་མཚམས་དག་ཏུ། །ཐིག་གིས་རབ་ཏུ་ཚད་བྱས་ཏེ། །གྲུ་བཞི་པར་ནི་ཐིག་གདབ་བོ། །རིམ་པ་གཅིག་པ་མཛེས་པ་ལ། །སྒོ་བཞི་དག་གིས་མཛེས་པར་བྱ། ། ་དཀྱིལ་འཁོར་དང་ནི་འཚམ་པ་ཡི། །དབུས་སུ་པདམོ་བྲི་བར་བྱ། །པདམོ་དང་ནི་ཕྱོགས་བཞིའི་སྒོ། །ཐེ་ཚོམ་མེད་པར་མཉམ་པར་བྱ། །སྙིང་པོ་མཛེས་པའང་དེ་བཞིན་ཏེ། །ཐམས་ཅད་ཆོ་ག་བཞིན་གདག། ཆོ་ག་བཞིན་དུ་དཀྱིལ་འཁོར་དེ། །ཀུན་ཏུ་ཐིག ་གིས་བཏབ་ནས་ཀྱང། །མཆོད་ཡོན་བཞེངས་ཏེ་རབ་ཏུ་བཤགས། །ཡི་གེ་གསུམ་དང་མུ་ཡིས་དགྲོལ། །ོཾ་ཨཱ(རྒྱུད་འགྲེལ་མོ་བྲི། །ཁྲུ་གང་ལ་སོགས་རིམ་པ་ནས། །ཁྲུ་ནི་བརྒྱད་པའི་བར་དུ་སྟེ། །དེ་ལས་ལྷག་པར་ཡོང་མི་བྲེ། །ལས་ཀྱི་རིམ་པ་སོ་སོར་བྲི། །དུར་ཁྲོད་ཐལ་བས་སྦྱར་བའི་ཚོན། །ཁ་དོག་གསུམ་ནི་བཅོས་པར་བྱས། །སྟོང་པ་ཉིད་ཀྱི་རྒྱུ་ལས་ཏེ། །ཁ་དོག་གསུམ་ནི་ཡེ་ཤེས ་བསྐྱེད། །ཡེ་ཤེས་ཚོན་དག་བཀུག་ནས་ཀྱང། །གཉིས་མེད་བྱས་ལ་མཆོད་ཡོན་དབུལ། །ཁྲོ་བོའི་ཡི་གེ་དག་བཟླས་ལ། །རིམ་པ་བཞིན་དུ་བྲི་བར་བྱ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །སེམས་ཅན་ཁམས་ནི་སྒྲོལ་བར་བྱེད། །དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས། །གཤིན་རྗེ་གཤེད་མི་མཆོག་གིས་གནས། །དབང་ལྡན་ཕྱོགས་སུ་ཁ་དོག་གསུམ། །ཇི་བཞིན་ལེགས་པར་བྲིས་ནས་ཀྱང། །ཁྲོ་བོའི་སྔགས་ཀྱིས་བརྟག་པར་བྱ། །ཉེས་པ་ཀུན་ལས་རྣམ་གྲོལ་བའི། །ཚོན་གྱི་ལས་ན་ད་ནས་བརྩམ། ། ་དབུས་སུ་ལེགས་པར་བཞག་ནས་ཀྱང། །ཁྲོ་བོས་ཀྱང་ནི་བྱིན་གྱིས་བརླག། དེ་ཉིད་གསུམ་གྱིས་གསང་སྔགས་བཟླས། །དེ་བཞིན་ཐིག་ལས་གསུམ་བྲི་སྟེ། །དབུས་ཀྱི་པདམོ་གསེར་ཕྱེ་མདོག་།འདབ་མ་དག་ནི་དམར་པོས་བརྒྱན། །སྙིང་པོ་ཟེ་བ་མཛེས་པ་དེ།། ་གསེར་གྱི་ཁ་དོག་བཞིན་དུ་བྱ། །ཐམས་ཅད་དུར་ཁྲོད་ཐལ་བས་བསྐོར། །སྒོ་དང་ཕྱོགས་མཚམས་ལ་སོགས་པ། རིགས་ནི་དབྱེ་བས་ཕྱེ་བར་བྲི། །རྟ་བབས་མེ་ཡི་ཕྲེང་བའི་མཐར། །ཐམས་ཅད་རིགས་ཀྱི་ཁ་དོག་བྱ ་ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ལ། །ལྷག་མ་རྣམས་ནི་བཅས་པར་བྲི། །གཞན་ཡང་ཡི་དགས་ལྔ་པ་ནི། པདམོའི་ལྟ་བར་བྲི་བར་བྱ། །དེ་བཞིན་ཕྱོགས་སྒོ་ནང་དག་དང། །ཕྱོགས་རྣམས་དེ་དག་ཐམས་ཅད་དུ། །ཡི་དགས་བཞི་དང་མགོ་མེད་དོ། །དུར་ཁྲོད་ཐལ་བས ་སྤགས་ཏེ་བྲི། །བྱང་ཤར་ལ་སོགས་པས་རྣམས་སུ། །མཁས་པ་བེ་ཅོན་ཕྱག་རྒྱ་བྲི། །གལ་ཏེ་བྲི་བར་མི་ནུས་ན། །ཡི་དགས་ཕལ་ཆེན་དབུས་དག་ཏུ། །པདྨ་ལྔར་བྲིས་གང་ཡིན་པའོ། །དེ་ཡི་སྟེང་དུ་ཡི་དགས་ནི། །ཡི་དགས་ཀྱི་ན་སྔགས་མཆོག་གི་བསམ ་པ་དག་ནི་བྱས་ཀྱང་རུང། །གྲཝའི་དབྱུག་པ་བཞི་པོ་ཡང། །སྔགས་ཉིད་ཀྱིས་ནི་བསམ་པར་བྱ། །དེ་བཞིན་སྔགས་ཀྱིས་ཐམས་ཅད་བྱའོ། །གལ་ཏེ་འདྲི་བར་ནུས་ཀྱང་ནི། །སྔགས་ཉིད་སྟེང་དུ་བཞག་པར་བྱ། སྒོ་ཡི་ཡི་དགས་བཞི་པོ་ཡང། །སྔགས ་ཀྱིས་བྱིན་གྱིས་བརླབ་པར་གསུངས། །དཀྱིལ་འཁོར་བྲི་བའི་ཆོ་གའོ། །དཀྱིལ་འཁོར་རྫོགས་པར་ཤེས་ནས་ནི། །རྣམ་རྒྱལ་ཁྲོ་བོའི་བུམ་པ་ནི། ལྷོ་ཡི་སྒོ་ཡི་དབུས་སུ་གཞག། ལས་ཀྱི་བུམ་པ་བྱང་ཤར་ཏེ། །བགེགས་སྲུངས་ཞེས་ནི་བརྗོད་ལ ་གཞག་།མར་མེ་མར་གྱི་རྒྱུ་ལས་ཏེ། །སྙིང་པོ་འཇམ་པ་བརྒྱད་ཀྱི་བསྐོར། །ལྷ་བཤོས་དག་ཀྱང་དེ་ཡི་གྲངས། །བདུག་པ་མཆོག་དང་ཨ་ཀ་རུ། །དེ་ཡི་གྲངས་སུ་མཉམ་པར་བཞག། ཙན་དན་དཀར་དམར་དེ་བཞིན་བླང། །མཆོད་པའི་ཁྱད་པར་གཞན ་ཡང་སྟེ། ཐམས་ཅད་ཆོ་ག་བཞིན་དུ་བཞག་།ཉ་དང་ཤ་དང་ཟན་དྲོན་ཚོགས། །ཁྱད་པར་གཏོར་མ་དག་ཀྱང་བཞག། ཡི་དགས་ཕལ་ཆེན་ཕྱི་རོལ་དུ། །ཆུ་དང་བཅས་པའི་མེ་ཏོག་བཞག། ཇི་ལྟར་ཆོ་ག་ཞིབ་མོ་བཞིན། །ཕུན་སུམ་ཚོགས ་པའི་ཡོ་བྱད་བཞག། གནས་དང་གནས་སུ་དེ་བཞིན་བརྒྱན། དེ་འོག་སློབ་དཔོན་བདག་ཉིད་ཀྱི། །ཁྲུས་ཀྱི་ཆོ་ག་བྱས་ནས་ཀྱང། །རང་གི་སྙིང་པོ་སྔགས་ཀྱིས་ནི། །ཐམས་ཅད་ཡན་ལག་སྔགས་ཀྱིས་བྱས། །བསྙུང་བས་བྱང་ཆུབ་སེམས་ལྡན་པས། ་ཇི་ལྟར་རིམ་པས་བསྐྱེད་ནས་ཀྱང། །འཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད། །སྔགས་བརྗོད་པས་ནི་སྤྱན་དྲངས་ནས། །རང་གི་སྙིང་པོས་བཞུགས་སུ་གསོལ། །ཡི་དགས་ཀྱི་ནི་སྤྱི་བོར་ཡང། །མེ་ཏོག་དམར་པོ་བཞག་པར་བྱ། །བློ་ལྡན་གྱིས་ནི་ཁྲོ་བོ ་ལའོ། །དེ་ནས་ཙན་དན་དམར་པོ་དབུལ། །ཙན་དན་གྱིས་ནི་གཏོར་བ་ཡི། །མེ་ཏོག་སྔགས་ཀྱིས་དབུལ་བར་བྱ། །དེ་ནས་གཙོ་བོའི་སྙིང་པོས་དབུལ། །འབྱུང་པོའི་གཏོར་མ་ཁྲོ་བོ་ལ། །ཕུལ་ནས་ཡི་དགས་ཕལ་ཆེན་གྱི། །ཕྱི་རོལ་ཏུ་ནི་མཁས་པ་ཡིས། ་སྨེ་གཏོར་རྣམས་ཀྱང་དབུལ་བར་བྱ། །དེ་ནས་གཙོ་བོའི་སྙིང་པོ་ཉིད། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ཁྲོ་བོའི་གཙོ་ལ་ཕྱོགས་ནས་ནི། །དེ་ནས་ཡང་ནི་བདུག་པ་དབུལ། །ཆོ་གས་ཁྲུས་བྱས་སྙུང་བ་ཡི། །སློབ་མ་དག་གིས་བསོད་ནམས་ཀྱང། ་སྔགས་ཀུན་གྱིས་ནི་གཟི་བྱིན་བསྐྱེད། །ཁྲོ་བོ་ཡིས་ནི་སྙིང་པོ་ཡིས། །ལག་གཉིས་མེ་ཏོག་བྱིན་ནས་ནི། །གོས་ཀྱིས་གདོང་ནི་གཡོག་པར་བྱ། །ཁྲོ་བོའི་སྔགས་ཀྱིས་སྒོ་དྲུང་བཞག་བླ་མ་རྡོ་རྗེ་འཆང་གིས་ཀྱང། །མཚོགས་མ་སྤྱི་གཙུག་ལ་སོགས ་ལ། །སྔགས་རྣམས་མ་ལུས་བཞག་པར་བྱ། །བསང་གཏོར་སྔོན་འགྲོ་དེ་བཞིན་ཏེ། །རིན་ཆེན་གསེར་སོགས་ཡོན་མཆོག་དག་འབད་བས་བླ་མ་ལ་ཕུལ་ནས། །འཇུག་པའི་སྔོན་དུ་གསོལ་བ་གདབ། །འདི་ན་དངོས་གྲུབ་ཐོབ་པའི་རྒྱུ། །སངས ་རྒྱས་ཀུན་གྱི་རབ་སྤྲུལ་པའི། །བླ་མ་ལ་ནི་ཕྱག་འཚལ་ཏེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་དཀྱིལ་འཁོར་འཇུག་པར་འཚལ། །འཇམ་དཔལ་ཁྲོ་བོ་མི་ཟད་པ། །དེ་ཡི་དཀྱིལ་འཁོར་དམ་པ་མཆོག་ཡི་དགས་མང་པོ་ཞེས་བྱའི་ཕྱིར ་བདག་གིས་སློབ་མ་གཞུག་པར་བགྱི། །ོཾ་ཨཱ(རྒྱུད་འགྲེལ་སེམས་དཔའ་ཨི་ཚོགས། །འགྲོ་བ་མ་ལུས་པ་ཡི་སྐྱབས། བདག་ནི་གསུམ་ལ་སྐྱབས་སུ་མཆི། །དེ་ནས་སྐྱབས་ནི་གསུམ་པོ་དང། །དཀྱིལ་ནི་གཤིན་རྗེ་གཤེད་གཅིག་པུ། །དཔའ་བོ་ཁྲོ་བོ་མི་བཟད་པ། །དེ་དག་ཀུན་ལ་ཕྱག་འཚལ་ལོ། །དཀོན ་མཆོག་གསུམ་དང་ཁྲོ་བོ་ནི། །རྟག་ཏུ་བདག་ནི་མཆོད་པར་བགྱིད། བླ་མ་ལ་ཡང་དེ་བཞིན་དུ། །སྒོ་གསུམ་དང་བའི་སེམས་ཀྱིས་མཆོད། དཀྱིལ་འཁོར་ལ་མེ་ཏོག་གཏོར་རོ། ལུས་ཀྱི་ཉེས་པ་གསུམ་རྣམས་དང། །ངག་གི་བཞི་པོ་ཉེས་པ་སྤྱད།། ་ཡིད་ཀྱི་ཉེས་སྤྱད་གསུམ་པོ་སྟེ། །ལུས་ཀྱི་སྒྲིབ་པ་མ་ལུས་བཤགས། །སངས་རྒྱས་སྲས་བཅས་འཕགས་པ་ཡི། །ཐར་པར་བྱས་པའི་དགེ་བ་དང། །ཐམས་ཅད་ཐར་པར་གྱུར་པ་ཡི། །བདག་གཞན་དགེ་ལ་ཡི་རང་ངོ། །ས་བོན ་མཆོག་ལས་རང་བྱུང་བའི། །ཐར་པར་གྱུར་པའི་དགེ་བའི་ཚོགས། །སེམས་ཅན་མྱ་བ་ན་བཟླ་བའོ། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །ཕྱོགས་བཅུའི་ཞིང་རྣམས་དག་པ་ནི། །སེམས་ཅན་ཕན་ཕྱིར་གང་བཞུགས་རྣམས། །ཐབས ་གྱིས་མྱ་ངན་འདའ་བཞེད་པ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །མ་སྨིན་པ་རྣམས་སྨིན་པ་དང། །སྨིན་པ་གྲོལ་བར་བྱ་བའི་ཕྱིར། །དམ་ཆོས་བདུད་རྩི་འབྱུང་བ་ཡི། །གསུང་ནི་དུ་མ་བསྐྲག་པར་མཛོད། དེ་ནས་སློབ་དཔོན་གྱིས ་སྔར་གྱི་སྡོམ་པ་ཐམས་ཅད་བརྗོད་དེ་སྦྱིན་པར་བྱའོ། །སློབ་མས་ཁས་བླངས་པ་ཡི་བརྗོད་པས། །སྡོམ་པ་མ་ལུས་གཟུང་བར་བྱ། །དི་རིང་ཕན་ཆད་བུ་ཁྱོད་ནི། དེ་བཞིན་གཤེགས་པའི་རིགས་སུ་ཞུགས། །དེ་ཡིས་ཡེ་ཤེས་ཆེན་པོ་སྦྱིན ་དེ་ཡིས་དངོས་གྲུབ་མཆོག་ཐོབ་འགྱུར། །གང་དག་དཀྱིལ་འཁོར་མ་ཞུགས་ལ། གསང་བ་འདི་ནི་སྨྲ་བ་མིན། །བག་མེད་སེམས་ཀྱིས་སྨྲས་གྱུར་ན། །དངོས་གྲུབ་ཅུང་ཟད་ཐོབ་མི་འགྱུར། །དེ་ནས་དམ་ཚིག་ཆུ་གླུང་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཏུ ་དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འཐོབ། འཐུང་གཅིག་རྡོ་རྗེའི་དམ་ཚིག་ཡིན། དྲི་དང་མེ་ཏོག་ལྡན་པའི་ཆུས། ལག་པ་གཡས་པས་བླུད་པར་བྱས། །ོཾ་ཨཱ(རྒྱུད་འགྲེལ་པར་ཡིན་གྱིས། །ད་ཡིས་ཇི་ལྟར་བཀའ་སྩལ་མཆོག་།མཉན་དང་སྒྲུབ་པ་དག་ཀྱང་གྱིས། ཁྱོད་ནི་ནམ་ཡང་ང་ལ་ནི། །མ་དང་པ་ཡི་སེམས་རྣམས་སྤངས། །སློབ་མ་མོས་པ་མེད་པ་ཡི། དངོས་གྲུབ་རིང་བར་རྒྱལ་བས་གསུངས། །ཇི་ལྟར་དངོས ་གྲུབ་ཐོབ་མི་ཐོབ། །རྒྱུད་ལས་འབྱུང་བཞིན་སྤྲ་རྣམས་བརྟག་།ལས་ཀྱི་བྱ་བ་རབ་འཇུག་པ། རིམ་པ་འདི་ལས་ཤེས་པར་འགྱུར། །སློབ་མ་མཚན་ལྡན་ཉེས་སྐྱོན་མེད། །ཤིན་ཏུ་བཀྲུས་ཏེ་རྒྱན་གྱིས་བརྒྱན། །བའི་རྣམ་ལྔ་བླང་ནས་ནི། དེ་འོག་བསྙུང ་བར་གང་གནས་པ། །ཞིམ་པའི་དྲི་ཡིས་ལུས་ལ་བྱུག་།གོས་དང་རྒྱན་གྱིས་བརྒྱན་པར་བྱས། །ཤར་གྱི་ཕྱོགས་སུ་ཁ་བལྟས་ལ། །ཀུ་ཤའི་སྟན་ལ་གཞག་པར་བྱ། །དེའི་ལག་གཉིས་སྙིམ་པའི་ནང། །ཙན་དན་གཏོར་མའི་མེ་ཏོག་སྦྱིན། ། ཀར་ནག་པའི ་དུ་བས་ཀྱང། །དེ་ནས?་མྱུར?་དུ་སྔགས་བརྗོད་དེ། །སྒྲུབ་པའི་ཆོ་ག་འདི་ཡིས་ནི། །སྣོད་ལ་དབབ་པའི་ལས་བྱའོ། །ོཾ་ཨ་ཀྲི་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཡ་མནྟ་ཀ་གྷཱི་ཧྣ་ཨ་བེ་ཤ་ཧཱུཾ་ཕཊ། །སྣོད་ལ་བབས་གྱུར་དེ་ནས་ནི། །དགེ་དང་མི་དགེ་དྲི་བར ་བྱ། །འབྱུང་འབྱུང་བ་གདོན་པར་སྨྲ། །སེམས་ཅན་ཆེན་པོ་འདི་གྱིས་ལ། །འདི་མིན་ཞེས་ནི་བརྗོད་པར་བྱེད། དེ་ནས་ཁྲོ་བོ་མཆོག་དེ་ལ། །མེ་ཏོག་ལྡན་པའི་ཨརྒ་དབུལ། །དེ་ནས་བདེ་གཤེགས་བསྟན་པ་ཡི། །དམ་ཚིག་ཀྱང་ནི་བསྟན་པར་བྱ། །སྣོད་ ་ཀྱིས་ཐོས་ནས་དེ་ནས་སུ། །དེ་བཏང་ནས་ནི་ས་ལ་འགྱེལ། །རིག་པ་ཁྲོ་བོ་གཤིན་རྗེ་གཤེད། །གྲུབ་པ་དེ་ལས་བཞུད་བར་འགྱུར། །དེ་ལས་སློབ་མ་སྨེ་ཏོག་ནི། །གཤིན་རྗེ་གཤེད་ལ་གཏོར་བ་ནི། རང་གི་སྲིང་པོས་མེ ་ཏོག་ཉིད་།དཀྱིལ་འཁོར་ལ་ནི་གཏོར་བར་བྱ། །ོཾ་ཨཱ(རྒྱུད་འགྲེལ་ཁྱོད་ནི་ནན་ཏན་མིག་བྱེ་སྟེ། །ང་ཡིས་ཇི་བཞིན་མིག་ཕྱེ་བས། །མི་བཟད་དཀྱིལ་འཁོར་མཐོང་བར་གྱིས། །ོཾ་ཨཱ(རྒྱུད་འགྲེལ་ནས། །ལག་པ་གཡས་པ་ཆོ་ག་བཞིན། །ལེགས་པར་རབ་ཏུ་བཅིང་བར་བྱ། །རིག་འཛིན་དག་གིས་རྟག་བར་ནི། །ལག་པའི་སོར་མོ་ཐམས་ཅད་ཀྱིས། །མཐེ་བོང་ལེགས་པར་སྤས་ནས་ནི། །རབ་ཏུ་བསྔགས་པ་བཟང་པོ་བཅིང། །ཆོ ་ཁ་ཤེས་བས་བེ་ཅོན་རྒྱ། །སྙིང་པོ་སྔགས་སམ་སོགས་གཅིག་ཏུ། །སྔགས་པ་ཕྱག་རྒྱའི་སྔགས་ཀྱིས་བཅིང། གཞན་དུ་ཡང་ནི་མ་ཡིན་ཅན། །ོཾ་ན་མོ་བུདྡྷ། དྷརྨཱ་མཱ། སཾ་གྷེ་བྷཡ(རྒྱུད་འགྲེལ་ཤྲཱི་ར་ཧཱུཾ་ཧཱུཾ་ཕཊ། དེ་ལྟར་བེ་ཅོན་ཕྱག་རྒྱ་དང། སྔགས་བསྟན་ནས་དཀྱིལ་འཁོར་ཡང་ཡི་དགས་ཕྲེང་བ་ལ་སོགས་པ་ཐམས་ཅད་བསྟན་པར་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་ཀྱིས། །བསྟན་པའི་བཙོན་རྒྱ་བཅངས་ནས། །ལྷོ་ཕྱོགས ་སྒོ་ནས་སློབ་མ་ཡིས། །དྲི་སོགས་མཆོད་པ་མ་ལུས་དབུལ། །དེ་ནས་སྔགས་པ་དབང་བསྐུར་བ། །ཆུ་དང་མེ་ཏོག་བཅས་པ་ཡི། །སྙིང་པོ་བཏགས་པའི་བུམ་པ་ཡིས། །ཁྲོ་བོས་དབང་བསྐུར་མཆོག་སྦྱིན་ནོ། །ཾ་ཨ་ཀྲོ་ཏེ་ག་ཡ་མནྟ་ཀ་ཧ་ན་མ ་ཐ་བྷཉྫ་ཧཱུཾ་ཕཊ། །དེ་ནས་ཁྲོ་བོའི་སྙིང་པོ་ཡིས། །ཆོ་ག་བཞིན་དུ་དབང་བསྐུར་ལ། །བདུག་བ་མེ་ཏོག་ཕྲེང་ལྡན་པར། །སྙིང་པོ་དེ་ལ་སྦྱིན་པར་བྱ། །ོཾ་ཨ་ཀྲོ་ཏེ་ཀ་ཡ་ལ་སོགས། །སྔགས་ཀྱི་དོན་ནི་བཅུ་བདུན་པ། །ཁྲོ་བོ་དེ་ཉིད་ཀྱིས་གསུངས་པ། །དི་རིང་ཕན ་ཆད་བུ་ཁྱོད་ཀྱིས། །ཁྲོ་བོ་དྲན་པར་བྱ་ཞིང་བཟླས། །གཞན་ཡང་སྔགས་ཀྱིས་སྤྱོད་པའི་མཆོག་།བསྙུང་བར་བྱང་ཆུབ་སེམས་ལྡན་ལས། །སྐྱེ་བོ་མེད་པའི་ནགས་ཚལ་དུ། །རུ་རག་ཤའི་ཕྲེང་ཐོགས་ཤིང། །ལག་པ་དྲི་ཡིས་བྱུགས་ནས་ཀྱང། །ཐེ་ཚོམ ་མེད་བར་འགྲུབ་པར་འགྱུར། །འཇིག་རྟེན་ལྷ་ལ་ཕྱག་མི་གསལ། །གླང་པོ་ལ་ཡང་ལམ་མི་གཟུར། །རྒྱལ་པོ་ལ་ཡང་ཕྱག་མི་འཚལ། །བགྲོད་དགའ་བ་ནས་འགྲོད་པར་བྱེད། །ཁྲོ་བོ་འབའ་ཞིག་སེམས་བྱེད་ཅིང། །སྤྱོད་དང་བརྟུལ་ཞུགས་བརྟན་པར་གྱིས། ་ཞེས་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་སློབ་མ་དབང་ཐོབ་སྟེ། །གཤིན་རྗེ་གཤེད་ནི་ཁྲོ་བོ་ཡི། །ཚུལ་ལས་བདག་ནི་དོན་མོད་དེ། །ལྷ་ཁྱོད་ཀུན་ལ་བདེ་མཛད་པ། །ཁྲོ་བོ་ཁྱོད་ནི་བདག་གིས་མནོས། །དེ་ནས་སློབ་མས་ཕྱག་བྱས་ཏོ། །ཅི་ནུས ་ཡོན་མཆོག་དབུལ་བར་བྱ། །སྔགས་པས་བླ་མ་ཆོད་བྱས་ནས། །དངོས་གྲུབ་འགྲུབ་འགྱུར་གཞན་དུ་མིན། །སློབ་མ་སྙིང་པོ་བྱིན་ནས་ནི། །ཕྲེང་བ་ཙན་དན་ལ་སོགས་པ། །མཚོན་ནས་དེ་ཡི་འོག་ཏུ་ནི། །ཕྱི་རོལ་ཏུ་ནི་སྔར་བཞག་པའི། །དྲི ་ཆུ་ལ་སོགས་བཀང་བའི་སྣོད། །དེ་ནས་མཆོད་པ་ཕུལ་ནས་ནི། །འཇམ་དབྱངས་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་སླར་ཡང་བཏང། །དེ་བཏང་བའི་འོག་ཏུ་ནི། །དཀྱིལ་འཁོར་དུ་ཡང་མཆོད་ཡོན་དབུལ། །རྒྱ་ཆེར་ས་ཡི་དཀྱིལ་འཁོར་ནི། །དངོས ་གྲུབ་མཚུངས་མེད་འདོད་པ་ཡི། །རིག་སྔགས་འཆང་གིས་དེ་ལྟར་ནི། །མཆོད་པ་དེ་ལྟར་ལེགས་པར་བྱ། སྣོད་ནི་གསེར་སོགས་རིན་ཆེན་དུ། །ཚན་རྩི་ལེགས་པར་བསྡུ་བར་བྱས། །གཙང་མའི་ཆུ་བོ་ལ་སོགས་བོར། །ཕྱི་ནས་ཀྱང་ནི་རྣམ་ལྔས ་བྱུག་།ཚུལ་ཆེན་རྒྱུད་ལས་གསུངས་པ་ཡི། །དཀྱིལ་འཁོར་འཇུག་པའི་ཆོ་ག་བྱས། །ཅུང་ཟད་དགེ་བ་གང་ཐོབ་འདིས། །འཇམ་དཔལ་ཁྲོ་བོའི་གནས་ཐོབ་ཤོག། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་དཀྱིལ ་འཁོར་གྱི་ཆོ་ག། སློབ་དཔོན་དོན་ཡོད་པའི་ཞབས་ཀྱིས་མཛད་པ་རྫོགས་སོ། ། *། (།བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་པོའི་སྦྱིན་སྲེག་གི་ཆོ་ག་བཞུགས་སོ།།)་།།*། །རྒྱ་གར་སྐད་དུ། བྷ ་